- si tu chos kyi 'byung gnas/
- ID:
- T206011
- སི་ཏུ་ཆོས་ཀྱི་འབྱུང་གནས (Tibetan, Tibetan script, Original)
- > si tu chos kyi 'byung gnas/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > situ chökyi jungné (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. bod rgya tshig mdzod chen mo
[2920] མཚན་གཞན་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་སྟེ། རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་ལོར་མདོ་ཁམས་སྒང་དྲུག་གི་ཡ་གྱལ་འབྲི་ཟླ་ཟལ་མོའི་བར་དུ་སྐུ་འཁྲུངས། སྐུ་ནར་སོན་པ་དང་ཀརྨ་པ་སྐུ་ཕྲེང་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་དང། ཞྭ་དམར་བརྒྱད་པ་ཆོས་ཀྱི་དོན་འགྲུབ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། ཟུར་མཁར་བའི་སློབ་རྒྱུད་འཛིན་པ་ཡེ་ཤེས་ཤོགས་སློབ་དཔོན་དུ་མ་བསྟེན་ནས་རྒྱུད་སྡེ་བཞི་དང། སྡེ་སྣོད་གསུམ། སྒྲ་དང། བཟོ། གསོ་བ་སོགས་དཔྱིས་ཕྱིན་པར་སྦྱངས་ཏེ་བོད་ཙམ་དུ་མ་ཚད་རྒྱ་བལ་ཧོར་སོག་གི་ཡུལ་དུ་ཏའི་སི་ཏུ་མ་ཧཱ་པཎྜི་ཏ་ཆོས་ཀྱི་འབྱུང་གནས་ཞེས་མཚན་སྙན་གྱིས་ཁྱབ་པར་གྱུར། བོད་ཀྱི་ཡུལ་གྲུ་ཀུན་དང། རྒྱ་གར། རྒྱ་ནག་བལ་ཡུལ་བཅས་སུ་ཕེབས་ནས་ཡུལ་དེ་དག་གི་མཁས་པ་རྣམས་དང་རིག་གནས་ཀྱི་བགྲོ་གླེང་གནང། གསུང་རྩོམ་ཡང་ནང་རིག་པའི་སྐོར་དང། གཏན་ཚིགས་རིག་པ། སྒྲ་རིག་པ། གསོ་བ་རིག་པ། སྐར་རྩིས་རིག་པ་སོགས་དང། ཁྱད་པར་དུ་བོད་རྒྱལ་སྲོང་བཙན་སྒམ་པོ་སོགས་ཀྱི་སྐུ་དུས་སུ་ཇི་བཞིན་མ་འགྱུར་བའི་རྒྱ་རྩིས་གསར་འགྱུར་དང། འབྲུམ་བཅོས་སོགས་གསར་འགྱུར་སྨན་གྱི་སྐོར་སྣ་ཚོགས། སྒྲ་པཱ་ཎི་པ་དང་དབྱངས་ཅན་སྒྲ་མདོ། མངོན་བརྗོད་འཆི་མེད་མཛོད་བཅས་གསར་དུ་བསྒྱུར་བའམ་འགྱུར་བཅོས་མཛད་པ་སོགས་མཛད་རྗེས་ཤིན་ཏུ་ཆེ། ...
- language:
- English
3. smon lam tshig mdzod chen mo
མཚན་གཞན་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་སྟེ། རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་ལོར་མདོ་ཁམས་སྒང་དྲུག་གི་ཡ་གྱལ་འབྲི་ཟླ་ཟལ་མོའི་བར་དུ་སྐུ་འཁྲུངས། སྐུ་ནར་སོན་པ་དང་ཀརྨ་པ་སྐུ་ཕྲེང་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་དང༌། ཞྭ་དམར་བརྒྱད་པ་ཆོས་ཀྱི་དོན་འགྲུབ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། ཟུར་མཁར་བའི་སློབ་རྒྱུད་འཛིན་པ་ཡེ་ཤེས་ཤོགས་སློབ་དཔོན་དུ་མ་བསྟེན་ནས་རྒྱུད་སྡེ་བཞི་དང༌། སྡེ་སྣོད་གསུམ། སྒྲ་དང༌། བཟོ། གསོ་བ་སོགས་དཔྱིས་ཕྱིན་པར་སྦྱངས་ཏེ་བོད་ཙམ་དུ་མ་ཚད་རྒྱ་བལ་ཧོར་སོག་གི་ཡུལ་དུ་ཏའི་སི་ཏུ་མ་ཧཱ་པཎྜི་ཏ་ཆོས་ཀྱི་འབྱུང་གནས་ཞེས་མཚན་སྙན་གྱིས་ཁྱབ་པར་གྱུར། བོད་ཀྱི་ཡུལ་གྲུ་ཀུན་དང༌། རྒྱ་གར། རྒྱ་ནག་བལ་ཡུལ་བཅས་སུ་ཕེབས་ནས་ཡུལ་དེ་དག་གི་མཁས་པ་རྣམས་དང་རིག་གནས་ཀྱི་བགྲོ་གླེང་གནང༌། གསུང་རྩོམ་ཡང་ནང་རིག་པའི་སྐོར་དང༌། གཏན་ཚིགས་རིག་པ། སྒྲ་རིག་པ། གསོ་བ་རིག་པ། སྐར་རྩིས་རིག་པ་སོགས་དང༌། ཁྱད་པར་དུ་བོད་རྒྱལ་སྲོང་བཙན་སྒམ་པོ་སོགས་ཀྱི་སྐུ་དུས་སུ་ཇི་བཞིན་མ་འགྱུར་བའི་རྒྱ་རྩིས་གསར་འགྱུར་དང༌། འབྲུམ་བཅོས་སོགས་གསར་འགྱུར་སྨན་གྱི་སྐོར་སྣ་ཚོགས། སྒྲ་པཱ་ཎི་པ་དང་དབྱངས་ཅན་སྒྲ་མདོ། མངོན་བརྗོད་འཆི་མེད་མཛོད་བཅས་གསར་དུ་བསྒྱུར་བའམ་འགྱུར་བཅོས་མཛད་པ་སོགས་མཛད་རྗེས་ཤིན་ཏུ་ཆེ།
- language:
- Tibetan
4. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ 1699 ལོར་ཁམས་སྡེ་དགེ་ཨ་ལོའི་ཡུལ་གྱི་བྱེ་བྲག་དིང་རི་སྒང་དུ་ཡབ་ངག་དབང་ཚེ་རིང་དང་། ཡུམ་ཕྲ་འགུ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ 1774 ལོར་ཆིན་གོང་མའི་བཀའ་མངགས་གདན་ཞུ་ལྟར་ཤར་རྒྱལ་མོ་ཚ་བ་རོང་དུ་ཕེབས་པའི་ལམ་བར་དཀར་མཛེས་སུ་སྐུ་གཤེགས། ཁོང་དགུང་ལོ་གསུམ་པའི་དུས་སུ་ཀརྨ་པའི་སྐུ་ཕྲེང་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེས་སི་ཏུ་སྐུ་ཐོག་བདུན་པའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་ལྔ་པ་ནས་ཡབ་ཀྱིས་ཡི་གེའི་སྦྱོར་ཀློག་བསླབས་ཏེ་ཞག་བདུན་ལ་སྦྱོར་ཀློག་མཐར་ཕྱིན། དགུང་ལོ་བདུན་ནས་བཟུང་བོད་ཀྱི་རིག་གནས་ཀུན་ལ་སྦྱོང་བར་མཛད་པས་མཁས་པའི་དབང་པོར་གྱུར། ཁོང་ནི་བལ་ཡུལ་ལ་ཐེངས་གཉིས་དང་། དབུས་སུ་ཐེངས་ལྔ། གཙང་དུ་ཐེངས་གཉིས། མདོ་ཁམས་སུ་ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ་ཁམས་ཀུན། [1753] ཡུན་ནན་གྱི་བོད་རིགས་ས་ཁུལ་དང་འཇང་ཡུལ་བཅས་ལ་ཞབས་ཀྱིས་བཅགས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། རྒྱ་གར་ནག་དང་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོ་སློབ་དཔོན་དུ་བསྟེན་ནས་གྲུབ་མཐའ་ཡོངས་ཀྱི་རྣམ་གཞག་ཐུགས་སུ་ཆུད། ཁྱད་པར་སྒྲ་དང་སྙན་ངག རྩིས་དཀར་ནག གསོ་རིག བྲིས་འབུར་གྱི་ཆ་ཚད། ཡི་གེ་དཀར་ནག་གི་ཡིག་གཟུགས་ཚད་ལྡན་འབྲི་བ་སོགས་ཐུན་མོང་གི་རིག་གནས་ཀུན་ལ་མཁས་པའི་ཡང་རྩེར་སོན། སྔར་བསྒྱུར་ལ་འགྱུར་བཅོས་དང་། སྒྲ་དང་སྙན་ངག་མངོན་བརྗོད་སོགས་སྔོན་མེད་རྣམས་གསར་བསྒྱུར་མཛད་དེ་བོད་ཀྱི་རིག་གནས་ཆ་ཚང་ཞིང་ཁུངས་ཐུབ་ཚད་ལྡན་དུ་མཛད། སྤྱི་ལོ 1727 ལོར་དཔལ་སྤུངས་དགོན་པ་གསར་འདེབས་མཛད་ཅིང་རྟེན་དང་བརྟེན་པ་གསར་བཞེངས་མཛད། ཁོང་ནི་སི་ཏུའི་སྐུ་ཕྲེང་བརྒྱད་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་ཆོས་གྲུབ་རྒྱ་མཚོ་དང་དཔའ་བོ་གཙུག་ལག་དགའ་བ། ཏྲེ་ཧོ་ཆོས་ཀྱི་དབང་པོ། རིག་འཛིན་ཚེ་དབང་ནོར་བུ་བཅས་ཡིན། ཁོང་གི་མཚན་གྱི་རྣམ་གྲངས་ནི་མགོན་པོ་སྲུང་། ཆོས་ཀྱི་འབྱུང་གནས་འཕྲིན་ལས་ཀུན་ཁྱབ་ཡེ་ཤེས། ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་བཅས་སོ། ཁོང་གི་གསུང་རྩོམ་ནི་བསྟན་བཅོས་བརྒྱད་ཅུ་གྱ་གསུམ་གཅིག་ཏུ་བསྡུས་ཏེ། པོ་ཏི་བཅུ་བཞིར་བྱས་ནས་ཁོང་གིས་གསར་དུ་བཏབ་པའི་དཔལ་སྤུངས་དགོན་དུ་པར་བརྐོས་ཡོད། མིང་ལ《ཆོས་འབྱུང་བཀའ་འབུམ》ཟེར་ཞིང་། ད་ལྟ་དཔལ་སྤུངས་དགོན་དུ་པར་ཤིང་ཆ་ཚང་བཞུགས་སོ། །[1754]
- language:
- Tibetan