- bskal pa grangs med pa/
- ID:
- T13585
- བསྐལ་པ་གྲངས་མེད་པ (Tibetan, Tibetan script, Original)
- > bskal pa grangs med pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kelpa drang mépa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
innumerable kalpa [aasamkhyakalpa:) highest Indian number uncountable however it is said such and such practice takes three of these to produce enlightenment etc.]
- language:
- English
-
innumerable kalpa
- language:
- English
2. bod rgya tshig mdzod chen mo
[179] ༼ཨསཾཁྱཀལྤཿ༽ སྔར་རྒྱ་གར་གྱི་གྲངས་གནས་ཀྱི་མཐའ་མ་གྲངས་མེད་པ་ཞེས་པ་དེ་གྲངས་ཚད་མཐོ་ཤོས་ཡིན་ཞིང་དེ་ལྟར་གྱི་བསྐལ་པའི་གྲངས་སོ། ... བསྐལ་པ་གྲངས་མེད་པ་ཆེན་པོ་གསུམ། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
གོང་དུ་བསྐལ་པ་ཞེས་པའི་སྐབས་སུ་བཤད་པའི་བར་གྱི་བསྐལ་པ་བརྒྱད་བཅུ་ཐམ་པ་ལ་བསྐལ་པ་ཆེན་པོ་གཅིག་ཏུ་བརྩིས་པའི་བསྐལ་པ་གྲངས་མེད་པ་སྟེ། འདིའི་གྲངས་མེད་ནི་གྲངས་གཏན་ནས་མེད་པའི་གྲངས་མེད་ཀྱི་གོ་དོན་མིན་པར། གྲངས་ཀྱི་གནས་ལ་གཅིག་ནས་གྲངས་མེད་བར་དུ་གྲངས་ཀྱི་མིང་དྲུག་ཅུ་ཐམ་པ་ཡོད་པའི་ནང་གསེས་གྲངས་ཀྱི་གནས་དྲུག་ཅུ་པའི་མིང་ལ་གྲངས་མེད་ཅེས་བརྗོད་པའི་གྲངས་མེད་དེ་ཡིན་ཞིང་། འདིའི་བསྐལ་པ་ཡང་བར་གྱི་བསྐལ་པ་ལ་གོ་རྒྱུ་མིན་པར་བསྐལ་པ་ཆེན་པོ་ལ་གོ་དགོས་པ་དང་། བསྐལ་པ་ཆེན་པོ་དང་། གྲངས་ཀྱི་གནས་དྲུག་ཅུའི་མིང་བཅས་གཤམ་དུ་རང་རང་གི་མིང་ཚིག་སོ་སོར་ཐད་ཀར་གཟིགས་པར་ཞུ། གཞན་ཡང་ལུང་སིལ་བུར་གྲངས་ཀྱི་གནས་གཞན་དྲུག་ཅུ་གསུངས་པའི་ཐ་མ་སྟེ། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །ཟླ་བ་མེད་པའི་གྲངས་སུ་བཤད། །ཆེན་པོའི་ཟླ་དང་བཅད་པ་ནི། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམས་ཀྲིག་མི་འཁྲུག་ཁྱད་ཕྱིན་དང་། །པང་སྟེང་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིགས་འོད་མཛེས་དབང་པོ་དང་། །ལེགས་སྦྱིན་རྟོགས་འགྲོ་འབྱིང་བརྔུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྟ་ཤེས་དང་། །རྣམ་བྱུང་ར་ལྟ་སྟོབས་མིག་དང་། །ཁྱད་ཁྱད་མྱལ་མྱལ་འལ་འོལ་དང་། །ཆད་ཆོད་གྲངས་མེད་ཐ་མ་རྣམས། །དེ་དག་ཀུན་ཀྱང་བཅུ་འགྱུར་བསྒྲེ། །ཞེས་སོ། །
- language:
- Tibetan
4. Thupten Phuntsok Dictionary
〈ཨསཾཁྱཀལྤཿ〉སྔར་རྒྱ་གར་གྱི་གྲངས་གནས་ཀྱི་མཐའ་མ་གྲངས་མེད་པ་ཞེས་པ་དེ་གྲངས་ཚད་མཐོ་ཤོས་ཡིན་ཞིང་དེ་ལྟར་གྱི་བསྐལ་པའི་གྲངས་སོ། །བསྐལ་པ་གྲངས་མེད་པ་ཆེན་པོ་གསུམ།
- language:
- Tibetan
5. smon lam tshig mdzod chen mo
སྔར་རྒྱ་གར་གྱི་གྲངས་གནས་ཀྱི་མཐའ་མ་གྲངས་མེད་པ་ཞེས་པ་དེ་གྲངས་ཚད་མཐོ་ཤོས་ཡིན་ཞིང་དེ་ལྟར་གྱི་བསྐལ་པའི་གྲངས་སོ། །
- Model Sentence
(དཔེར་ན།) བསྐལ་པ་གྲངས་མེད་པ་ཆེན་པོ་གསུམ་ཞེས་པ་ལྟ་བུ།
- language:
- Tibetan
6. Yogācāra Glossary
- Sanskrit:
- kalp^asaṃkhyeya
7. Negi Tibetan-Sanskrit Dictionary
asaṃkhyeyakalpaḥ — བསྐལ་པ་གཅིག་ལ་བསྐལ་པ་གྲངས་མེད་པར་ཡང་དག་པར་འཇུག་པ ekakalpāsaṃkhyeyakalpasamavasaraṇatā da.bhū.266kha/59; kalpāsaṃkhyeyaḥ — བསྐལ་པ་གྲངས་མེད་མི་ཉུང་བ analpakalpāsaṃkhyeyaḥ ta.sa.1/3.
- language:
- Sanskrit