Skip to main content Skip to search
khrims yig dwangs shel me long /
ID:
T20890
  • ཁྲིམས་ཡིག་དྭངས་ཤེལ་མེ་ལོང (Tibetan, Tibetan script, Original)
    • > khrims yig dwangs shel me long / (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trimyik dangshel melong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • ཁྲིམས་ཡིག་དྭངས་ཤེལ་མེ་ལོང་[11th rab byung iron bird yr by sde srid sangs rgyas rgya mtsho, 1681]

    language:
    Tibetan
  • ཁྲིམས་ཡིག་དྭངས་ཤེལ་མེ་ལོང་ [rab byung bcu gcig pa'i lcags bya lor sde srid sangs rgyas rgya mtshos brtsams pa zhig,.1681]

    language:
    Tibetan
  • ཁྲིམས་ཡིག་དྭངས་ཤེལ་མེ་ལོང་*

    language:
    Tibetan

2. bod rgya tshig mdzod chen mo

[285] རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པ་ཞིག་... 1681...

language:
English

3. dung dkar bod rig pa'i tshig mdzod chen mo

སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ས་གནས་ཀྱི་སྲིད་དབང་བཟུང་ནས་ལོ་གསུམ་པ་རབ་བྱུང་བཅུ་གཅིག་པའི་ལྕགས་བྱ(༡༦༨༡)ལོར་སྔར་ཡོད་ཕག་གྲུའི་ཁྲིམས་ཡིག་དང༌། གཙང་པ་རྒྱལ་པོའི་ཁྲིམས་ཡིག་སོགས་དཔྱད་གཞིར་གནང་སྟེ་ལེགས་བཅོས་དང༌། ཁ་སྐོང་མཛད་ནས་གཏན་འབེབས་བཟོས་པའི་ཁྲིམས་ཡིག་གི་མིང་སྟེ། འདིའི་ནང་དོན་ཚན་ཆེ་བ་ཉི་ཤུ་རྩ་གཅིག་ཡོད་པ་སྟེ། ༡་སྲིད་སྐྱོང་བའི་སྡེ་སྲིད་ཀྱི་བྱེད་སྒོའི་སྐོར། ༢་ལས་ཚན་བཅུ་གསུམ་སྤྱིའི་བྱེད་སྒོ༣་བཀའ་བློན་གྱི་བྱེད་སྒོའི་སྐོར། ༤དམག་དཔོན་དང་མདའ་དཔོན་གྱི་བྱེད་སྒོའི་སྐོར། ༥ཁྲིམས་དཔོན་གྱི་བྱེད་སྒོའི་སྐོར། ༦མགྲོན་གཉེར་གྱི་བྱེད་སྒོའི་སྐོར། ༧དྲུང་ཡིག༌གི་བྱེད་སྒོའི་སྐོར། ༨ཕྱག་མཛོད་ཀྱི་བྱེད་སྒོའི་སྐོར། ༩རྩིས་ཁང་གི་བྱེད་སྒོའི་སྐོར། ༡༠རྟ་མཛོའི་དཔོན་གྱི་བྱེད་སྒོའི་སྐོར། ༡༡ལྷ་ས་གཉེར་ཚང་དང་མི་དཔོན་གྱི་བྱེད་སྐོའི་སྐོར། ༡༢གསོལ་དཔོན། གཟིམས་དཔོན། །མ་ཆེན་གསུམ་གྱི་བྱེད་སྒོའི་སྐོར། ༡༣བཟོ་རིགས་ཁག་གི་དོ་དམ་པའི་བྱེད་སྒོའི་སྐོར། ༡༤སྒོ་སྲུང་འགག་པའི་བྱེད་སྒོའི་སྐོར། ༡༥་གཙུག་ལག་ཁང་གཉིས་ཀྱི་དཀོན་གཉེར་སོ་སོའི་བྱེད་སྒོའི་སྐོར། ༡༦་རྩ་གཉེར། རྩམ་གཉེར། ཤིང་གཉེར་སོགས་དཔོན་རིགས་ཆུང་ཁག་གི་བྱེད་སྒོའི་སྐོར། ༡༧་ཚོང་དཔོན་དང་སྐུ་ཚབ་ཀྱི་བྱེད་སྒོའི་སྐོར། ༡༨ཁྲལ་བཞེས་ཡོང་སྡུད་པའི་བྱེད་སྒོའི་སྐོར། ༡༩་བཀར་རྒྱ་ཡོང་སྡུད་པའི་བྱེད་སྒོའི་སྐོར། ༢༠་རྫོང་དཔོན་གྱི་བྱེད་སྒོའི་སྐོར། ༢༡་གཞིས་སྡོད་པ་དང༌། དགོན་པ་ཁག་གི་ལས་འཛིན་གཉེར་པའི་བྱེད་སྒོའི་སྐོར་བཅས་ཡོད། <<སྔ་རབས་ཁྲིམས་སྲོལ་ཕྱོགས་བསྡུས>>ལྕགས་དཔར་མའི་ཤོག་གྲངས་༡༩༨ནས༢༧༤བར་གསལ་བ་དེར་གཟིགས། འདིའི་ནང་དཔར་བསྐྲུན་སྐབས་ཡིག་ནོར་ཤོར་བ་འགའ་ཞིག་འདུག་པས་ཤིང་པར་དང་བསྡུར་དགོས།

language:
Tibetan

4. Thupten Phuntsok Dictionary

རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པ་ཞིག

language:
Tibetan

5. smon lam tshig mdzod chen mo

རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་ལོ་སྟེ་སྤྱི་ལོ་ ༡༦༨༡ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་ཁྲིམས་ཡིག་སྐོར་གྱི་དཔེ་དེབ་ཅིག

language:
Tibetan