Skip to main content Skip to search
mkhas btsun rgyal mtshan 'bum
ID:
T225947
  • མཁས་བཙུན་རྒྱལ་མཚན་འབུམ (Tibetan, Tibetan script, Original)
    • > mkhas btsun rgyal mtshan 'bum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khé tsün gyaltsen bum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཤངས་པ་བཀའ་བརྒྱུད་ཀྱི་བླ་ཆེན་མཚན་སྙན་ཆེ་བ་འིག་ཡིན། རབ་བྱུང་བཞི་པའི་ལྕགས་བྱ(༡༢༦༡)ལོར་ཤངས་ཀྱི་ཁོང་ལམ་རྩ་ཐང་དུ་ཡབ་ཕྱུག་པོ་ཆོས་སྐྱོང་བཙན་དང་ཡུམ་དབྱངས་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་ངུའི་དུས་ཡི་གེ་འབྲི་ཀློག་གཟིགས་པ་ཙམ་གྱིས་མཁྱེན་པའི་རྩལ་ཕུན་སུམ་ཆོགས་པ་ཞིག་ཡོད། དགུང་ལོ་བཅུ་གཉིས་པ་ཆུ་སྤྲེལ(༡༢༧༢)ལོར་བླ་མ་ཤར་པ་ཀུན་དགའ་སེང་གེ་དང་བླ་མ་སྟེང་ཁང་པ་གཉིས་ཀྱི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས། དེ་ནས་བླ་མ་སྟེང་ཁང་པ་དང་སློབ་དཔོན་ཀུན་དགའ་འབུམ་གཉིས་ལས་ཕར་ཕྱིན། ས་སྐྱར་བླ་མ་འཇམ་དབྱངས་པ་དང༌། སློབ་དཔོན་ཀུན་དགའ་དཔལ་ལས་ཀྱེ་རྡོར། རོང་པ་ཤེས་རབ་སེང་གེ་ལས་དུས་འཁོར་སོགས་གསན། སྔ་ཕྱིར་བླ་མ་བཅུ་ཕྲག་ཙམ་ལས་མདོ་སྔགས་ཀྱི་ཆོས་རྒྱུན་གྲངས་ལས་འདས་པ་གསན་ཅིང༌། མཁས་གྲུབ་ཤངས་སྟོན་པ་ལས་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་མཐའ་དག་ཆ་ཚང་བར་གསན། ཕྱག་ཏུ་ཡོད་པའི་དངོས་པོ་ཐམས་ཅད་སྤོང་ཐག་ལ་བཏང་ནས་སྒྲུབ་པ་ཉམས་བཞེས་རྩེ་གཅིག་ཏུ་མཛད་པས་༡མས་རྟོགས་གཞུང་ནས་བཤད་པ་ལྟར་ཐུགས་རྒྱུད་ལ་འཁྲུངས། དེ་ནས་སློབ་མ་དད་འདུས་རྣམས་ལ་གང་འཚམས་པའི་ཆོས་བཀའ་བསྩལ། གཙོ་བོར་ཐུགས་དམ་ཉམས་བཞེས་ཁོ་ནས་སུ་སྐུ་ཚེ་འཁྱོ། ལ་བར་མཛད་ཅིང༌། ཤངས་ཆོས་ཀྱི་ཁྲིད་ཡིག་དང་ཆོག་སྒྲིག་སོགས་ཡིག་ཆ་མི་ཉུང་བ་ཞིག་ཆེད་རྩོམ་གནང༌། དགུང་ལོ་དོན་བཞི་པ་རབ་བྱུང་དྲུག་པའི་ཤིང་ཁྱི(༡༣༣༤)ལོར་སྐུ་གཤེགས། རྣམ་ཐར་ལོ་རྒྱུས་སྐོར<<ཤངས་པ་བཀའ་བརྒྱུད་གསེར་ཕྲེང>>དབུ་མེད་བྲིས་མ་ལེ་ཚན[]པར་ཤོག་གྲངས༡༤ཡོད།

language:
Tibetan

2. Thupten Phuntsok Dictionary

ཤངས་པ་བཀའ་བརྒྱུད་ཀྱི་བླ་ཆེན་མཚན་སྙན་ཆེ་བ་ཞིག་ཡིན།རབ་བྱུང་བཞི་པའི་ལྕགས་བྱ (༡༢༦༡) ལོར་ཤངས་ཀྱི་ཁོང་ལམ་རྩ་ཐང་དུ་ཡབ་ཕྱུག་པོ་ཆོས་སྐྱོང་བཙན་དང་ཡུམ་དབྱངས་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དོན་བཞི་པ་རབ་བྱུང་དྲུག་པའི་ཤིང་ཁྱི (༡༣༣༤) ལོར་སྐུ་གཤེགས།

language:
Tibetan