Skip to main content Skip to search
rig gnas bco brgyad/
ID:
T189519
  • རིག་གནས་བཅོ་བརྒྱད (Tibetan, Tibetan script, Original)
    • > rig gnas bco brgyad/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > rikné chogyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

CHN

language:
English

2. Jim Valby Dictionary

18 arts & sciences (rol mo, 'khrig 'thab, so tshis, grang can, sgra, gso ba, chos lugs, bzo ba, 'phong spyod, gtan tshig, sbyor ba, rang gi bcas pa, thos pa dran pa, skar ma'i dpyad, rtsis, mig 'phrul, sngon rabs, sngon byung brjod)

language:
English

3. dung dkar bod rig pa'i tshig mdzod chen mo

.མཛོད་ལས་གསུངས་པའི་རིག་གནས་བཅོ་བརྒྱད་དེ། རོལ་མོ། འཁྲིག་ཐབས། འཚོ་ཚིས། གྲངས་ཅན། སྒྲ། གསོ་དཔྱད། ཆོས་ལུགས། བཟོ་བོ། འཕོང་དཔྱད། གཏན་ཚིགས། རྣལ་འབྱོར། ཐོས་པ། དྲན་པ། སྐར་མའི་དཔྱད། རྩིས། མིག་འཕྲུལ། སྔོན་རབས། སྔོན་བྱུང་བརྗོད་པ་དང་བཅོ་བརྒྱད་དེ། །༢.དུས་འཁོར་ལས་གསུང་པའི་རིག་གནས་བཅོ་བརྒྱད་དེ། ཚོང་པ། རྫ་མཁན། འཕྲེང་རྒྱུད་མཁན། ཆང་མ། ཕྱུགས་རྫི། འབྲེག་མཁན། འབྲུ་མར་མཁན། ཕྱྭ་མཁན། མགར་བ། ཤིང་མཁན། འཐག་མཁན། ཀོ་ལྤགས་མཁན། ཉ་པ་། བཙོ་ལག་མཁན། སྨྱུག་མ་མཁན། ཤན་པ། གཤེད་མ། ཤིང་རྟ་མཁན་དང་བཅོ་བརྒྱད་དོ། །༣.འདུལ་བ་ལུང་ལས་གསུངས་པའི་རིག་གནས་བཅོ་བརྒྱད་དེ། གསང་སྔགས་ཀྱི་རྒྱུད། ཆོ་ག་ཞིབ་མོ། གཏན་ཚིགས་རིག་པ། རིག་བྱེད། བརྡ་སྤྲོད། སྒྲ་ངེས་སྦྱོར། ཤེས་གསལ། ངེས་ཚིག སྡེབ་སྦྱོར་མཁས་པ། སྐར་མའི་རིག་པ། རྟོགས་བྱེད་ཀྱི་རིག་པ། ཆུར་ལྷུང་གི་རིག་པ། ཆེར་སྤྱོད་ཀྱི་རིག་པ། འཇིག་རྟེན་རྒྱང་འཕེན་པའི་རིག་པ། བྱེ་བྲག་པའི་རིག་པ། རྒྱུད་དྲུག་ཅུ་པ། ཁྱུར་མིད་ཀྱི་རིག་པ། གནས་འདུག་གི་རིག་པ་དང་བཅོ་བརྒྱད་དོ། །༤.ཀློང་རྡོལ་བླ་མའི་གསུང་ནས་གསུངས་པའི་རིག་གནས་བཅོ་བརྒྱད་དེ་འཇིག་རྟེན་ཤེས་པས་བཟོ་རིག་པ་ཤེས་པ། ཟས་ཀྱི་ཚད་དང་འཕན་གནོད་ཤེས་པས་གསོ་བ་རིག་པ་ཤེས་པ། བྱཱ་ཀ་ར་ཎ་སྡེ་བརྒྱད་སོགས་ཤེས་པས་སྒྲ་རིག་པ་ཤེས་པ། རྟག་ཆད་སྒྲོ་སྐུར་ཤེས་པས་ཚད་མ་རིག་པ་ཤེས་པ། འགྲོ་བ་རིགས་དྲུག་གི་མཚན་ཉིད་ཤེས་པས་ནང་བཅུད་ཀྱི་སེམས་ཅན་རིག་པ་ཤེས་པ། མཐོ་རིས་དང་ངན་འགྲོ་ཤེས་པས་ལས་རིག་པ་ཤེས་པ། རང་གཞན་གྱི་ལུས་པ་སོགས་གང་དུ་སྐྱེ་བའི་བདེ་སྡུག་ཤེས་པས་སྐྱེ་གནས་རིག་པ་ཤེས་པ། ཚེ་སྔ་ཕྱི་བར་གསུམ་ཤེས་པས་དུས་རིག་པ་ཤེས་པ། རྟག་འཛིན་གྱི་སྐྱོན་ཤེས་པས་འཆི་བ་རིག་པ་ཤེས་པ། དབང་པོ་རབ་འབྲིང་ཐ་གསུམ་ཤེས་པས་ཤེས་རབ་རིག་པ་ཤེས་པ། གཞན་གྱིས་བསམ་པ་ཤེས་པས་ཡིད་རིག་པ་ཤེས་པ། ཁམས་ཐམས་ཅད་འབྱུང་བ་ལྔར་ཤེས་པས་སྐྱེ་བ་རིག་པ་ཤེས་པ།འདི་ལ་ཁམས་རིག་པ་ཟེར་བའང་ཡོད་གཟུགས་སོགས་ཡུལ་དྲུག་སེམས་སུ་ཤེས་པས་ཡུལ་རིག་པ་ཤེས་པ། ཐམས་ཅད་བྱིན་གྱིས་བརླབས་པར་ནུས་པས་སྔགས་རིག་པ་ཤེས་པ། རྫས་ཐམས་ཅད་བདུད་རྩིར་ཤེས་པས་སྨན་རིག་པ་ཤེས་པ། ཐེག་པ་གསུམ་གྱི་ལམ་བཅོ་ལྔ་ཤེས་པས་ཆོས་རིག་པ་ཤེས་པ། འཁོར་འདས་གཅིག་ཏུ་ཤེས་པས་བྱང་ཆུབ་རིག་པའོ། །༥.བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའི་དབྱངས་ཅན་ངག་གི་རོལ་མཚོ་ལས་གསུངས་པའི་རིག་གནས་བཅོ་བརྒྱད་དེ། སྤྱིར་ན་གོང་གི་ནང་གསེས་གསུམ་པ་འདུལ་བ་ལུང་ལས་གསུངས་པའི་རིག་གནས་བཅོ་བརྒྱད་དང་འདྲེན་ཚུལ་གཅིག་སྣང་ངོ་། །༦.སྐྱེས་རབས་རྒྱ་ཆེར་འགྲེལ་དུ། རོལ་མོ་དང་། འཁྲིག་ཐབས་དང་། འཚོ་ཚིས་དང་། གྲངས་ཅན་དང། སྒྲ་དང་། གསོ་བའི་དཔྱད་དང་། བཟོ་དང་། འཕོང་དཔྱད་དང་། གཏན་ཚིགས་ཀྱི་སྦྱོར་བ་དང་། རྣལ་འབྱོར་ཐོས་ཤིང་དྲན་པ་དང་། སྐར་མའི་དཔྱད་དང་། རྩིས་དང་། མིག་འཕྲུལ་དང་། སྔོན་གྱི་རབས་དང་། དེ་བཞིན་དུ་བྱེ་བྲག་པ་དང་། དེ་བཞིན་གྱི་ཕྲེང་བ་དང་། རིག་པའི་བསྟན་བཅོས་ཡོངས་སུ་བཏགས་པའོ། ཞེས་ཅུང་ཟད་མི་འདྲ་བར་གསུངས་སོ། །འདི་དང་རིག་པའི་གནས་བཅོ་བརྒྱད་གཉིས་དོན་གཅིག་གོ

language:
Tibetan

4. Thupten Phuntsok Dictionary

མཛོད་ལས་གསུངས་པའི་རིག་གནས་བཅོ་བརྒྱད་དེ། རོལ་མོ། འཁྲིག་ཐབས། འཚོ་ཚིས། གྲངས་ཅན། སྒྲ། གསོ་དཔྱད། ཆོས་ལུགས། བཟོ་བོ། འཕོང་དཔྱད། གཏན་ཚིགས། རྣལ་འབྱོར། ཐོས་པ། དྲན་པ། སྐད་མའི་དཔྱད། རྩིས། མིག་འཕྲུལ། སྔོན་རབས། སྔོན་བྱུང་བརྗོད་པ་དང་བཅོ་བརྒྱད་དོ། །༢ དུས་འཁོར་ལས་གསུངས་པའི་རིག་གནས་བཅོ་བརྒྱད་དེ། ཚོང་པ། རྫ་མཁན། འཕྲེང་རྒྱུད་མཁན། ཆང་མ། ཕྱུགས་རྫི། འབྲེག་མཁན། འབྲུ་མར་མཁན། ཕྱྭ་མཁན། མགར་བ། ཤིང་མཁན། འཐག་མཁན། ཀོ་ལྤགས་མཁན། ཉ་པ། བཙོ་ལག་མཁན། རྨྱུག་མ་མཁན། ཤན་པ། གཤེད་མ། ཤིང་རྟ་མཁན་དང་བཅོ་བརྒྱད་དོ། །༣ འདུལ་བ་ལུང་ལས་གསུངས་པའི་རིག་གནས་བཅོ་བརྒྱད་དེ། གསང་སྔགས་ཀྱི་རྒྱུད། ཆོ་ག་ཞིབ་མོ། གཏན་ཚིགས་རིག་པ། རིག་བྱེད། བརྡ་སྤྲོད། སྒྲ་ངེས་སྦྱོར། ཤེས་གསལ། ངེས་ཚིག སྡེབ་སྦྱོར་མཁས་པ། སྐར་མའི་རིག་པ། རྟོགས་བྱེད་ཀྱི་རིག་པ། ཆུར་ལྷུང་གི་རིག་པ། ཆེར་སྦྱོད་ཀྱི་རིག་པ། འཇིག་རྟེན་རྒྱང་འཕེན་པའི་རིག་པ། བྱེ་བྲག་པའི་རིག་པ། རྒྱུད་དྲུག་ཅུ་པ། ཁྱུར་མིད་ཀྱི་རིག་པ། གནས་འདུག་གི་རིག་པ་དང་བཅོ་བརྒྱད་དོ། ༤ཀློང་རྡོལ་བླ་མའི་གསུང་ནས་གསུངས་པའི་རིག་གནས་བཅོ་བརྒྱད་དེ་འཇིག་རྟེན་ཤེས་པས་བཟོ་རིག་པ་ཤེས་པ། ཟས་ཀྱི་ཚད་དང་ཕན་གནོད་ཤེས་པས་གསོ་བ་རིག་པ་ཤེས་པ། བྱཱ་ཀ་ར་ཎ་སྡེ་བརྒྱད་སོགས་ཤེས་པས་སྒྲ་རིག་པ་ཤེས་པ། རྟག་ཆད་སྒྲོ་སྐུར་ཤེས་པས་ཚད་མ་རིག་པ་ཤེས་པ། འགྲོ་བ་རིགས་དྲུག་གྱི་མཚན་ཉིད་ཤེས་པས་ནང་བཅུད་ཀྱི་སེམས་ཅན་རིག་པ་ཤེས་པ། མཐོ་རིས་དང་ངན་འགྲོ་ཤེས་པས་ལས་རིག་པ་ཤེས་པ། རང་གཞན་གྱི་ལུས་ལེན་པ་སོགས་གང་དུ་སྐྱེ་བའི་བདེ་སྡུག་ཤེས་པས་སྐྱེ་གནས་རིག་པ་ཤེས་པ། ཚེ་སྔ་ཕྱི་བར་གསུམ་ཤེས་པས་དུས་རིག་པ་ཤེས་པ། རྟག་འཛིན་གྱི་སྐྱོན་ཤེས་པས་འཆི་བ་རིག་པ་ཤེས་པ། དབང་པོ་རབ་འབྲིང་ཐ་གསུམ་ཤེས་པས་ཤེས་རབ་རིག་པ་ཤེས་པ། གཞན་གྱི་བསམ་པ་ཤེས་པས་ཡིད་རིག་པ་ཤེས་པ། ཁམས་ཐམས་ཅད་འབྱུང་བ་ལྔར་ཤེས་པས་སྐྱེ་བ་རིག་པ་ཤེས་པ། (འདི་ལ་ཁམས་རིག་པ་ཟེར་བའང་ཡོད) གཟུགས་སོགས་ཡུལ་དྲུག་སེམས་སུ་ཤེས་པས་ཡུལ་རིག་པ་ཤེས་པ། ཐམས་ཅད་བྱིན་གྱི་བརླབས་པར་ནུས་པས་སྔགས་རིག་པ་ཤེས་པ། རྫས་ཐམས་ཅད་བདུད་རྩིར་ཤེས་པས་སྨན་རིག་པ་ཤེས་པ། རྫས་ཐམས་ཅད་བདུད་རྩིར་ཤེས་པས་ཆོས་རིག་པ་ཤེས་པ། ཐེག་པ་གསུམ་གྱི་ལམ་བཅོ་ལྔ་ཤེས་པས་ཆོས་རིག་པ་ཤེས་པ། འཁོར་འདས་གཅིག་ཏུ་ཤེས་པས་བྱང་ཆུབ་རིག་པ་ཤེས་པའོ། །༥ བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའི་དབྱངས་ཅན་ངག་གི་རོལ་མཚོ་ལས་གསུངས་པའི་རིག་གནས་བཅོ་བརྒྱད་དེ། སྤྱིར་ན་གོང་གི་ནང་གསེས་གསུམ་པ་འདུལ་བ་ལུང་ལས་གསུངས་པའི་རིག་གནས་བཅོ་བརྒྱད་དང་འདྲེན་ཚུལ་གཅིག་སྣང་ངོ་། སྐྱེས་རབས་རྒྱ་ཆེར་འགྲེལ་དུ། རོལ་མོ་དང་། འཁྲིག་ཐབས་དང་། འཚོ་ཚིས་དང་། བཟོ་དང་། འཕོང་དཔྱད་དང་། གཏན་ཚིགས་ཀྱི་སྦྱོར་བ་དང་། རྣལ་འབྱོར་ཐོས་ཤིང་དྲན་པ་དང་། སྐར་མའི་དཔྱད་དང་། རྩིས་དང་། མིག་འཕྲུལ་དང་། སྔོན་གྱི་རབས་དང་། དེ་བཞིན་དུ་བྱེ་བྲག་པ་དང་། དེ་བཞིན་གྱི་ཕྲེང་བ་དང་། རིག་པའི་བསྟན་བཅོས་ཡོངས་སུ་བཏགས་པའོ། །ཞེས་ཅུང་ཟད་མི་འདྲ་བར་གསུངས་སོ། །འདི་དང་རིག་པའི་གནས་བཅོ་བརྒྱད་གཉིས་དོན་གཅིག་གོ

language:
Tibetan