Skip to main content Skip to search
khal kha rje btsun dam pa blo bzang tshul khrims 'jigs med bstan pa'i rgyal mtshan
ID:
T225045
  • ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་ཚུལ་ཁྲིམས་འཇིགས་མེད་བསྟན་པའི་རྒྱལ་མཚན (Tibetan, Tibetan script, Original)
    • > khal kha rje btsun dam pa blo bzang tshul khrims 'jigs med bstan pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khelkha jetsün dampa lozang tsültrim jikmé tenpé gyeltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ཁལ་ཁ་སྐུ་ཕྲེང་ལྔ་པ)རབ་བྱུང་བཅུ་བཞི་པའི་ཤིང་ཕག་(༡༨༡༥)ལོར་སྐུ་འཁྲུངས། སྐུ་ན་ཕྲ་མོའི་དུས་ནས་དགེ་བའི་བཤེས་གཉེན་ཚུལ་བའིན་བསྟེན་ནས་གསན་བསམ་ལ་ཐུགས་བརྩོན་ཆེ། ཏཱ་ལའི་བླ་མ་ཚུལ་ཁྲིམས་རྒྱ་མཚོ་དང༌། པཎ་ཆེན་རིན་པོ་ཆེ་བསྟན་པའི་ཉི་མ་སོགས་དམ་པ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་གསན། པཎ་ཆེན་རིན་པོ་ཆེའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེསོ། རང་ཡུལ་དུ་ཕེབས་ནས་དགོན་སྡེ་ཁག་གི་སློབ་གཉེར་དང༌། ཆོས་འཆད་ཉན་སོགས་གོང་འཕེལ་གྱི་ཐབས་ཚུལ་འབད་པ་ཆེར་བསྐྱེད་མཛད། རབ་བྱུང་བཅུ་བཞི་པའི་མེ་བྱ(༡༨༣༧)ལོར་དགེ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་གྲྭ་རིགས་ཐམས་ཅད་གྲྭ་ཚང་བཀྲ་ཤིས་ཆོས་འཕེལ་གླིང་དང་ཀུན་དགའ་ཆོས་གླིང་གཉིས་སུ་བསྡུས་ནས་སྒོ་མང་གྲྭ་ཚང་དང༌། བློ་གསལ་གླིང་གྲྭ་ཚང་གསར་འཛུགས་གནང༌། པེ་ཅིན་དུ་ཕེབས་ནས་གོང་མ་བཏྭ་བཀྭང་དང་མཇལ་ཏེ་སྔར་སྲོལ་དང་མཐུན་པའི་གུས་བཀུར་དང་གནང་སྦྱིན་མཛད། དགུང་ལོ་ཉེར་བདུན་པ་རབ་བྱུང་བཅུ་བཞི་པའི་ལྕགས་གླང(༡༨༤ཤྭ)ལོར་བོད་དབུས་གཙང་དུ་ཐེངས་གཉིས་པ་ཕེབས་པའི་ལམ་བར་དུ་སྐུ་གཤེགས། རྣམ་ཐར་སྐོར། མཁན་པོ་ནོ་མིན་ཧན་ངག་དབང་ཡེ་ཤེས་ཐུབ་བསྟན་རབ་འབྱམས་པས་མཛད་པའི་<<སྐྱབས་མགོན་རྗེ་བཙུན་དམ་པ་བློ་བཟང་ཚུལ་ཁྲིམས་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་ལས་བརྩམས་པའི་བསྟོད་པ་དད་པའི་འིང་རྟ>>ཤིང་དཔར་ལ་ཤོག་གྲངས༧ཡོད་པ་རྩོམ་པ་པོའི་གསུང་འབུམ་པོད[]པའི་ནང་དུ་བཞུགས།

language:
Tibetan

2. Thupten Phuntsok Dictionary

(ཁལ་ཁ་སྐུ་ཕྲེང་ལྔ་པ)རབ་བྱུང་བཅུ་བཞི་པའི་ཤིང་ཕག་སྤྱི་ལོ་༡༨༡༥ལོར་སྐུ་འཁྲུངས། སྐུ་ན་ཕྲ་མོའི་དུས་ནས་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ནས་གསན་བསམ་ལ་ཐུགས་བརྩོན་ཆེ། དགུང་ལོ་ཉེར་བདུན་པ་རབ་བྱུང་བཅུ་བཞི་པའི་ལྕགས་གླང་སྤྱི་ལོ་༡༨༤༡ལོར་བོད་དབུས་གཙང་དུ་ཐེངས་གཉིས་པ་ཕེབས་པའི་ལམ་བར་དུ་སྐུ་གཤེགས།

language:
Tibetan