- kha skong dge 'dun
- ID:
- T224675
- ཁ་སྐོང་དགེ་འདུན (Tibetan, Tibetan script, Original)
- > kha skong dge 'dun (Tibetan, Latin script, Transliteration-THL Extended Wylie Transliteration)
- > khakong gendün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བསྒྲུབ་བྱ་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་མཁན་ལོ་ཚད་ལོན་པ་རྣམས་སྡོམ་པ་ཞུ་སྐབས་ལས་ཀྱི་ཁ་སྐོང་དུ་ཕེབས་མཁན་དགེ་སློང་ལྔ་ལས་མི་ཉུང་བ་འཚོགས་དགོས་ཤིང༌། དེ་རྣམས་ཀྱང་གཤམ་གསལ་གྱི་འོས་ཆོས་བཅོ་ལྔ་ཚང་དགོས་པ་སྟེ། ༡སྤྱོད་ལམ་འགྲེང་ནས་བཞུགས་པ་མ་ཡིན་པ། ༢གང་ལ་བྱ་བའི་ཡུལ་མ་ཡིན་པ། ༣་འདུན་པ་ཕུལ་བ་མ་ཡིན་པ། ༤ཕམ་པ་བྱུང་སྟེ་བསླབ་པ་ཉམས་པ་མ་ཡིན་པ། ༥བསྙེན་པར་མ་རྫོགས་པ་མ་ཡིན་པ། ༦མཚམས་མེད་ལྔ་གང་རུང་བྱས་པ་མ་ཡིན་པ། ༧སྡིག་ལྟ་ཅན་མ་ཡིན་པ། ༨ས་གཞན་ན་གནས་པ་མ་ཡིན་པ། ༩ཐ་དད་དུ་གནས་པ་མ་ཡིན་པ། ༡༠བསླབ་པ་འཁྲུལ་བ་དང་བཅས་པ་མ་ཡིན་པ་བཅས་<<འདུལ་བ་ལུང་གའི>>ནས་གསུངས་པ་བཅུ་དང༌། ༡༡མཚམས་གཞན་ན་གནས་པ་མ་ཡིན་པ། ༡༢མཚན་མི་མཐུན་པ་མ་ཡིན་པ། ༡༣དཀོན་མཆོག་གཞན་མ་ཡིན་པ་བཅས<<ལུང་ཞུ་བ>>ནས་གསུངས་པ་གསུམ། ༡༤ལུས་ཐ་མལ་དུ་གནས་པ། ༡༥ཐ་སྙད་གསུམ་དང་ལྡན་པ(སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ)གཉིས་ནི་མདོར་བསྡུས་སྦྱར་བ་བཅས་བཅོ་ལྔ་ཡོད། དེ་སྐོར་འདུལ་བའི་འགྲེལ་པ་ཁག་གི་ནང་རང་རང་སོ་སོའི་འགྲེལ་བཤད་རྒྱུ་མཚན་དང་བཅས་པ་ཞིབ་ཕྲ་གསུངས་ཡོད།
- language:
- Tibetan
2. Thupten Phuntsok Dictionary
བསྒྲུབ་བྱ་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་མཁན་ལོ་ཚད་ལོན་པ་རྣམས་སྡོམ་པ་ཞུ་སྐབས་ལས་ཀྱི་ཁ་སྐོང་དུ་ཕེབས་མཁན་དགེ་སློང་ལྔ་ལས་མི་ཉུང་བ་འཚོགས་དགོས་ཤིང་། དེ་རྣམས་ཀྱང་གསལ་གྱི་འོས་ཆོས་བཅོ་ལྔ་ཚང་དགོས་པ་སྟེ། ༡ སྤྱོད་ལམ་འགྲེང་ནས་བཞུགས་པ་མ་ཡིན་པ། ༢ གང་ལ་བྱ་བའི་ཡུལ་མ་ཡིན་པ། ༣ འདུན་པ་ཕུལ་བ་མ་ཡིན་པ། ༤ ཕམ་པ་བྱུང་སྟེ་བསླབ་པ་ཉམས་པ་མ་ཡིན་པ། ༥ བསྙེན་པར་མ་རྫོགས་པ་མ་ཡིན་པ། ༦ མཚམས་མེད་ལྔ་གང་རུང་བྱས་པ་མ་ཡིན་པ། ༧ སྡིག་ལྟ་ཅན་མ་ཡིན་པ། ༨ ས་གཞན་ན་གནས་པ་མ་ཡིན་པ། ༩ ཐ་དད་དུ་གནས་པ་མ་ཡིན་པ། ༡༠ བསླབ་པ་འཁྲུལ་བ་དང་བཅས་པ་མ་ཡིན་པ་བཅསའདུལ་བ་ལུང་གཞི》ནས་གསུངས་པ་བཅུ་དང་། ༡༡ མཚམས་གཞན་ན་གནས་པ་མ་ཡིན་པ། ༡༢ མཚན་མི་མཐུན་པ་མ་ཡིན་པ། ༡༣ དཀོན་མཆོག་གཞན་མ་ཡིན་པ་བཅསལུང་ཞུ་བ》ནས་གསུངས་པ་གསུམ། ༡༤ ལུས་ཐ་མལ་དུ་གནས་པ། ༡༥ ཐ་སྙད་གསུམ་དང་ལྡན་པ (སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ) གཉིས་ནི་མདོར་བསྡུས་སྦྱར་བ་བཅས་བཅོ་ལྔ་ཡོད། དེ་སྐོར་འདུལ་བའི་འགྲེལ་པ་ཁག་གི་ནང་རང་རང་སོ་སོའི་འགྲེལ་བཤད་རྒྱུ་མཚན་དང་བཅས་པའི་ཞིབ་ཕྲ་གསུངས་ཡོད།
- language:
- Tibetan