- skran nad nyi shu'i nad rtags
- ID:
- T224562
- སྐྲན་ནད་ཉི་ཤུའི་ནད་རྟགས (Tibetan, Tibetan script, Original)
- > skran nad nyi shu'i nad rtags (Tibetan, Latin script, Transliteration-THL Extended Wylie Transliteration)
- > tren né nyishü né tak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
༡ (སྙིགས་མ་མ་ཞུ་བའི་ཟས་སྐྲན) ཕོ་བ་འཚིང་། སྒྲེག་པ་བྱེད། ཟས་ཟོས་མ་ཐག་ཏུ་རྒྱུ་ལོང་དུ་གཟེར་རྒོད་ལང་། གང་མ་ཞུ་བའི་ཟས་དེ་ལྷག་པར་གནོད། གདོང་པ་དང་། མིག་ལྕིབས། རྐང་འབོལ་རྣམས་སྐྲངས། ༢ (ལྷེན་སྐྲན) མནན་ན་ན་ལ་གང་ཟོས་ཚད་སྐྱུག་པ། རླན་ས་དང་གྲང་བའི་གནས་སུ་འདུག་ཚེ་ན་བ། ཟས་ཟོས་པའི་རྩེས་སུ་ན་བ། ལྟོགསས་ན་བདེ་བ། སྒྲེག་པ་མི་ཐོན། ཤེད་ཆུང་ལ་སྟོབས་འཕེལ་འབྲི་མེད་པ། ༣ (དྭངས་མའི་རྡོ་སྐྲན) ལྷེན་སྐྲན་དང་འདྲ་བ་ཤིན་ཏུ་སྲ་ཞིང་མནན་ན་མི་བཟོད་པ་ན་བ། ༤ (མཆིན་པའི་ཁྲག་སྐྲན) འཕེལ་རྐྱེན་གཡས་ནས་རིམ་པར་ཆགས་ལ། མིག་སེར། ཆུ་དམར། རྩ་རྒྱུད་ཕྲ་ལ་མགྱོགས་པར་འཕར་བ། ལུས་གྲང་བ་དང་དྲོས་པའི་ཚེ་རོ་རྒྱབ་དང་མཆིན་དྲི་སྦྲག་ཅིང་ན་བ། ཤ་མདོག་སྔོ་ལ་སྐམ་པ། མཆིན་པའི་ཤ་ཟོས་པ་དང་ཆང་ཁུ་ལྟར་སྐྱུག སྐྲན་དེ་རྒྱས་པ་ན་མཁྲིས་པའི་ཡུལ་འཕྲོག་སྟེ་མིག་དང་ཆུ་མདོག་སེར་པོར་འགྱུར། ༥ (མཆེར་པའི་ཁྲག་སྐྲན) གཡོན་ཕྱོགས་སུ་སྐྲན་འབྱུང་། ལྟོ་བ་སྦོས། སྒྲེག་པ་བྱེད། ཟས་སྐོམ་ལེན་ཡང་ལྦུ་བ་སྐྱུག མཆིན་སྐྲན་ལས་ཚ་བ་ཆུང་ཡང་གདོང་པ་སྐྲངས། ༦ (ཕོ་ལོང་སྨུག་པོའི་ཁྲག་སྐྲན) སྐྲན་འབྱུང་བའི་གནས་དེ་ཚ་ཞིང་གཟེར་ལ། མནན་ན་འཕར་ཞིང་བསིལ་དྲོད་གཉིས་ཀ་མི་འཕྲོད། འགྲངས་ལྟོགསས་དང་དྲོ་གྲང་གང་བྱུང་ཡང་ན་བ། ༧ (སྣོད་ཀྱི་མཁྲིས་སྐྲན) ཤ་མདོག་སྔོ་ལ་སྐམ། ཟས་ལེན་ཀྱང་ལུས་ཤེད་དང་བྲལ་བ། མིག་དང་ཆུའི་མདོག་སེར་པོར་ཆགས། ནད་སྨིན་པ་དང་ལུས་ཀུན་ལ་ཟ་འཕྲུག་བྱེད། ༨ (རྒྱུ་མའི་མཁྲིས་སྐྲན) ལུས་ལྕི། མིག་དང་ཆུའི་མདོག་སེར། རྩ་གྲིམས། དང་ག་མི་བདེ། ནད་ཟུག་ཆེ། སྐོམ་དད་ཆེ། དྲི་ཆུ་གཏང་དཀའ། ༩ (ལོང་གི་རླུང་སྐྲན) ལྟོ་བ་སྦོས་ཞིང་འཁྲོག ལྦུ་བ་འཁྲུ། རླུང་སྐྲན་དེ་ཉིད་གནས་གཅིག་ཏུ་བརྟན་པར་མེད་པ་དུས་ངེས་མེད་དུ་འཕེལ་འགྲིམས་དང་འཕོ་འགྱུར་བྱེད་དོ། །༡༠ (བུད་མེད་མངལ་སྐྲན) རྐེད་ཚིགས་དང་རྒྱུ་ཞབས་སྐྲངས་ནས་རེས་མོས་སུ་གཟེར་དབར་བྱེད། འགྲངས་ཆེ་བའི་ཚེ་ན་ཞིང་། སྐབས་སུ་མཚན་མ་ནས་ཁྲག་དྲོད་ཅན་འཛག ༡༡ (ལྒང་པའི་རྡོ་སྐྲན) ཆུ་འགག ཟུག་གཟེར་ཆེ། ༡༢ (གློ་བའི་རྩ་སྐྲན) གློ་མང་དུ་བྱེད་ཅིང་ཁ་ལུད་གོག་དཀའ་བ། སྐད་འཛེར། ཤ་ལུས་སྔོ་ཞིང་སྐམ། ཟོས་རྗེས་སྐྱུག ༡༣ (མཆིན་དྲི་རྩ་སྐྲན) ནད་ཐོག་མར་ཕོག་སྐབས་ན་ཟུག་ཆུང་། སྨིན་ནས་ཤ་སྐམ། དགྱེ་དགུ་དཀའ། ཆུ་མདོག་དམར། ལུས་ལྕི། ཆུ་འཐུང་ན་སྐྱུག ༡༤ (མཆིན་དྲི་རྩ་སྐྲན) སྒལ་ཚིགས་བརྒྱད་པའི་ངོས་ནས་གྱེ་དགུ་གཉིས་ཀ་མི་བདེ་བར་ཆགས། སྒྲེག་པ་བྱེད། སྐྱུག་སྙམ་བྱེད ། མཆིན་པ་དང་མཆིན་དྲིའི་ཤ་ཟོས་ན་འཕྲལ་དུ་སྐྱུག་པར་བྱེད།༡༥ (རྩ་སྐྲན) རྩ་སྐྲན་ཕལ་ཆེར་ལུག་རིལ་ཙམ་འབྱུང་ཞིང་། རྩ་དང་ཆུ་གཉིས་ཀ་ལ་ཚ་བའི་རྟགས་སྟོན། ༡༦ (སྲིན་སྐྲན) སྲིན་སྐྲན་འདྲིལ་ཏེ་བསྒོངས་པའི་དུས་ཟུག་ཆེ་ལ། འཐོར་ཞིང་ཞིག་པའི་དུས་བདེ་བ། ༡༧ (སྤུ་སྐྲན) གང་དུ་བྱུང་བའི་གནས་དེར་མི་བདེ་བར་སྟོན། ༡༨ (སྙིང་གི་ཆུ་སྐྲན) བྲང་ལ་སྲིན་གྱི་ཐོར་བ་ཕྲན་བུར་འོང་། ཤེས་པ་རྒོད། སྨྱོ་ཚུལ་སྟོན། ཁོང་ཁྲོ་ལངས། ཚིག་པ་ཟ། སེམས་རྩུབ། སྙིང་ཆུ་ཚན་ནང་དུ་འཚེད་བའི་སྣང་བ་འཆར། ༡༩ (ཆུ་སྐྲན) ཆུ་སྐྲན་ཕལ་ཆེར་མིག་ལྕིབས་དང་རྐང་འབོལ་སྐྲངས། སྐྲན་གྱི་ངོ་བོ་སྲ་ལ་ཟུག་ཆུང་། མནན་ན་བཟོད་བསྲན་ཐུབ། ༢༠ (རྣག་སྐྲན) རེག་ན་བརྩེད་ཅིང་མནན་ན་མི་བཟོད་པའི་ཟུག་རྔུ་ལྡང་བ། རྩ་ཆུ་དང་རྟགས་རྣམས་ཚ་བའི་རྟགས་སྟོན།
- language:
- Tibetan