- glo mig
- ID:
- T227210
- གློ་མིག (Tibetan, Tibetan script, Original)
- > glo mig (Tibetan, Latin script, Transliteration-THL Extended Wylie Transliteration)
- > lo mik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བྱེད་ལས་ལ་བལྟོས་ནས་བཏགས་པའི་གྲེ་བ་དང་ཨོལ་ཀྲོང་གི་བར་ན་གནས་པའི་ཕྲུམ་རུས་ཨོལ་མདུད་ཀྱང་ཟེར་བ་དེའི་མིང་སྟེ། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག་ལས། ཨོལ་ཀྲོང་དང་གློ་མིག་འབྲེལ་ནས་གྲེ་བའི་འོག་ན་གནས། ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། གློ་མིག་ནི། གྲེ་བ་དང་ཨོལ་ཀྲོང་གི་བར་ན་གནས་པའི་ཕྲུམ་རུས་ཨོལ་མདུད་ཀྱང་ཟེར་བ་དེའོ། །དེས་ཟས་སྐོམ་ཁོང་དུ་བསྟེན་པ་དང་སྐད་འབྱིན་པའི་ཚེ་མིག་གདང་འཛུམ་བྱེད་པ་ལྟར་འགུལ་བས་ན་དེ་ལྟར་དུ་གྲགས་སོ། རྒྱུད་དུ་གློ་གཅོང་གློ་མིག་ལུད་པའི་གཅོང་འདྲིལ་བས། ཨ་ཀྲོང་ལུམས་སམ་སྨན་ཆུ་ཆུ་ལུམས་བསྟེན། ཞེས་གསུངས་པའང་ཨོལ་མདུད་ཕྱི་ནས་ལུམས་རྫས་བདུག་དགོས་པའི་དོན་ཡིན་ནོ། །གཞན་ཡང་སྐབས་འགར་གློ་བའི་སྦུབས་ཀྱི་རྩ་མིག་རྣམས་ཀྱི་མིང་དུ་གོ་དགོས་པའང་མཆིས་སོ།
- language:
- Tibetan