Skip to main content Skip to search
khral pa/
ID:
T20404
  • ཁྲལ་པ (Tibetan, Tibetan script, Original)
    • > khral pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trelpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

taxpayer. The highest sort of (the 3 kinds) of mi ser. They were tied to the agricultural land which they held hereditarily. So long as they kept certain obligations to their lord, they could not be evicted. They had the heaviest tax burdens, including corvée service. Goldstein, Taxation 4.

language:
English

2. Rangjung Yeshe Dictionary

peasant paying tax in kind or labor

language:
English

3. Ives Waldo Dictionary

[high status] peasant paying tax in kind or labor [by being a land tenant tax and compulsory post service rgyug mkhan]

language:
English

4. Jim Valby Dictionary

taxpayers

language:
English

5. bod rgya tshig mdzod chen mo

[276] ས་རྟེན་ལ་བརྟེན་ནས་ཁྲལ་འུ་ལག་རྒྱུག་མཁན། ...

language:
English

6. dung dkar bod rig pa'i tshig mdzod chen mo

བོད་དུ་ཁྲལ་རྐང་ས་ཞིང་འདེབས་མཁན་ལ་ཁྲལ་པ་ཟེར་ཞིང༌། ཁྲལ་པ་དུད་ཚང་གཅིག་ལ་མཚོན་ན་རང་ཉིད་ཀྱིས་འདེབས་ལས་བྱེད་པའི་ཁྲལ་རྐང་ས་ཞིང་མང་ཉུང་ལ་གཞིགས་ནས་ཞིང་བྲན་བདག་པོར་ཁྲལ་རིགས་རྒྱུགས་དགོས། ཁྲལ་རིགས་ཀྱི་ནང་འུ་ལག་རྒྱུགས་རྒྱུ་དང༌། ་དངུལ་ཁྲལ་རྒྱུགས་རྒྱུ་སོགས་ཚུད་ཡོད། དེ་སྔ་བོད་ས་གནས་སྲིད་གཞུང་གི་གཏན་འབེབས་ལྟར་ན། སྲིད་གཞུང་གི་ས་ཞིང་སོན་ཁལ་བཞི་བཅུ་ཡས་མས་འདེབས་ལས་བྱས་ན་དེར་ཁྲལ་རྐང་གཅིག་ཟེར། (ཁྲལ་རྐང་ཞེས་པ་ནི་ཁྲལ་འཁྲིའི་ས་རྟེན་རྩི་སྟངས་ཤིག་ཡིན)ཁྲལ་པ་དུད་ཚང་གི་ཁྲལ་རྐང་ས་ཞིང་མང་ཉུང་མི་འདྲ་བ་སྟེ། ཞིང་ཁྲལ་རྐང་གཉིས་གསུམ་ཙམ་ཡོད་པ་དང༌། ཉུང་བར་ས་ཞིང་ཁྲལ་རྐང་བཞི་ཟུར་གཅིག་གམ་ཡང་ན་བརྒྱད་ཟུར་གཅིག་ཙམ་ལས་མེད། སྤྱིར་ན་མངའ་བདག་གིས་ཁྲལ་པའི་ཁྲལ་རྟེན་ས་ཞིང་གང་བྱུང་གིས་བསྡུ་སྲོལ་མེད་ཀྱང༌། ཁྲལ་པས་ཁྲལ་རྒྱུགས་མི་ཐུབ་པའམ། ཡང་ན་ཁྲལ་པའི་དུད་ཚང་རྩ་སྟོངས་སོང་རིགས་ཀྱི་གནས་ཚུལ་བྱུང་ན་ཞིང་བྲན་བདག་པོས་གཞི་ནས་ས་ཞིང་བསྡུས་ཏེ་ཞིང་བྲན་གཞན་ལ་འདེབས་ལས་བྱེད་དུ་འཇུག་གི་ཡོད། ཁྲལ་པའི་ཁྲལ་ཞིང་ལ་ཁྲལ་རྟེན་ཕ་གཞིས་ཞེས་ཀྱང་ཟེར། ཁྲལ་པས་རང་ལ་འཁྲི་བའི་ཁྲལ་རིགས་རྣམས་ནར་འགྱངས་མེད་པར་དུས་ཐོག་ཏུ་སྤྲོད་ཐུབ་ཕྱིན་རང་གི་ཁྲལ་རྟེན་ཕ་གཞིས་དེ་མི་རབས་ནས་མི་རབས་བར་ཤུལ་འཛིན་བྱེད་ཆོག་པ་མ་ཟད། དུས་བཀག་རྒྱས་བཅད་བཟོས་ནས་ས་ཞིང་བོགས་མར་གཏོང་བ་དང༌། གཏའ་མར་འཇོག་པ། བུན་ཚབ་ཏུ་སྤྲོད་པ་སོགས་གང་རུང་བྱེད་ཆོག འོན་ཀྱང་ས་ཞིང་ཆོང་སྒྱུར་བྱེད་མི་ཆོག དེ་བཞིན་གཞན་ལ་ནང་ཤུགས་བཏང་བའི་ཁྲལ་ཞིང་རྣམས་ཁྲལ་པ་བརྗེ་དུས་ཁྲལ་ཞིང་ཡོངས་རྫོགས་བསྡུ་གི་ཡོད། ཁྲལ་པ་དུད་ཚང་གི་མི་རྒྱུད་སྟོང་དུས་མངའ་བདག་གིས་ཁྲལ་པ་གསར་པ་བཙུགས་ནས་ཚབ་བྱེད་དུ་འཇུག་སྲོལ་ཡོད། མངའ་བདག་གིས་ཁྲལ་པར་ཁྲལ་ཞིང་སྤྲད་རྗེས་ཁྲལ་པས་རང་ཚུགས་ཀྱི་སྒོ་ནས་ཐོན་སྐྱེད་བདག་གཉེར་བྱེད་ཆོག་ནའང་མངའ་བདག་གིས་རང་གི་ཁྲལ་བོགས་བསྡུ་རྒྱུར་འགོག་རྐྱེན་མི་ཡོང་བའི་ཆེད་དུ་ཁྲལ་རྐང༌ས་ཞིང་གཅིག་ལ་ངེས་པར་དུ་ལས་ཐུབ་གོ་ཐང་བཞི་ནས་བརྒྱད་བར་ཡོད་དགོས་པ་ལས་རང་འཚམ་གྱིས་གཞིས་ཀ་དང་བྲལ་མི་ཆོག་པའི་གཏན་འབེབས་བྱས་ཡོད། གཞན་ཡང་མངའ་བདག་གིས་ཁྲལ་ཞིང་མང་ལ་མི་ཆ་ཉུང་བའི་ཁྲལ་པའི་དུད་ཚང་ལ་མི་ཅུང་མང་བའི་ཁྲལ་པའི་དུད་ཚང༌། (ས་ཁུལ་འགའ་ཞིག་ལ་ཁྲལ་སྣོན་ཟེར)དོན་དངོས་ཐོག་ཁྲལ་རོགས་དེ་ཚོ་ངལ་རྩོལ་ནུས་ཤུགས་མི་ལྡེང་བའི་ཁྲལ་པའི་དུད་ཚང་གི་གཡོག་པོར་གྱུར་པས་ཁོ་ཚོའི་སྤྱི་ཚོགས་ཀྱི་གནས་བབ་དེ་ཁྲལ་པ་ལས་ཀྱང་དམའ་བ་ཡོད། ཁྲལ་པ་ནི་ཞིང་བྲན་གྱི་ནང་ནས་སྤྱི་ཚོགས་ཀྱི་གནས་བབ་ཅུང་མཐོ་བའི་རིམ་གྲས་ཤིག་ཡིན། ཁྲལ་པ་དུད་ཚང་སོ་སོའི་དབར་ས་ཞིང་དང༌། རྨོ་ཕྱུགས། ཞིང་ལས་ཡོ་བྱད་སོགས་མང་ཉུང་དང་ལེགས་ཞན་སྤུས་འབོར་མི་འདྲ་བ་མ་ཟད། ཁྱིམ་ཚང་སོ་སོའི་མི་ཆ་ཧྲག་ལོད་ཀྱིས་ངལ་རྩོལ་ནུས་ཤུགས་ཆེ་ཆུང་དབྱེ་ཁྱད་འཛོལ་བ་བཅས་ལ་བརྟེན་ཁྲལ་པའི་དུད་ཚང་གི་ཁྱིམ་འཁོས་དཔལ་འབྱོར་བཟང་ཞན་རབ་འབྲིང་ཐ་གསུམ་ལ་དབྱེ་ཆོག་པ་སྟེ། གཅིག ཁྱིམ་འཁོས་རབ་གྲས་ཀྱི་ཁྲལ་པའི་དུད་ཚང་དེས་ཁྲལ་པ་སྤྱི་འབོར་གྱི་བརྒྱ་ཆ་བཅུ་ཡས་མས་ཟིན་གྱི་ཡོད། ཁོ་ཆོའི་ཁྲལ་ཞིང་གི་རྒྱ་ཁྱོན་ཅུང་ཆེ་ལ་ས་རྒྱུ་དང་ཆུ་བེད་ཀྱི་ཆ་རྐྱེན་ཡང་ཅུང་ལེགས་པ་དང༌། རྨོ་ཕྱུགས་ཀྱིས་མཚོན་པའི་ཞིང་ལས་ཡོ་བྱད་རིགས་ཀྱང་ཆ་ཚང་ཙམ་ཡོད། དེ་བཞིན་རང་ཉིད་ངལ་རྩོལ་ནང་ཞུག་པའི་ཐོག་ཡུན་རིང་གླ་བའམ་ཡང་ན་དུས་ཐུང་གླ་པ་ཉུང་ཤས་ཤིག་གླ་བས་ཁོ་ཆོའི་འཚོ་བའི་ཆ་རྐྱེན་དེ་སྤྱིར་བཏང་གི་ཞིང་བྲན་ལས་ཅུང་ལེགས་པ་ཡོད། ཁོ་ཚོས་ཞིང་བྲན་གཞན་ལ་བཤུ་གཞོག་གཏོང་གི་ཡོད་ནའང་ཁོ་ཚོ་དང་མངའ་བདག་དབར་རང་ལུས་གཞན་རྟེན་གྱི་འབྲེལ་བ་ཡོད་མུས་ལ་བརྟེན་ཁོ་ཚོ་རང་ཉིད་ཀྱང་མངའ་བདག་གི་བཤུ་གཞོག་མྱོང་དགོས་སྟབས་ཁོ་ཚོ་ཡང་ཞིང་བྲན་གྱི་གྲས་སུ་གཏོགས། ཁྲལ་པ་དེ་རིགས་ཀྱི་ཁྲོད་དུ་ས་གནས་སྲིད་གཞུང་ལ་ཐད་ཀར་གཏོགས་པའི་གཞུང་རྒྱུགས་ཁྲལ་པ་དུད་ཚང་མང་པོ་ཡོད། དམངས་གཙོའི་བཅོས་བསྒྱུར་སྐབས་ཁྲལ་དུད་དེ་རིགས་ཕལ་ཆེ་བ་ཞིང་བྲན་ཕྱུག་པོར་གཏན་འཁེལ་བྱས་ཡོད། གཉིས། ཁྱིམ་འཁོས་འབྲིང་གྲས་ཀྱི་ཁྲལ་པའི་དུད་ཚང་དེ་ཁྲལ་པ་སྤྱི་འབོར་གྱི་བརྒྱ་ཆ་ཉི་ཤུ་ཡས་མས་ཟིན་ཡོད། ཁོ་ཚོར་ས་རྒྱུ་ཅུང་ལེགས་པའི་ཁྲལ་ཞིང་སོན་གྲངས་ངེས་ཅན་ཞིག་ཡོད་པ་མ་ཟད། རྨོ་ཕྱུགས་དང༌། ཞིང་ལས་ཡོ་བྱད། ངལ་རྩོལ་ནུས་ཤུགས་བཅས་ཀྱང་ལྡེང་ཙམ་ཡོད་པས་མངའ་བདག་ལ་ཁྲལ་བོགས་འཇལ༌རྗེས་ལྟོ་གོས་ཁ་འཕྱིད་ཙམ་ཡོད་པ་དང༌། འབྲིང་རིམ་ཁྲལ༌པ་ཁག་གཅིག་ལ་ད་དུང་གཞན་གྱི་བུ་ལོན་ཡང་ཡོད། ཁྲལ༌དུད་དེ་རིགས་ཕལ་ཆེ་བ་དམངས་གཙོའི་བཅོས་བསྒྱུར་སྐབས་སུ་ཞིང་བྲན་འབྲིང་བར་གཏན་འཁེལ་བྱས་ཡོད། །གསུམ། ཁྱིམ་འཁོས་ཐ་གྲས་ཀྱི་ཁྲལ་པའི་དུད་ཚང་གིས་ཁྲལ་པསྤྱི་འབོར་གྱི་བརྒྱ་ཆ་བདུན་ཅུ་ཡས་མས་ཟིན་ཡོད། །ཁྲལ་དུད་དེ་རིགས་ཁྲལ་ཞིང་ཉུང་བའམ་ཡང་ན་ཁྲལ་ཞིང༌། ཁག་གཅིག་གཏའ་མར་བཞག་པ་དང་བུན་ཚབ་ཏུ་སྤྲད་པ། ཐོན་སྐྱེད་ཀྱི་ཆ་རྐྱེན་ཞན་པ། རྨོ་ཕྱུགས་དང༌། ཞིང་ལས་ཡོ་བྱད། ངལ་རྩོལ་ནུས་ཤུགས་བཅས་གང་ཐད་ནས་༡ག་ཕྲ་ཞིང༌། ཁྲལ་ལྩི་བ། བུ་ལོན་མང་བ་སོགས་ཀྱི་རྐྱེན་པས་ལོ་རེའི་གཏོང་ཡོང་མགོ་མི་ཐུག་པར་དཔལ་འབྱོར་གྱི་འཁོས་ཀ་ཇེ་སྡུག་ཇེ་ཞན་དུ་སོང་ནས་ལ་ལ་ཁྱིམ་གཞིས་ཐོར་ལ་ཁད་ཀྱི་གནས་སུ་གྱར་བ་བཅས་རེད། ཁྲལ་དུད་དེ་རིགས་དམངས་གཙོའི་བཅོས་བསྒྱུར་སྐབས་སུ་ཞིང་བྲན་དབུལ་ཕོངས་སུ་གཏན་འཁེལ་བྱས་ཡོད།

language:
Tibetan

7. Thupten Phuntsok Dictionary

ས་རྟེན་ལ་བརྟེན་ནས་ཁྲལ་འུ་ལག་རྒྱུག་མཁན།

language:
Tibetan

8. smon lam tshig mdzod chen mo

ས་རྟེན་ལ་བརྟེན་ནས་ཁྲལ་འུ་ལག་རྒྱུག་མཁན།

language:
Tibetan