- ka n+ya kub dza
- ID:
- T222900
- ཀ་ནྱ་ཀུབ་ཛ (Tibetan, Tibetan script, Original)
- > ka n+ya kub dza (Tibetan, Latin script, Transliteration-THL Extended Wylie Transliteration)
- > ka nya(?) kub dza (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
《འདུལ་བ་ལུང》ལས་བཤད་པའི་རྒྱ་གར་གྱི་གནའ་རབས་ཀྱི་གྲོང་ཁྱེར་ཞིག་གི་མིང་སྟེ་ལུང་དེ་ཉིད་ཀྱི་རྒྱལ་པོ་མང་པོས་བཀུར་བའི་གདུང་རབས་འཆད་པའིསྐབས་སུ་བསྐལ་བཟང་འདིའི་སངས་རྒྱས་གཉིས་པ་གསེར་ཐུབ་ཀྱི་གོང་ནས་ཡོད་པའི་གྲོང་ཁྱེར་རྙིང་པ་ཞིག་ཡིན་པར་བཤད་པ་ལྟར་ན་ལོ་ཁྲི་འབུམ་མང་པོ་སོང་དགོས་ཚོད་འདུགགྲོང་ཁྱེར་འདི་རྒྱ་གར་ནུབ་ཕྱོགས་མ་ཐུརའམ་བོད་སྐད་དུ་བཅོམ་བརླག་ཅེས་འབོད་པའི་གནས་ནས་ཤར་ཕྱོགས་རྒྱང་གྲགས་གཅིག་ཙམ་གྱི་ས་ན་ཡོད་པདང་ཡུལ་དེའི་བུད་མེད་རྣམས་གཟུགས་མཛེས་ཀྱང་ལུས་སྒུར་པོ་ཡིན་པས་བུ་མོ་སྒུར་མོའི་ཡུལ་ཞེས་འབོད་པར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི《གཏམ་རྒྱུད་གསེར་ཐང》ལས་གསལ།
- language:
- Tibetan
2. Thupten Phuntsok Dictionary
འདུལ་བ་ལུང》ལས་བཤད་པའི་རྒྱ་གར་གྱི་གནའ་རབས་ཀྱི་གྲོང་ཁྱེར་ཞིག་གི་མིང་སྟེ་ལུང་དེ་ཉིད་ཀྱི་རྒྱལ་པོ་མང་པོས་བཀུར་བའི་གདུང་རབས་འཆད་པའི་སྐབས་སུ་བསྐལ་བཟང་འདིའི་སངས་རྒྱས་གཉིས་པ་གསེར་ཐུབ་ཀྱི་གོང་ནས་ཡོད་པའི་གྲོང་ཁྱེར་རྙིང་པ་ཞིག་ཡིན་ཚོད་དོ། །
- language:
- Tibetan