- 'tsho ba zas/
- ID:
- T164301
- འཚོ་བ་ཟས (Tibetan, Tibetan script, Original)
- > 'tsho ba zas/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsowazé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
ལུས་འཚོ་ཞིང་ཁམས་བརྟས་ལ་བཀྲེས་སྐོམ་གྱི་གདུང་བ་སེལ་ནུས་པའི་རྫས་སྤྱིའི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། འཚོ་བར་བྱེད་པའི་ཟས་ལ་ཡང་། ཁམས་ཀྱི་ཟས་དང་རེག་པའི་ཟས། སེམས་པ་རྣམ་ཤེས་ཟས་བཞི་རུ། བཤད་ཀྱང་སྐབས་འདིར་ལུས་བརྟས་ཤིང་། བཀྲེས་སྐོམ་སེལ་ནུས་རྫས་སྤྱིའི་མིང་། ཟས་བཞིའི་ནང་ནས་ཁམས་ཀྱི་ཁོངས། ཞེས་གསུངས།
- language:
- Tibetan