Skip to main content Skip to search
khri dpon/
ID:
T20553
  • ཁྲི་དཔོན (Tibetan, Tibetan script, Original)
    • > khri dpon/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tripön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jim Valby Dictionary

myriarchs

language:
English

2. dung dkar bod rig pa'i tshig mdzod chen mo

རབ་བྱུང་ལྔ་པའི་ས་འབྲུག(༡༢༦༨)ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པེ་ལི(忽必烈)སེ་ཆེན་ཧན་གྱིས་མངགས་པའི་གསེར་ཡིག་པ་ཨ་ཀོན་དང་མིའི་གླིང་གཉིས་བོད་དུ་འབྱོར་ནས་དབུས་གཙང་མངའ་རིས་ཡོངས་སུ་ཐེམ་དུད་ཞིབ་བཤེར་བྱས། དེ་ནས་ལོ་ངོ་ལྔ་སོང་བ་ཆུ་སྤྲེལ(༡༢༧༢)ལོར་གོང་གསལོེབ་བཤེར་བྱས་པའི་དུད་གྲངས་གཞིར་བཟུང་ནས་ཁྲི་སྐོར་བཅུ་གསུམ་དུ་ཕྱེ་ནས་ཁྲི་སྐོར་རེར་ཁྲི་དཔོན་རེ་བསྐོས་ཐོག་ཐུ་པོ་ཤོན་ཝུའི་སི་ཏུའུ་ཡོན་ཧྲའོ་ཧྥུ(吐蕃宣尉司都元师府)ཟེར་བའི་སྲིད་འཛིན་དོ་དམ་ས་ཁུལ་བཙུགས། ཁྲི་སྐོར་བཅུ་གསུམ་གྱི་གྲངས་འདྲེན་རྩི་ཚུལ་སྐོར་གཤམ་གསལ་བོད་ཁྲི་སྐོར་བཅུ་གསུམ་ཞེས་པའི་འགྲེལ་བཤད་ལ་གཟིགས།

language:
Tibetan

3. Thupten Phuntsok Dictionary

རབ་བྱུང་ལྔ་པའི་ས་འབྲུག (༡༢༦༨) ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པེ་ལི་སེ་ཆེན་ཧན་གྱིས་མངགས་པའི་གསེར་ཡིག་པ་ཨ་ཀོན་དང་མིའི་གླིང་གཉིས་བོད་དུ་འབྱོར་ནས་དབུས་གཙང་མངའ་རིས་ཡོངས་སུ་ཐེམ་དུད་ཞིབ་བཤེར་བྱས། དེ་ནས་ལོ་ངོ་ལྔ་སོང་བ་ཆུ་སྤྲེལ (༡༢༧༢) ལོར་གོང་གསལ་ཞིབ་བཤེར་བྱས་པའི་དུད་གྲངས་གཞིར་བཟུང་ནས་ཁྲི་སྐོར་བཅུ་གསུམ་དུ་ཕྱེ་ནས་ཁྲི་སྐོར་རེར་ཁྲི་དཔོན་རེ་བསྐོས་ཐོག་ཐུ་པོ་ཤོན་ཝུའི་སི་ཏུའུ་ཡོན་ཧྲའོ་ཧྥུ་ཟེར་བའི་སྲིད་འཛིན་དོ་དམ་ས་ཁུལ་བཙུགས། ཁྲི་སྐོར་བཅུ་གསུམ་གྱི་གྲངས་འདྲེན་རྩི་ཚུལ་སྐོར་གཤམ་གསལ་བོད་ཁྲི་སྐོར་བཅུ་གསུམ་ཞེས་པའི་འགྲེལ་བཤད་ལ་གཟིགས།

language:
Tibetan