- khri shor rgyal mo/
- ID:
- T20614
- ཁྲི་ཤོར་རྒྱལ་མོ (Tibetan, Tibetan script, Original)
- > khri shor rgyal mo/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > trishor gyelmo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
ཡོངས་གྲགས་སུ་མཚོ་སྔོན་པོར་འབོད་པ་དེ་ཡི་མིང་གཞན་ཞིག་ཡིན། ལོ་རྒྱུས་ཀྱི་དཔེ་འགའ་ཞིག་ཏུ་ཁྲི་ཤོར་རྒྱལ་མོ་ཞེས་བྲིས་པ་ཡང་སྣང་སྟེ། དེ་ཡང་གནའ་རབས་སུ་མཚོ་དེ་མ་བྱུང་བའི་སྔོན་ལ་ས་གནས་དེར་མི་ཁྱིམ་ཁྲི་ཚོ་ལོངས་པ་ཡོད་པ་ལ་མཚོ་རྡོལ་བྱུང་ནས་མཚོ་ནང་དུ་ཤོར་བར་བརྟེན་མིང་དེ་ལྟར་ཐོགས་པ་ཡིན་ཟེར་བའི་ཤོད་རྒྱུན་ཡང་ཡོད། མཚོ་འདི་ཐོག་མར་བྱུང་བའི་གཏམ་རྒྱུད་ལྷ་སྒྲུང་ལྟ་བུ་ཞིག་ཤོད་སྲོལ་འདུག་པ་འདིར་ཡིག་ཚོགས་ཆེ་དོགས་ནས་མ་བྲིས་ཤིང་། མཚོ་སྔོན་པོའི་རྒྱ་ཁྱོན་དང་ཆགས་ཚུལ། ད་ལྟའི་གཏིང་ཟབ་ཚད་སོགས་གཤམ་གསལ་མཚོ་སྔོན་པོ་ཞེས་པའི་མིང་ཚིག་གི་འགྲེལ་བཤད་ལས་གསལ།
- language:
- Tibetan