Skip to main content Skip to search
gangs ris bskor ba'i ljongs
ID:
T226286
  • གངས་རིས་བསྐོར་བའི་ལྗོངས (Tibetan, Tibetan script, Original)
    • > gangs ris bskor ba'i ljongs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gangri korwé jong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་ཀྱི་ལྗོངས་སྤྱི་ནི་རི་བོ་གངས་ཅན(ཧི་མ་ལ་ཡ)གྱིས་མཐའ་བསྐོར་ནས་ཡོད་པས་བོད་ཀྱི་མིང་ལ་གངས་ཅན་ལྗོངས་དང་གངས་རིས་བསྐོར་བའི་ལྗོངས་ཟེར་གྱི་ཡོད། རི་བོ་གངས་ཅན་ནི་འཛམ་གླིང་ཐོག་མཐོ་ཤོས་དང༌། ཆེས་རིང་ཤོས་ཀྱི་རི་རྒྱུད་ཅིག་སྟེ། རང་རྒྱལ་གྱི་བོད་རང་སྐྱོང་ལྗོངས་ཀྱི་ནུབ་སྟེ་ཀརྨི་རའི་ཤར་ཕྱོགས་ནས་ཧིན་རྡུ། བལ་པོ། འབྲས་ལྗོངས་བརྒྱུད་འབྲུག་ཡུལ་གྱི་ཤར་ཕྱོགས་བར་བསྐྱངས་པའི་རིང་ཚད་ལ་སྤྱི་ལེ་༢༤༥༠ཙམ་དང༌། སྤྱིའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་དྲུག་སྟོང་བདུན་བརྒྱ་བཅོ་ལྔས་མཐོ་བ་ཡོད། དེའི་ནང༌ནས་ཆེས་མཐོ་ཤོས་ནི་གངས་རྒྱལ་མོ་མཐོན་མཐིང་ཡིན་ཅིང༌། དེ་ལ་ཡོངས་གྲགས་སུ་ཇོ་མོ་གླང་མ་ཟེར་ཞིང༌། དེ་ནི་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་བརྒྱད་སྟོང་བརྒྱ་མེད་བརྒྱད་བཅུ་གྱ་གཉིས་ཀྱིས་མཐོ་བ་ཡོད།

language:
Tibetan

2. Thupten Phuntsok Dictionary

མདོ་དབུས་མཐོ་སྒང་སྤྱིའི་མིང་།

language:
Tibetan