- mkhas btsun mi drug
- ID:
- T225949
- མཁས་བཙུན་མི་དྲུག (Tibetan, Tibetan script, Original)
- > mkhas btsun mi drug (Tibetan, Latin script, Transliteration-THL Extended Wylie Transliteration)
- > khetsün midruk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྔར་བོད་དུ་བསྟན་པ་ཕྱི་དར་སྐབས་བར་ཁམས་ཁུལ་དུ་ཐོག་མར་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གནང་ཐུབ་མཁན་དམར་གཡོ་གཙང་གསུམ་ལྟ་བུ་མཁན་སློབ་ཚད་ལྡན་བཞུགས་ཡོད་ཀྱང༌། ཁ་སྐོང་ལས་གྲལ་དུ་ཕེབས་མཁན་དགེ་འདུན་ཁ་གྲངས་ལོངས་པ་མེད་སྟབས་དེའི་རིང་ཟོག་པོ་མི་དྲུག(༡འལ་རྡོ་རྗེ་དབང་ཕྱུག ༢་སྣུབས་དཔལ་གྱི་དབང་ཕྱུག ༣སྤང་གོང་ཡེ་ཤེས་གཡུང་དྲུང༌། ༤ཅོག་རོ་ཤེས་རབ་བྱང་ཆུབ། ༥་ཤོང་ཆུང་པ་ཤེས་རབ་གྲགས་པ། ༦ཨན་འབར་བ་བྱང་ཆུབ་བཅས)གིས་གྲྭ་ཆས་ཙམ་གྱོན་པ་ལས་སྡོམ་པ་མེད་པའི་གྲྭ་གཟུགས་ཡིན་སྟབས་ཟོག་པོ་མི་དྲུག་ཅེས་ཐོགས་ཤིང༌། རྗེས་སུ་དགེ་འདུན་གྱི་ཁ་གྲངས་ལོངས་པ་རྙེད་ནས་བླ་ཆེན་དགོངས་པ་རབ་གསལ་གྱིས་མཁན་པོ་གནང་ནས་ཁོང་དྲུག་པོར་དགེ་ཚུལ་སློང་གི་སྡོམ་པ་གནང་རྗེས་མཁས་བཙུན་མི་དྲུག(འལ་དང་སྣུབས་གཉིས་ནི་མཁས་པ་ཡིན་པ་དང༌། སྤང་དང་ཅོག་རོ་གཉིས་མཁས་བཙུན་གཉིས་ལྡན། ཤོང་དང་ཨན་འབར་གཉིས་བཙུན་པ་ཡིན)ཅེས་བརྗོད་པ་ཡིན་ཚུལ<<མྱང་ཆོས་འབྱུང>>དུ་གསལ་ཞིང༌། <<ནེལ་པ་པཉི་ཏའི་ཆོས་འབྱུང>>ལྕགས་དཔར་མའི་གྲངས༣༦ནས༡༤བར་གོང་གསལ་ཆོས་འབྱུང་གི་བཤད་ཚུལ་དང་ཅུང་ཟད་མི་མཐུན་པ་ཡོད་ཅིང༌། གང་ལྟར་ཆོས་འབྱུང་དེ་གཉིས་ཀས་ཐོག་མར་ཟོག་པོ་མི་དྲུག་ཅེས་འབོད་པ་དེ་ཕྱིས་སུ་མཁས་བཙུན་མི་དྲུག་ཏུ་གྱུར་པའི་བཤད་ཚུལ་མཐུན་པར་ཡོད་པ་མ་ཟད། ཡོངས་གྲགས་སུ་དབུས་གཙང་མི་བཅུས་བླ་ཆེན་དགོངས་པ་རབ་གསལ་གྱི་དྲུང་ནས་སྡོམ་པ་ཞུས་པའི་བཤད་ཚུལ་ནོར་འཁྲུལ་ཡིན་པར་བཞེད་པ་གཅིག་མཐུན་དུ་ཡོད། མཁས་བཙུན་གཞོན་ནུ་གྲུབ། ཤངས་པབཀའ་བརྒྱུད་ཀྱི་བླ་མ་མཚན་སྙན་ཆེ་བ་ཞིག་སྟེ། མྱང་སྨད་ཀྱི་གཅུང་པ་ཡུ་བ་གདོང་དུ་ཡབ་རྒྱལ་པོ་ཚེ་འཕེལ་དང་ཡུམ་རྒྱལ་མོ་ཕྱེ་འདྲེན་གཉིས་ཀྱི་སྲས་སུ་འཁྲུངས། འཁྲུངས་ལོ་མི་གསལ། དགུང་ལོ་བཅུ་ལོན་པ་ན་སྣར་ཐང་གི་མཁན་ཆེན་མཆིམས་ནམ་མཁའ་གྲགས་ཀྱི་དྲུང་དུ་རབ་ཏུ་བྱུང༌། མཁན་ཆེན་ཆུ་མིག་པ་གྲགས་པ་བརྩོན་འགྲུས་བསྟེན་ནས་གཞུང་ཆེན་པོ་ལྔ་ལ་སྦྱངས་ཏེ་མཁས་པར་གྱུར་ཅིང༌། དགུང་ལོ་ཉི་ཤུ་ལོན་པ་ན་མཁན་ཆེན་ནམ་མཁའ་གྲགས་ཀྱི་དྲུང་ནས་བསྙེན་རྫོགས་བཞེས། སྔ་རྗེས་སུ་འགྲོ་མགོན་འཕགས་པ་རིན་པོ་ཆེ་དང་ས་སྐྱའི་དགེ་བཤེས་མཁས་པ་ཁག་སོགས་བླ་མ་བརྒྱད་ཅུ་རྩ་གསུམ་ཙམ་བསྟེན་ནས་བོད་དུ་བཞུགས་པའི་མདོ་སྔགས་ཀྱི་ཆོས་རྒྱུན་གང་ཡོད་གསན། གཙོ་བོར་ཆོས་རྗེ་སངས་རྒྱས་སྟོན་པའི་དྲུང་ནས་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་ཡན་ལག་དང་བཅས་པ་ཡོངས་སུ་རྫོགས་པ་གསན་ནས་ཉམས་བཞེས་མཛད་པས་ཐུགས་རྒྱུད་ཀྱི་རྟོགས་པ་མཐོན་པོར་ཕེབས། རྗེས་སུ་བླ་མའི་བཀའ་ལུང་བཞིན་མྱང་སྟོད་སྨད་གཉིས་ཀྱི་མཚམས་པ་སྣམ་ཇོ་མོ་ལྷ་རིའི་མགུལ་དུ་བསམ་སྡིངས་དགོན་པ་བཏབ་ནས་དེར་བཞུགས་ཏེ་ལམ་འབྲས་དང༌། ཕྱག་ཆེན། ནི་གུ་ཆོས་དྲུག་སོགས་ཆོས་མང་དུ་གསུངས་པས་སློབ་མ་གྲངས་ལས་འདས་པ་བྱུང༌། བུ་སྟོན་རིན་པོ་ཆེས<<ཕར་ཕྱིན་གྱི་ཟིཀླ>>མཛད་པའི་ལོ་སྟེ་ས་ལུག་(༡༣༡༩)ལོར་སྐུ་གཤེགས། རྣམ་ཐར་ལོ་རྒྱུས་མདོར་བསྡུས<<དེབ་ཐེར་སྔོན་པོ>>རུ་འཁོད་པ་དེ་འདིར་བཀོད་པ་ལགས།
- language:
- Tibetan
2. Thupten Phuntsok Dictionary
སྔར་བོད་དུ་བསྟན་པ་ཕྱི་དར་སྐབས་བར་ཁམས་ཁུལ་དུ་ཐོག་མར་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གནང་ཐུབ་མཁན་དམར་གཡོ་གཙང་གསུམ་ལྟ་བུ་མཁན་སློབ་ཚད་ལྡན་བཞུགས་ཡོད་ཀྱང་། ཁ་སྐོང་ལས་གྲལ་དུ་ཕེབས་མཁན་དགེ་འདུན་ཁ་གྲངས་ལོངས་པ་མེད་སྟབས་དེའི་རིང་ཟོག་པོ་མི་དྲུག (༡ འལ་རྡོ་རྗེ་དབང་ཕྱུག ༢ སྣུབས་གྱི་དབང་ཕྱུག ༣ སྤང་གོང་ཡེ་ཤེས་གཡུང་དྲུང་། ༤ ཅོག་རོ་ཤེས་རབ་བྱང་ཆུབ། ༥ ཤོང་ཆུང་པ་ཤེས་རབ་གྲགས་པ། ༦ ཨན་འབར་བ་བྱང་ཆུབ་བཅས) གིས་གྲྭ་ཆས་ཙམ་གྱོན་པ་ལས་སྡོམ་པ་མེད་པའི་གྲྭ་གཟུགས་ཡིན་སྟབས་ཟོག་པོ་མི་དྲུག་ཅེས་ཐོགས་ཤིང་། རྗེས་སུ་དགེ་འདུན་གྱི་ཁ་གྲངས་ལོངས་པ་རྙེད་ནས་བླ་ཆེན་དགོངས་པ་རབ་གསལ་གྱིས་མཁན་པོ་གནང་ནས་ཁོང་དྲུག་པོར་དགེ་ཚུལ་སློང་གི་སྡོམ་པ་གནང་རྗེས་མཁས་བཙུན་མི་དྲུག (འམ་དང་སྣུབས་གཉིས་ནི་མཁས་པ་ཡིན་པ་དང་། སྤང་དང་ཅོག་རོ་གཉིས་མཁས་བཙུན་གཉིས་ལྡན། ཤོང་དང་ཨན་འབར་གཉིས་བཙུན་པ་ཡིན།
- language:
- Tibetan