- khri chen bsod nams grags pa
- ID:
- T225558
- ཁྲི་ཆེན་བསོད་ནམས་གྲགས་པ (Tibetan, Tibetan script, Original)
- > khri chen bsod nams grags pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen sönam drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མདོ་སྨད་གདན་ས་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་ཐོག་བཅུ་བདུན་པ་ཡིན། དེ་སྔོན་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་(༡༦༨༩)ལོར་ཧལ་ཧ་དང་ཇུན་གར་དམག་འཁྲུག་བྱུང་སྐབས་ཁལ་ཁའི་མི་འཀའ་འིག་མཚོ་སྔོན་ཕྱོགས་སུ་བྲོས་བྱོལ་དུ་ཡོང་བའི་མི་རྒྱུད་ཅིག་ཏུ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས(༡༧༢༣)ལོར་སྐུ་འཁྲུངས། ཆུང་ངུའི་དུས་སུ་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། དགེ་བའི་བཤེས་གཉེན་ཆེན་པོ་འབེ་བན་བསྟན་འཛིན་རྒྱ་མཚོ་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭ། བློ་རིག རྟགས་རིག ཕར་ཕྱིན་བཅས་ལ་ལེགས་པར་སྦྱངས། འཇམ་དབྱངས་བཞད་པའི་མཆོག་སྤྲུལ་འཇིགས་མེད་དབང་པོའི་མཚན་ཉིད་བགྲོ་གླེང་གི་ཞབས་ཕྱི་མཛད་ཅིང༌། དྲུང་ཡིག་དང༌། མཆོད་གཡོག གསོལ་ཐབ་པ་བཅས་ཞབས་ཞུ་གང་དང་ཅི་དགོས་དགོངས་བཞེད་དང་མཐུན་པར་སྒྲུབ་པ་མ་ཟད། གསེང་དབར་ནམ་ཡོད་ཕྱག་དཔེའི་དགེ་རྒན་དགེ་བཤེས་མཆོག་ལ་ཡང་ཞབས་འདེགས་ནམ་དགོས་སྒྲུབ་པར་མ། ཛད། རྗེས་སུ་ལྷ་སར་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སླར་ཡང་གཞུང་ཆེན་པོ་ལྔའི་སློབ་གཉེར་མཐར་ཕྱིན་པ་གནང་ནས་ལྷ་རམས་པའི་དགེ་བཤེས་ཐོན། རྒྱུད་སྨད་གྲྭ་ཚང་དུ་ཕེབས་ནས་ཉིཀའི་སྐྱོར་དཔོན་མཛད་ཅིང༌། རྒྱུད་པའི་ཕྱག་བའེས་ཆ་ཚང་བར་ཐུགས་ལ་ཆུད་ངེས་ཀྱི་སྦྱངས་པ་ལྷོད་མེད་གནང༌། དེ་ནས་ལོ་ཤས་འབྲས་སྤུངས་དགེ་འཕེལ་རི་ཁྲོད་དང༌། གྱེ་རེ་ཤར་ནུབ་བཅས་ལ་སྐུ་མཚམས་དམ་པོའི་ཐོག་ནས་གཉན་ཁྲོད་འགྲིམ་པའི་ཕྱག་ལེན་རྟགས་ཐོན་པར་མཛད། གཞན་ཡང་པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་དང༌། ལྕང་སྐྱ་རོལ་པའི་རྡོ་རྗེ། ཕུར་ལྕོག་ངག་དབང་བྱམས་པ། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་བླ་མ་དམ་པ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ་གསན། དེ་ནས་འཇམ་དབྱངས་བཞད་པའི་མཆོག་སྤྲུལ་རིན་པོ་ཆེ་ནས་བཀྲ་ཤིས་འཁྱིལ་དུ་ཕྱིར་ལོག་ཕེབས་དགོས་པའི་གསུང་འཕྲིན་འབྱོར་བ་ལྟར་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག(༡༧༧༢)ལོར་བཀྲ་ཤིས་འཁྱིལ་དུ་ཕེབས། དེ་ཡི་ཕྱི་ལོར་རྒྱུད་པ་གྲྭ་ཚང་གི་མཁན་པོར་བསྐོས། དེ་རྗེས་ཨུརྒེ་གྲྭ་ཚང་གི་བླ་མ་མ། ཛད། མཐོ་དམན་སུ་ལ་ཡང་ངོ་སྲུང་དང་མཛེས་ལམ་མི་མཛད་པར་ཐད་ཀར་བཀའ་བཀྱོན་གནང་བ་འིག་ཡོད་པར་གྲགས། རབ་བྱུང་བཅུ་གསུམ་པའི་ས་ཕག(༡༧༧༩)ལོར་བཀྲ་ཤིས་འཁྱིལ་ཚོགས་ཆེན་གྱི་ཁྲིར་ཕེབས་ནས་སློབ་མ་རྣམས་ཀྱི་འདོད་མོས་དང་སྐལ་བར་འཚམས་པའི་ཆོས་རྒྱ་ཆེར་གནང༌། དགུང་ལོ་རེ་བདུན་པ་ས་བྱ(༡༧༨༩)ལོར་སྐུ་གཤེགས། ལོ་རྒྱུས་སྐོར་དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི<<བཀྲ་ཤིས་འཁྱིལ་གྱི་གདན་རབས>>ལྕགས་དཔར་མའི་ཤོག་གྲངས༤༢༢ནས༤༣༣བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
མདོ་སྨད་གདན་ས་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་ཐོག་བཅུ་བདུན་པ་ཡིན། དེ་སྔོན་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ (༡༦༨༩) ལོར་ཧལ་ཧ་དང་ཇུན་གར་དམག་འཁྲུག་བྱུང་སྐབས་ཁལ་ཁའི་འགའ་ཞིག་མཚོ་སྔོན་ཕྱོགས་སུ་བྲོས་བྱོལ་དུ་ཡོང་བའི་མི་རྒྱུད་ཅིག་ཏུ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས (༡༧༢༣) ལོར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ས་ཕག (༡༧༧༩) ལོར་བཀྲ་ཤིས་འཁྱིལ་ཚོགས་ཆེན་གྱི་ཁྲིར་ཕེབས་ནས་སློབ་མ་རྣམས་ཀྱི་འདོད་མོས་དང་སྐལ་བར་མཚམས་པའི་ཆོས་རྒྱ་ཆེར་གནང་། དགུང་ལོ་རེ་བདུན་པ་ས་བྱ (༡༧༨༩) ལོར་སྐུ་གཤེགས།
- language:
- Tibetan