Skip to main content Skip to search
gong ma bkwang zhus
ID:
T226592
  • གོང་མ་བཀྭང་ཞུས (Tibetan, Tibetan script, Original)
    • > gong ma bkwang zhus (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gongma kang shyü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(光绪)རང་རྒྱལ་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་དགུ་པ་ཡིན། དེ་གོང་གི་གོང་མ་ཐུང་ཁྲི(同治)ལ་རིགས་སྲས་མེད་པ་དང༌། གོང་མའི་སྐྱེས་མ་ཚི་ཤིས་ཐའི་ཧོའུ(慈禧太后)ཡི་གཅུང་མོའི་བུ་ཡིན་པར་བསྙད་དེ་གཤམ་འོག་གི་བློན་ཆེན་ཚོས་ངོ་རྒོལ་བྱེད་པར་མ་ལྟོས་པར་གོང་མའི་ཁྲིར་བཀོད། སྐབས་དེར་ལོ་ལྔ་ལས་མ་སོན་པའི་བྱིས་པ་ཡིན་སྟབས། རྨོ་བོ་ཚི་ཤིས་ཐའི་ཧོའུ་ཡིས་ལོ་བཅུ་གཉིས་རིང་ནང་དོན་གྱི་དབང་ཆ་བཟུང༌། དགུང་ལོ་བཅུ་བདུན་ལ་སླེབས་པ་ནས་རང་ཉིད་ངོ་མས་སྲིད་དབང་བཟུང༌། དགུང་ལོ་ལྔ་ལ་གོང་མའི་ཁྲིར་འཁོད་པ་ནས་རྩིས་ན་རབ་བྱུང་བཅོ་ལྔ་པའི་ཤིང་ཕག་(༡༨༧༥)ལོ་ནས་ས་སྤྲེལ(༡༩༠༨)བར་ལོ་སུམ་ཅུ་སོ་བཞི་རིང་སྲིད་དབང་བཟུང༌། གོང་མའི་ཁྲིར་འཁོད་པའི་ལོ་གཉིས་པ་ནས་ཁྲི་ལོའི་མིང་བཀྭང་ཞུས་ཞེས་བཏགས་པ་རྗེས་སུ་གོང་མའི་མིང་ཚབ་ཏུ་གྱུར་ཅིང༌། མིང་ངོ་མ་ཙའི་ཐིན(载恬)ཟེར། འདིས་དངོས་སུ་སྲིད་དབང་བཟུང་ནས་ལོ་ཉི་ཤུ་པ་ཤིང་རྟ(༡༨༩༤)ལོ་ནས་བཟུང་ཀྲུང་གོ་དང་རི་པིན་བར་དམག་འཁྲུག་བྱུང་སྟེ་ཀྲུང་གོར་གནོད་འཚེ་ཆེན་པོ་ཕོག་པར་བརྟེན། དེའི་ཕྱི་ལོ་ནས༡༨༩༨ལོ་བར་ཁང་ཡིའུ་ཝེ(康有为)སོགས་ཀྱིས་སྤེལ་བའི་ལེགས་བཅོས་རིང་ལུགས་ཀྱི་ལས་འགུལ་ཟེར་བ་བྱུང་སྐབས་གོང་མ་བཀྭང་ཞུས་ཀྱིས་རྒྱབ་སྐྱོར་གྱི་བཀའ་རྒྱ་ཁྱབ་བསྒྲགས་བྱས་པར་བརྟེན། རྙིང་སྲུང་ཕྱོགས་ཁག་རྣམས་ཀྱིས་དེར་འཁོན་འཛིན་ཆེན་པོ་བྱས་ཏེ་ཚི་ཤིས་ཐའི་ཧོའུ་དང་རྙིང་ཞེན་ཕྱོགས་ཁག་ཡིན་པའི་བློན་ཆེན་ཏུང་ལུའུ་གཉིས་གསང་གྲོས་ཐོག་གོང་མ་བཀྭང་ཞུས་ཐེན་ཅིན་དུ་དམག་མི་གསར་པར་གཟིགས་ཞིབ་ཀྱི་གོ་སྐབས་དང་བསྟུན་ནས་སྲིད་འགྱུར་བསླངས། གོང་མ་བཀྭང་ཞུས་ཀྱིས་གནས་ཚུལ་དེ་ཤེས་རྗེས་ཁང་ཡིའུ་ཝེ་སོགས་ལ་གསང་བའི་བརྡ་ལན་བསྐྱལ་ཐོག གང་མགྱོགས་ལས་འགུལ་ལག་བསྟར་བྱེད་དགོས་པའི་ལྕགས་བསྐུལ་བཏང་བར་བརྟེན། ཁང་ཡིའུ་ཝེ་སོགས་ཀྱིས་ཡོན་ཧྲི་ཁའི(袁世凯)སོགས་ཀྱི་སར་མངགས་ནས་ལེགས་བཅོས་ལས་འགུལ་དེར་དྲག་པོའི་ཐོག་ནས་རྒྱབ་སྐྱོར་ཡོང་བའི་རེ་བསྐུལ་དང༌། བློན་ཆེན་ཏུང་ལུའུ་སྲོག་ཐོག་གཏོང་རྒྱུ། ཚི་ཤིས་ཐའི་ཧོའུ་བཟང་བཙོན་དུ་བཀག་ཉར། གོང་མ་བཀྭང་ཞུས་སྲུང་སྐྱོབ་བཅས་བྱེད་རྒྱུའི་འཆར་གཞི་བཏོན་པར་ཡོན་ཧྲི་ཁའི་ནས་དེ་དོན་ལག་བསྟར་བྱེད་རྒྱུའི་ཁས་ལེན་བྱས་ཀྱང་ལྐོག་ཏུ་དེ་སྐོར་བློན་ཆེན་རུང་ལོའུ་ལ་གསང་བརྡ་བསྐྱལ་བས་ཚི་ཤིས་ཐའི་ཧོའུ་གིས་གནས་ཚུལ་དེ་དག་གསལ་པོར་ཤེས་པ་དང༌། གོང་མ་བཀྭང་ཞུས་ཀྱིས་ཀྱང་དེ་སྐོར་ཤེས་མ་ཐག་ཁང་ཡིའུ་ཝེ་སོགས་སྲོག་ཉེན་ལས་སྐྱོབ་ཐབས་བྱས། ཚི་ཤི་ཐའི་ཧོའུ་ཡིས་གོང་མ་བཀྭང་ཞུས་ལ་དེ་སྔོན་ལེགས་བཅོས་ལས་འགུལ་ལ་རྒྱབ་སྐྱོར་བྱས་པའི་བཀའ་ཡིག་ཕྱིར་འཐེན་གྱི་ཡི་གེ་འབྲི་རུ་བཅུག་ཐོག། ་དང་བསྟུན་ནས་གོང་མའི་དབང་ཆ་ཕྲོགས་པ་དང་གོང་མ་བཀྭང་ཞུས་བཟང་བཙོན་དུ་བཅུག ཕྱི་ནས་འབྲེལ་བ་གང་ཡང་བྱེད་མི་ཆོག་པའི་དམ་བསྒྲགས་ནན་པོ་བྱས་ཏེ་བཞག་ཅིང༌། གོང་མ་བཀྭང་ཞུས་ཀྱིས་བློས་ཁེལ་བའི་བཙུན་མོ་ཀྲེན་ཧྥི་ཡང་བཙོན་འཇུག་བྱས། ཁང་ཡིའུ་ཝེ་དང༌། ལེའང་ཆི་ཁྲའོ་གཉིས་ཕྱི་རྒྱལ་དུ་བྲོས་ཤིང༌། ཐིའན་སི་ཐུང་སོགས་མི་དྲུག་སྲོག་ཐོག་ཏུ་བཏང་བ་བཅས་ས་ཁྱི་ལོའི་ལེགས་བཅོས་ལས་འགུལ་བྱུང༌། གོང་མ་བཀྭང་ཞུས་ནི། ཚི་ཤིས་ཐའི་ཧོའུ་ཡི་བློས་འཁེལ་བའི་ཉུག་རུམ་པ་བཞིའི་ལྟ་རྟོག་ནན་པོའི་འོག་ལོ་གཉིས་རིང་བཙོན་ཁང་དུ་སྡོད་དགོས་བྱུང༌། རབ་བྱུང་བཅོ་ལྔ་པའི་ས་སྤྲེལ(༡༩༠༨)ལོར་གོང་མ་བཀྭང་ཞུས་ནད་གཞི་ལྗིད་པོ་ཕོག་ཏེ་གཟུགས་པོ་ཡོངས་རྫོགས་སྦྲིད་པ་དང་སེམས་ཁམས་ཀྱང་མི་བདེ་བར་གྱུར་ཡོད། ལོ་དེར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་སོག་ཡུལ་བརྒྱུད་ནས་པེ་ཅིན་དུ་གོང་མ་བཀྭང་ཞུས་དང་མཇལ་ཕྲད་གནང་སྐབས་གོང་མ་ནི་གཡས་གཡོན་གཉིས་ནས་ཞབས་ཕྱིས་སྐྱོར་ཏེ་བཞེངས་བཞུགས་གནང་དགོས་པ་ཞིག་ཡོད་ཚུལ་རྣམ་ཐར་ཁག་གི་ནང་གསལ་ཞིང༌། དེ་ནས་མི་རིང་བར་གོང་མ་དང༌། ཚི་ཤིས་ཐའི་ཧོའུ་གཉིས་སྔ་རྗེས་སུ་འདས། གོང་མ་བཀྭང་ཞུས་འདས་སྐབས་རང་ལོ་སུམ་ཅུ་སོ་བརྒྱད་ཡིན། བང་སོ་ནི་ཁྲུང་ལིང(དེང་སང་ཧོ་པེ་ཞིང་ཆེན་གྱི་ཡི་ཤན་ནུབ་བརྒྱུད་ལེ་དབར་ལྔ་བཅུ་སར་ཐའི་ཉིང་ཀྲེན་ཡུང་ཉིང་ཧྲན)ལ་ཡོད། གོང་མ་འདི་ཡི་ལོ་རྒྱུས་མདོར་བསྡུས་ཙམ<<ཀྲུང་གོའི་རྒྱལ་རབས་རིམ་པའི་གོང་མའི་ལོ་རྒྱུས་ཕྱོགས་བསྒྲིགས>>ཤོག་གྲངས༩༥༥ནས་༩༥༩བར་གསལ།

language:
Tibetan

2. Thupten Phuntsok Dictionary

གོང་མ་བཀྭང་ཞུས་དགུང་ལོ་ལྔ་ལ་གོང་མའི་ཁྲིར་འཁོད་པ་ནས་རྩིས་ན་རབ་བྱུང་བཅོ་ལྔ་པའི་ཤིང་ཕག (༡༨༧༥) ལོ་ནས་ས་སྤྲེལ (༡༩༠༨) བར་ལོ་སུམ་ཅུ་སོ་བཞི་རིང་སྲིད་དབང་བཟུང་།

language:
Tibetan