- rtse mgron/
- ID:
- T157070
- རྩེ་མགྲོན (Tibetan, Tibetan script, Original)
- > rtse mgron/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsemdrön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
Tibetan govt rtse 'gag gi mgron gnyer [Rtse 'gag sngar rtse po ta la'i gzims chung 'gag nas t' la'i bla ma'i bka' rnams brgyud bsgrags &, gsham 'og gi snyan seng zhu 'bul byed mkhan office der mkhan chung mi gcig dang rtse mgron las tsan pa 16 + four gzims 'gag mi]
- language:
- English
2. bod rgya tshig mdzod chen mo
[2224] སྔར་བོད་ས་གནས་སྲིད་གཞུང་གི་རྩེ་འགག་གི་མགྲོན་གཉེར། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་རྩེ་གཟིམ་ཆུང་འགག་གི་འགོ་འཛིན་ཏེ། འགན་དབང་ནི་མཇལ་ཁ་ཞུ་མི་སྔ་རྟིང་བསྒྲིག་པ་དང། སྲུང་མདུད་གཡོགས་པ། སྙན་ཤོག་འབྲི་རྒྱུ། ཉིན་ལྟར་མཛད་སྒོ་ཇི་བྱུང་མགྲོན་དེབ་(འདི་ཉིན་ཐོ་འགོད་པ་ཡིན་ཞིང། སྲོལ་ལམ་ཇི་བྱུང་སླད་ལྟ་ཞིབ་བྱེད་ཡུལ་དང། ཏཱ་ལའི་བླ་མ་འདས་རྗེས་རྣམ་ཐར་སྒྲིག་སྐབས་གཞི་འཛིན་སའང་བྱེད་པས་གལ་ཆེར་བརྩི་བ་ཡིན་)འགོད་པ་དང། བཀར་ཁང་ཁག་ནས་དངོས་པོ་འདོན་འཇུག་སྐབས་ཏཱ་ལའི་བླ་མའི་རྟགས་ཐམ་ཁྱེར་ཏེ་རྩེའི་སྐུ་ཚབ་ཏུ་བསྐྱོད་དགོས་པ། དེ་བཞིན་ཁྲིམས་འགལ་གཞུང་བཞེས་སྒོ་རྒྱ་ཐེལ་གནོན་བྱེད་དགོས་པའི་རིགས་ལ་རྟགས་ཐམ་རྔོ་ཏྲེ་མ་ཁྱེར་ཏེ་སྒོ་ཐེལ་རྒྱག་པ། གདན་ས་གསུམ་གྱི་བླ་སྤྲུལ་ཆེ་ཁག་ཆོས་ཞུགས་དང་མཚན་བཏགས་(དཔེ་ཆ་ཐོན་པའི་སྐབས་གྲྭ་ཚང་ཁང་ཚན་སོགས་ལ་གཏོང་སྒོ་རྒྱ་ཆེ་གཏོང་དགོས་པའི་བྱེད་སྒོ་)ཀྱི་སྐབས་བཅས་ལ་སྐུ་ཚབ་ཏུ་འགྲོ་དགོས།
- language:
- Tibetan