Skip to main content Skip to search
zab gter/
ID:
T172952
  • ཟབ་གཏེར (Tibetan, Tibetan script, Original)
    • > zab gter/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zapter (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

profound treasure

language:
English

2. Ives Waldo Dictionary

3. dung dkar bod rig pa'i tshig mdzod chen mo

བོད་ཀྱི་གསང་སྔགས་སྔ་འགྱུར་རྙིང་མའི་ཆོས་ལ་བརྒྱུད་པ་མི་འདྲ་བ་གསུམ། .རིང་བརྒྱུད་བཀའ་མ། .ཉེ་བརྒྱུད་གཏེར་མ། .ཟབ་མོ་དག་སྣང་གི་བརྒྱུད་པ་ཡོད་པའི་ནང་གི་ཉེ་བརྒྱུད་གཏེར་མ་ལ་ཡང་གཏེར་ཁ་གོང་མ་དང་འོག་མ་གཉིས་ཡོད། གཏེར་ཁ་གོང་མ་ནི། མངའ་བདག་ཉང་ཉི་མ་འོད་ཟེར(རབ་བྱུང་གཉིས་པའི་ཤིང་འབྲུག༡༡༢༤ལོ་ནས་རབ་བྱུང་གསུམ་པའི་ཤིང་བྱི༡༢༠༤ལོའི་བར)གྱིས་བཀའ་བརྒྱད་བདེ་གཤེགས་འདུས་པ་ཆ་ཚང་བ་གཏེར་ནས་བཏོན་པ་དེའི་ཆོས་བརྒྱུད་ལ་ཟེར་ཤིང་། གཏེར་ཁ་འོག་མ་ནི། མངའ་བདག་ཉང་གི་སློབ་མ་གཏེར་ཆེན་གུ་རུ་ཆོས་དབང་གིས་བཀའ་བརྒྱད་གསང་བ་ཡོངས་རྫོགས་གཏེར་ནས་བཏོན་པ་དང་། རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་དངོས་གྲུབ་རྒྱལ་མཚན(རབ་ བྱུང་དྲུག་པའི་མེ་གླང༡༣༣༧ལོ་ནས༡༤༠༦ལོའི་བར)གྱིས་བཀའ་བརྒྱད་རང་བྱུང་རང་ཤར་གཏེར་ནས་བཏོན་པ་བཅས་ཀྱི་ཆོས་བརྒྱུད་ལ་ཟེར།

language:
Tibetan

4. Thupten Phuntsok Dictionary

བོད་ཀྱི་གསང་སྔགས་སྔ་འགྱུར་རྙིང་མའི་ཆོས་ལ་བརྒྱུད་པ་མི་འདྲ་བ་གསུམ། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་ཡོད་པའི་ནང་གི་ཉེ་བརྒྱུད་གཏེར་མ་ལ་ཡང་གཏེར་ཁ་གོང་མ་དང་འོག་མ་གཉིས་ཡོད། གཏེར་ཁ་གོང་མ་ནི། མངའ་བདག་ཉང་ཉི་མ་འོད་ཟེར (རབ་བྱུང་གཉིས་པའི་ཤིང་འབྲུག༡༡༢༤ལོ་ནས་རབ་བྱུང་གསུམ་པའི་ཤིང་བྱི་༡༢༠༤ལོ་བར) གྱིས་བཀའ་བརྒྱད་བདེ་གཤེགས་འདུས་པ་ཆ་ཚང་བ་གཏེར་ནས་བཏོན་པ་དེའི་ཆོས་བརྒྱུད་ལ་ཟེར་ཞིང་། གཏེར་ཁ་འོག་མ་ནི། མངའ་བདག་ཉང་གི་སློབ་མ་གཏེར་ཆེན་གུ་རུ་ཆོས་དབང་གིས་བཀའ་བརྒྱད་གསང་བ་ཡོངས་རྫོགས་གཏེར་ནས་བཏོན་པ་དང་། རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་དངོས་གྲུབ་རྒྱལ་མཚན (རབ་བྱུང་དྲུག་པའི་མེ་གླང༡༣༣༧ལོ་ནས་རབ་བྱུང་བདུན་པའི་མེ་ཁྱི༡༤༠༦ལོ་བར) གྱིས་བཀའ་བརྒྱད་རང་བྱུང་རང་ཤར་གཏེར་ནས་བཏོན་པ་བཅས་ཀྱི་ཆོས་བརྒྱུད་ལ་ཟེར།

language:
Tibetan