- bka' brgyad bde gshegs 'dus pa'i dkyil 'khor
- ID:
- T223581
- བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར (Tibetan, Tibetan script, Original)
- > bka' brgyad bde gshegs 'dus pa'i dkyil 'khor (Tibetan, Latin script, Transliteration-THL Extended Wylie Transliteration)
- > kagyé deshek düpé kyilkhor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གསང་སྔགས་སྔ་འགྱུར་གྱི་བསྐྱེད་རིམ་སྐོར་ལ་གཙོ་ཆེ་བའི་དབང་དུ་བྱས་ན་སྒྲུབ་པ་བཀའ་བརྒྱད་ཅེས་སྒྲུབ་ཐབས་ཀྱི་སྡེ་བརྒྱད་ཡོད་པ་སྟེ། ༡འཇམ་དཔལ་སྐུ་ཡི་དཀྱིལ་འཁོར། ༢པདྨ་གསུང་གི་དཀྱིལ་འཁོར། ༣ཡང་དག་ཐུགས་ཀྱི་དཀྱིལ་འཁོར། ༤བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར། ༥་ཕུར་པ་འཕྲིན་ལས་ཀྱི་དཀྱིལ་འཁོར་བཅས་འཇིག་རྟེན་ལས་འདས་པའི་སྡེ་ལྔ་དང་། ༦མ་མོ་རྦོད་གཏོང་གི་དཀྱིལ་འཁོར། ༧དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར། ༨འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་བཅས་བརྒྱད་པོ་དེ་ཡིན། པདྨ་གསུང་གི་ལྷ་ཆོགས་རྟ་མགྲིན་གྱི་སྐོར་ནི་སློབ་དཔོན་ཆེན་པོ་པདྨས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་གནང་། ཕུར་པ་འཕྲིན་ལས་ཀྱི་སྐོར་ནི་སློབ་དཔོན་གྱིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། འབྲེ་ཨ་ཙརྱ་ས་ལེ་ལ་གནང་། འཇམ་དཔལ་སྐུའི་སྐོར་ནི་སློབ་དཔོན་ཤོནྟིགརྦྷས་བོད་དུ་དར་སྤེལ་གནང་། ཡང་དག་ཐུགས་ཀྱི་སྐོར་ནི་སློབ་དཔོན་ཧྰུ་ཀ་རས་བོད་དུ་དར་སྤེལ་མཛད། བདུད་རྩི་ཡོན་ཏན་གྱི་སྐོར་ནི་པཎ་ཆེན་བི་མ་ལ་མི་ཏྲས་བོད་དུ་དར་སྤེལ་མཛད། སློབ་དཔོན་ཆེན་པོ་པདྨས་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ་ནས་དབང་བསྐུར་དམ་ལ་བཏགས་ཏེ་དེ་དག་རྣམས་མ་མོ་རྦོད་གཏོང་དང་། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད་བཅས་སྡེ་ཚན་གསུམ་དུ་ཕྱེ་བར་མཛད་པ་ནི་ངན་སོང་སྐྱོང་བརྒྱུད་ཀྱི་འཇིག་རྟེན་པའི་དཀྱིལ་འཁོར་རྣམ་བཞག་དང་མཐུན་པར་མཛད་པ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
གསང་སྔགས་སྔ་འགྱུར་གྱི་བསྐྱེད་རིམ་སྐོར་ལ་གཙོ་ཆེ་བའི་དབང་དུ་བྱས་ན་སྒྲུབ་པ་བཀའ་བརྒྱད་ཅེས་སྒྲུབ་ཐབས་ཀྱི་སྡེ་བརྒྱད་ཡོད་པ་སྟེ། ༡ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར། ༢ པདྨ་གསུང་གི་དཀྱིལ་འཁོར། ༣ ཡང་དག་ཐུགས་ཀྱི་དཀྱིལ་འཁོར། ༤ བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར། ༥ ཕུར་པ་འཕྲིན་ལས་ཀྱི་དཀྱིལ་འཁོར་བཅས་འཇིག་རྟེན་ལས་འདས་པའི་སྡེ་ལྔ་དང་། ༦ མ་མོ་རྦོད་གཏོང་གི་དཀྱིལ་འཁོར། ༧ དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར། ༨ འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་བཅས་བརྒྱད་པོ་དེ་ཡིན། པདྨ་གསུང་གི་ལྷ་ཚོགས་རྟ་མགྲིན་གྱི་སྐོར་ནི་སློབ་དཔོན་ཆེན་པོ་པདྨ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་གནང་། ཕུར་པ་འཕྲིན་ལས་ཀྱི་སྐོར་ནི་སློབ་དཔོན་གྱིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། འབྲེ་ཨ་ཙརྱ་ས་ལེ་ལ་གནང་། འཇམ་དཔལ་སྐུའི་སྐོར་ནི་སློབ་དཔོན་ཤནྟིགརྦས་བོད་དུ་དར་སྤེལ་གནང་། ཡང་དག་ཐུགས་ཀྱི་སྐོར་ནི་སློབ་དཔོན་ཧཱུཾ་ཀ་རས་བོད་དུ་དར་སྤེལ་མཛད། བདུད་རྩི་ཡོན་ཏན་གྱི་སྐོར་ནི་པཎ་ཆེན་བི་མ་ལ་མི་ཏྲས་བོད་དུ་དར་སྤེལ་མཛད། སློབ་དཔོན་ཆེན་པོ་པདྨས་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ་ནས་དབང་བསྐུར་དམ་ལ་བཏགས་ཏེ་དེ་དག་རྣམས་མ་མོ་རྦོད་གཏོང་དང་། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད་བཅས་སྡེ་ཚན་གསུམ་དུ་ཕྱེ་བར་མཛད་པ་ནི་ངན་སོང་སྦྱོང་བརྒྱུད་ཀྱི་འཇིག་རྟེན་པའི་དཀྱིལ་འཁོར་རྣམ་བཞག་དང་མཐུན་པར་མཛད་པ་ཡིན།
- language:
- Tibetan