- khri chen blo bzang thub bstan snyan grags
- ID:
- T225535
- ཁྲི་ཆེན་བློ་བཟང་ཐུབ་བསྟན་སྙན་གྲགས (Tibetan, Tibetan script, Original)
- > khri chen blo bzang thub bstan snyan grags (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen lo zang tubten nyendrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་གྱ་དགུ་པ)ཡོངས་གྲགས་སུ་ཉག་རེ་ཁྲི་ཆེན་ཞུ་བ་དེ་ཡིན། བྲག་གཡབ་གྲོང་རེ་ཚང་དུ་འཁྲུངས། དབུས་སུ་ཕེབས་ནས་དགའ་ལྡན་ཤར་རྩེའི་ཉག་རེ་ཁང་ཚན་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་པོའི་སློབ་གཉེར་དང་དགེ་བཤེས་བཅས་མཐར་ཕྱིན་པར་མཛད། རྒྱུད་སྟོད་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་དང་གསན་བའེས་རྒྱ་ཆེར་གནང་ནས་རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། ཤར་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། རབ་བྱུང་བཅོ་ལྔ་པའི་ས་ལུག(༡༩༡༩)ལོར་དགའ་ལྡན་གྱི་ཁྲིར་ཕེབས། ལོ་གཅིག་ལྷག་ཙམ་སོང་མཚམས་ཁྲི་ཆེན་ཚེ་སྨོན་གླིང་དགོངས་པ་རྫོགས་པ་མཁྱེན་རྗེས་ལོ་དེ་རང་ལ་སྐུ་གཤེགས། དམ་པ་དེའི་ཡང་སྲིད་དགའ་ལྡན་ཉག་རེ་ཁྲི་སྤྲུལ་རིན་པོ་ཆེ་ཞུ་བ་ཞིག་ཕེབས་པ་ཁོ་བོ་གྲྭ་སར་སློབ་གཉེར་དང༌། དེ་རྗེས་རྒྱུད་སྟོད་དུ་སྒྲིགས་ཞུགས་སྐབས་མཇལ་མྱོང་བ་རབ་བྱུང་བཅུ་དྲུག་པའི་ལྕགས་བྱི(༡༩༦༠)ལོར་སྐུ་གཤེགས་ཞེས་ཁོ་བོ་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭར་ཡོད་སྐབས་གོ་ཐོས་བྱུང༌།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་གྱ་དགུ་པ) ཡོངས་གྲགས་སུ་ཉག་རེ་ཁྲི་ཆེན་ཞུ་བ་དེ་ཡིན། བྲག་གཡབ་གྲོང་རེ་ཚང་དུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ས་ལུག (༡༩༡༩) ལོར་དགའ་ལྡན་གྱི་ཁྲིར་ཕེབས། རབ་བྱུང་བཅུ་དྲུག་པའི་ལྕགས་བྱི (༡༩༦༠) ལོར་སྐུ་གཤེགས།
- language:
- Tibetan