- bskal pa gnyis ldan/
- ID:
- T13602
- བསྐལ་པ་གཉིས་ལྡན (Tibetan, Tibetan script, Original)
- > bskal pa gnyis ldan/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kelpa nyinden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
1) [dvaparayuga] the aeon of keeping two precepts. 2) the two-fold aeon
- language:
- English
2. Ives Waldo Dictionary
(dvaparayuga the kalpa of keeping two [precepts the two-fold kalpa or in Kalachakra when the rigdens control 1/ two of the earth]
- language:
- English
3. bod rgya tshig mdzod chen mo
[179] རྩ་བ་བཞི་ལས་གཉིས་ཙམ་རང་གི་ངང་གིས་སྲུང་ཐུབ་པའི་བསྐལ་པ། ...
- language:
- English
4. dung dkar bod rig pa'i tshig mdzod chen mo
སངས་རྒྱས་ཆོས་ལུགསཀྱིགཞུང་ནས་བཤད་ཚུལ་ལ། འཇིག་རྟེན་ཁམས་འདིར་མིའི་རིགས་ཐོག་མར་བྱུང་བའི་སྐབས་སུ་མིའི་ཆ་སྙོམས་ཀྱི་ཚེ་ཚད་ལོ་བཅུ་ལ་རིང་མཐའ་བྱེད་པའི་བར་རིམ་བཞིན་ཐོག་མར་བསྐལ་པ་རྫོགས་ལྡན་ཞེས་མི་རྣམས་རང་བཞིན་གྱིས་དགེ་བ་བྱེད་པ་ལ་དགའ་ཞིང་། མི་དགེ་བ་བཅུའི་མིང་ཡང་མི་གྲགས་པའེ་དུས་སྐབས་ཡིན་པ་དང་། དེ་ནས་རིམ་བཞིན་མི་རྣམས་དགེ་བ་བཅུའི་ནང་ནས་སྣ་གསུམ་མ་གཏོགས་མི་ལྡན་པས་བསྐལ་པ་གསུམ་ལྡན་དང་། དེ་ཡང་ཉམས་ནས་མི་རྣམས་ལ་དགེ་བ་བཅུའི་སྣ་གཉིས་མ་གཏོགས་མི་ལྡན་པས་བསྐལ་པ་གཉིས་ལྡན་དང་། དེ་ནས་དགེ་བ་བཅུའི་མིང་ཙམ་མ་གེཏོགས་མི་དགེ་བ་ཤ་སྟག་ལ་སྤྱོད་པས་བསྐལ་པ་རྩོད་ལྡན་ཞེས་མི་རྣམས་ཀྱི་ཆ་སྙོམས་ཚེ་ཚད་རིང་ཤོས་ལོ་བརྒྱ་ནས་ལོ་བཅུའི་བར་རིམ་གྱིས་མར་འགྲིབ་བྱེད་པའི་དུས་ཡིན་ཞེས་བཤད་སྲོལ་ཡོད་ཅིང་། བསྐལ་པ་གཉིས་ལྡན་གྱི་དུས་ཡུན་ནི《དུས་འཁོར》ལས། སྟོང་པ་སྟོང་པ་མཁའ་དང་རིག་བྱེད་རོ་དང་ལག་འགྲོ་ཞེས་བྱ་གཉིས་ལྡན་ལོ་ནི་ཡང་དག་གོ་ཞེས་པ་ལྟར་གྱི་མི་ལོ་བརྒྱད་འབུམ་དྲུག་ཁྲི་བཞི་སྟོང་ཡོད། སྐབས་འདིར་ཉེ་དུས་དཔར་བསྐྲུན་བྱས་པའི《ཤེས་བྱ་ཀུན་ཁྱབ》ལྕགས་དཔར་མའི་དེབ་དང་པོའི་ཤོག་གྲངས༢༢༧པར། སྟོང་པ་སྟོང་པ་མཁའ་དང་ཞེས་སྟོང་པ་ལན་གཉིས་དགོས་རྒྱུ་ལ་གཅིག་ལས་མ་གསལ་བ་ནི་ཡིག་ནོར་ཡིན་པས་ལེགས་བཅོས་དགོས་སོ། །
- language:
- Tibetan
5. Thupten Phuntsok Dictionary
དགེ་བཅུ་ལས་སྣ་གཉིས་མ་གཏོགས་མི་ལྡན་པའི་དུས་ཏེ། རྫོགས་ལྡན་དང་གསུམ་ལྡན། གཉིས་ལྡན། རྩོད་ལྡན་དག་ལས་གསུམ་པ།
- language:
- Tibetan
6. smon lam tshig mdzod chen mo
རྩ་བ་བཞི་ལས་གཉིས་ཙམ་རང་གི་ངང་གིས་སྲུང་ཐུབ་པའི་བསྐལ་པ།
- language:
- Tibetan