Skip to main content Skip to search
'khon dkon mchog rgyal po/
ID:
T22760
  • འཁོན་དཀོན་མཆོག་རྒྱལ་པོ (Tibetan, Tibetan script, Original)
    • > 'khon dkon mchog rgyal po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khönkön chokgyelpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

2. dung dkar bod rig pa'i tshig mdzod chen mo

དཔལ་ལྡན་ས་སྐྱ་བའི་གདུང་རྒྱུད་ཀྱི་ཐོག་མ་ཡིན། ཡབ་འཁོན་ཤཱཀྱ་བློ་གྲོས་ཀྱིས་སྐུ་ཚེའི་སྨད་དུ་གཡའ་ལུང་མཁར་སྟབས་བཟུང་ནས་སྲས་གཉིས(ཆེ་བ་འཁོན་རོག་ཤེས་རབ་ཚུལ་ཁྲིམས་དང་ཆུང་བ་དམ་པ་འདི་ཡིན)རབ་བྱུང་དང་པོའི་ཤིང་ཁྱི(༡༠༣༤)ལོར་སྐུ་འཁྲུངས། (འདིར<<ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད>>ལྕགས་དཔར་མའི་ཤོག་གྲངས༡༨པར་ཤིང་ཕོ་བྱི་བ་ལ་འཁྲུངས་ཞེས་པ་དེ་མ་དག)གཞོན་ནུའི་དུས་སུ་ཡབ་དང་གཅེན་ལས་གསང་སྔགས་སྔ་འགྱུར་གྱི་ཆོས་མང་དུ་གསན། དེ་ནས་ཐེངས་གཅིག་འབྲོ་ཡི་ལུང་པར་སྟོན་མོ་ཆེན་པོ་ཞིག་བྱུང་བར་གཟིགས་སུ་བྱོན་པས། ལྟད་མོའི་ནང་སྔགས་པ་ཁག་གཅིག་གིས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་མགོ་བརྙན་གྱོན། ལག་ཏུ་ཕྱག་མཚན་ཁྱེར། མ་མོ་རལ་པ་ཅན་གྱིས་རྔ་སྟབས་དང་བཅས་ཏེ་འཆམས་འཁྲབ་ཀྱིན་འདུག་པ་དེ་ཡི་གནས་ཚུལ་གཅེན་ལ་ཞུས་པས་ཡང་སྔགས་གསང་ནས་བྱ་དགོས་པ་ཁྲོམ་དཀྱིལ་དུ་ལྟད་མོའི་ཆེད་དུ་འཁྲབ་པ་འདི་གསང་སྔགས་འཆོལ་པ་བྱ་བ་ཡིན། ད་ཁྱོད་རང་གསང་སྔགས་གསར་མ་སློབ། དེང་སང་འབྲོག་མི་ལོ་ཙཱ་བ་མཁས་པས་དེའི་སར་རྒྱུགས་ཅིག་གསུངས་པ་ལྟར་འབྲོག་མིའི་དྲུང་དུ་ཕེབས་ཏེ་གསང་སྔགས་གསར་མ་དང༌། ལམ་འབྲས་རྨན་ངག་དང་བཅས་པ་ཆ་ཚང་བར་གསན་ནས་སློབ་མའི་གཙོ་བོ་ལྔའི་གྲས་སུ་གྱུར། གཞན་ཡང་མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས། བ་རི་ལོ་ཙཱ་བ། པུ་ཧྲེངས་ལོ་ཙཱ་བ། གནམ་ཁའུ་པ་སྐུ་མཆེད་སོགས་བླ་མ་མང་པོའི་དྲུང་ནས་གསང་སྔགས་གསར་མའི་ཆོས་བཀའ་རྒྱ་ཆེར་གསན། དེ་ནས་ཉིན་ཅིག་སྐྱོ་སངས་དང་ཆབས་ཅིག་རི་རྩེར་བྱོན་ནས་གཟིགས་པས་དབོན་པོ་རི་ཡི་དབྱིབས་གླང་པོ་ཆེ་ཉལ་བ་འདྲ་བའི་མཁལ་ཁུལ་ན་ས་དཀར་ཞིང་སྣུམ་པ། ཆུ་གཡས་ཕྱོགས་སུ་འབབ་པ་སོགས་ས་དཔྱད་བཟང་བར་གཟིགས་ཏེ་དེའི་རྒྱུད་ཀྱི་ས་ཆའི་བདག་པོ་ཇོ་བོ་གདོང་ནག་པ་ལ་ས་ཆ་གནང་བར་ཞུས་པས་ས་ཆ་ཕུལ་ཞིང་ཐད་ཀའི་བདག་པོ་ཞང་ཞུང་གུ་ར་བ་དང༌། བརྗེ་གྲོང་བཞི། ལྷ་མི་གྲོང་བདུན་ཟེར་བ་དེ་རྣམས་ལ་གསུངས་པས་ཁོང་རྣམས་ཀྱིས་ཀྱང་ས་རིན་མི་དགོས་པར་ཕུལ་བས། ཁྱེད་རྣམས་ཀྱིས་ང་ལ་ས་ཆའི་རིན་མི་དགོས་པར་ཕུལ་བ་དེ་ཐུགས་རྗེ་ཆེ་ཡང་ཕུགས་སུ་བརྟན་པའི་ཆེད་ངས་རིན་སྣེ་སེལ་ཙམ་འིག་འབུལ་རྒྱུ་ཡིན་པས་ལེན་དགོས་གསུངས་ཏེ་རྒོད་མ་དཀར་མོ་གཅིག ནོར་བུའི་ཕྲེང་བ་གཅིག མོ་གོས་གཅིག་ལ་སོགས་པ་གནང་ནས། མོན་གྲོག་མན་ནས་འབལ་གྲོག་ཡན་བླ་མ་ཉིད་ལ་བདག་པའི་ཁས་ལེན་ཞུས། དགུང་ལོ་བཞི་བཅུ་པ་རབ་བྱུང་དང་པོའི་ཆུ་གླང(༡༠༧༣)ལོར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ཕྱག་བཏབ། བདག་མོ་སྔ་མ་རྡོ་རྗེ་ཕྱུག་མོ་ལ་སྲས་མ་བྱུང་བར་བརྟེན། བླ་མ་གནམ་ཁའུ་པས་ལུང་བསྟན་པ་ལྟར་མ་གཅིག་ཞང་མོ་བདག་མོར་གསང་བའི་སྒོ་ནས་བཞེངས་པས་སྲས་ས་ཆེན་ཀུན་དགའ་སྙིང་པོ་སྐུ་འཁྲུངས། དེའི་གནས་ཚུལ་བདག་མོ་བགྲེས་པས་མཁྱེན་རྗེས་མཉེས་ཚོར་ཆེན་པོས་ས་སྐྱའི་མདུན་གྱི་མཆོད་ཞིང་མ་གཏོགས་པའི་མཆོད་གཞིས་ནོར་རྫས་གང་ཡོད་མ་གཅིག་ཞང་མོ་ཡུམ་སྲས་ལ་ཕུལ་ནས་འཁོན་སྟོན་མཆོག་གིས་ལོ་སུམ་ཅུ་ཐམ་པའི་རིང་ས་སྐྱའི་གདན་ས་མཛད་ནས་འབྲོག་མི་ལོ་ཙཱ་བ་ནས་བརྒྱུད་པའི་ལམ་འབྲས་གཙོ་བོར་བཟུང་བའི་ཆོས་བཀའ་དར་སྤེལ་མཛད། དགུང་ལོ་རེ་དགུ་པ་རབ་བྱུང་གཉིས་པའི་ཆུ་རྟ(༡༡༠༢)ལོར་སྒོ་རུམ་དུ་སྐུ་གཤེགས། སྐུ་གདུང་རིལ་པོར་བཞུགས་པའི་མཆོད་རྟེན་འཁོན་སྐུ་འབུམ་དུ་གྲགས་པ་གདན་ས་བྱང་གི་ནང་རྟེན་དུ་བཞུགས། ལོ་རྒྱུས་རྣམ་ཐར་སྐོར་བདག་ཆེན་ཨ་མྱེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི<<ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད>>ལྕགས་དཔར་མའི་ཤོག་གྲངས༡༨ནས༢༥བར་གསལ།

language:
Tibetan

3. Thupten Phuntsok Dictionary

དཔལ་ས་སྐྱ་པའི་གདུང་རྒྱུད་ཀྱི་ཐོག་མ་ཡིན། ཡབ་འཁོན་ཤཱཀྱ་བློ་གྲོས་ཀྱིས་སྐུ་ཚེའི་སྨད་དུ་གཡའ་ལུང་མཁར་སྟབས་བཟུང་ནས་སྲས་གཉིས (ཆེ་བ་འཁོན་རོག་ཤེས་རབ་ཚུལ་ཁྲིམས་དང་ཆུང་བ་དམ་པ་འདི་ཡིན) རབ་བྱུང་དང་པོའི་ཤིང་ཁྱི (༡༠༣༤) ལོར་སྐུ་འཁྲུངས། དགུང་ལོ་བཞི་བཅུ་པ་རབ་བྱུང་དང་པོའི་ཆུ་གླང (༡༠༧༣) ལོར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ཕྱག་བཏབ། དགུང་ལོ་རེ་དགུ་པ་རབ་བྱུང་གཉིས་པའི་ཆུ་རྟ (༡༡༠༢) ལོར་སྒོ་རུམ་དུ་སྐུ་གཤེགས། སྐུ་གདུང་རིང་པོར་བཞུགས་པའི་མཆོད་རྟེན་འཁོན་སྐུ་འབུམ་དུ་གྲགས་པ་གདན་ས་བྱང་གི་ནང་རྟེན་དུ་བཞུགས།

language:
Tibetan

4. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དང་པོའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1034 ལོར་གཡའ་ལུང་མཁར་སྟབས་སུ་འཁོན་ཤཱཀྱ་བློ་གྲོས་སྲས་སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ 1102 ལོར་སྒོ་རུམ་དུ་སྐུ་གཤེགས། སྐུ་གཞོན་ནུའི་དུས་སུ་ཡབ་དང་གཅེན་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ལས་དབང་བཤད་དང་མན་ངག་མང་དུ་གསན་ཞིང་གསང་སྔགས་རྙིང་མ་ལ་མཁས་པར་སྦྱངས། རྗེས་སུ་གསང་སྔགས་གསར་མ་ལའང་མཁས་པར་བསླབས། དེ་ནས་འཁྱིན་ལོ་ཙཱ་བ་ལས་ཀྱེ་རྡོ་རྗེའི་དབང་ཞུས། རྒྱུད་གསན། འབྲོག་མི་ལོ་ཙཱ་བ་ལས་རྒྱུད་གསུམ་གྱི་བཤད་པ་རྒྱས་པར་གསན་ནས་བཤད་བཀའ་འཛིན་པའི་བུ་ཆེན་ལྔའི་ནང་ནས་མཆོག་ཏུ་གྱུར། འགོས་ལོ་ཙཱ་བ་ལས་གསང་འདུས་ཀྱི་སྐོར་དང་། ཨོ་རྒྱན་གྱི་པཎྜི་ཏ་ཤེས་རབ་ལས་ཐིག་ལེ་ལྔའི་སྐོར། རྨ་ལོ་ཙཱ་བ་ལས་བདེ་མཆོག་དང་གྲུབ་སྙིང་གི་སྐོར་སོགས་གསན། གཞན་ཡང་མལ་ལོ་ཙཱ་བ་དང་། བ་རི་ལོ་ཙཱ་བ། པུ་ཧྲང་ལོ་ཙཱ་བ། གནམ་ཁའུ་པ་སྐུ་མཆེད། འཁོན་སྐྱི་ཆུ་བ། སྐྱུ་ར་ཨ་སེང་སོགས་བླ་མ་དམ་པ་མང་པོ་ལས་སེམས་བསྐྱེད་དང་། དབང་བཤད་མན་ངག་མཐའ་ཡས་པ་གསན་ནས་གསང་སྔགས་གསར་རྙིང་མཐའ་དག་གི་བདག་པོར་གྱུར། དེ་ནས་ཞང་ཡུལ་འཇག་གཤོང་དུ་[234]བྱོན་ནས་ཡབ་དང་གཅེན་གྱི་ཕྱི་རྟེན་བཞེངས། བྲ་བོ་ལུང་པར་དགོན་ཆུང་ཞིག་བཏབ་ནས་ལོ་འགར་བཞུགས་པས་དེ་ལ་ས་སྐྱ་གོག་པོར་གྲགས་སོ། དེ་ནས་དཔོན་པོ་རི་གླང་པོ་ཆེ་ཉལ་བ་འདྲ་བའི་མཁལ་ཁུང་གཡས་པའི་ཐད་དུ་ས་དཀར་ཞིང་སྣུམ་པ་དང་། ཆུ་བོ་གཡས་སུ་འབབ་པ་སོགས་བཀྲ་ཤིས་དང་དགེ་མཚན་དུ་མ་དང་ལྡན་པར་གཟིགས་ཏེ། དེར་དགོན་པ་ཞིག་འདེབས་པར་དགོངས་ནས་ས་ཆ་སྤྱིའི་བདག་པོ་ཇོ་བོ་གདོང་ནག་པ་ལ་གནང་བ་ཞུས། སྒོས་ཀྱི་བདག་པོ་ཞང་ཞུང་གུ་ར་བ་དང་། བནྡེ་གྲོང་བཞི། ལྷ་མི་གྲོང་བདུན་ཟེར་བ་དེ་རྣམས་ལ། རྟ་རྒོད་མ་དཀར་མོ་གཅིག་དང་། ནོར་བུའི་ཕྲེང་བ། མོ་གོས་གཅིག་སོགས་གནས་ནས་ས་དེ་ཉོས། དགུང་ལོ་སོ་དགུ་པ་སྟེ་སྤྱི་ལོ 1073 ལོར་ས་སྐྱའི་དགོན་པ་བཏབ། དེ་ནས་བཟུང་འཆད་ཉན་གྱིས་དུས་འདའ་བར་མཛད། ཁོང་ནི་འཁོན་ས་སྐྱ་པ་ཞེས་གྲགས་པའི་ཐོག་མ་སྟེ་ས་སྐྱའི་བསྟན་པའི་མེས་པོ་ཡིན།།

language:
Tibetan