- bskal pa/
- ID:
- T13576
- བསྐལ་པ (Tibetan, Tibetan script, Original)
- > bskal pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kelpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Jeffrey Hopkins Dictionary
Hopkins' Translations: eon; age
Sanskrit: {C,MV}kalpa
- language:
- English
2. Dan Martin Dictionary
O.T. derivation from Skt. kalpa. Blan 307.6. Bon texts frequently use this word in the sense of destruction and negation (Namgyal Nyima).
- language:
- English
3. Rangjung Yeshe Dictionary
-
1) aeon, kalpa, age, period, cosmic period; time. 2) universally. See also / sometimes misspelling of སྐལ་པ་
- language:
- English
-
kalpa དེ་ཡང་སྲིད་པ་ཆགས་གནས་འཇིག་སྟོང་བཞིའི་ཡུན་ལ་བསྐལ་པ་ཞེས་གྲགས་པ་ the time it takes for the universe to form, to stay in existence, to be destroyed and to remain in a state of emptiness is called a kalpa
- language:
- English
4. Ives Waldo Dictionary
-
1) universal; 2) gifted, fortunate; 3) long, removed, distant, protracted or hard to understand [anything]; 4) kalpa [age, cosmic period, very long measure of time syn: spyad zin pa dang, yongs gyur, lo'i phung po]
- language:
- English
-
1) universal; 2) gifted, fortunate; 3) long, removed, distant, protracted or hard to understand [anything]; 4) kalpa
- language:
- English
5. Jim Valby Dictionary
kalpa, age, eon, fabulous period of time, various ages of the world, more than four billion years
- language:
- English
7. bod rgya tshig mdzod chen mo
[179] ... 1༽ ཡུལ་དུས་ངོ་བོ་གསུམ་གྱིས་རིང་དུ་སོང་བའམ་རྟོགས་དཀའ་བའི་དོན། ... 2༽ ༼ཀལྤཿ༽ དུས་སྐབས་ཆེན་པོ་སྟེ་དུས་ཡུན་ཧ་ཅང་རིང་བ་འཇལ་བྱེད་ཀྱི་ཚད་ཅིག་... བསྐལ་པ་ཁྲི་སྟོང་མང་པོ། ... སྐུ་ཚེ་བསྐལ་བརྒྱར་བརྟན་པ། ... བསྐལ་པ་ཇི་སྲིད་བར། ... ཟས་ཞིམ་པོ་ཉི་མ་གཅིག་རེད། ཚིག་ངན་པ་བསྐལ་པ་སྟོང་རེད། ... སྐྱིད་པའི་བསྐལ་པ་ཤར་བྱུང། ... མིང་གི་རྣམ་གྲངས་ལ་སྤྱད་ཟིན་པ་དང། ཡོངས་གྱུར། ལོའི་ཕུང་པོ་བཅས་སོ།
- language:
- English
8. dung dkar bod rig pa'i tshig mdzod chen mo
སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤདསྲོལ་ལ། འཇིག་རྟེན་གྱི་ཁམས་ལ་གྲངས་དང་མཐའ་གཏན་ནས་མེད་པ་དང་། དེ་དག་གི་བཟོ་དབྱིབས་ཀྱང་མི་འདྲ་བ་ཡིན་འིང་། རང་ཅཀ་གནས་པའི་འཇིག་རྟེན་གྱི་ཁམས་འདི་ཆགས་པ་ནས་མེད་པར་གྱུར་སྟེ་འཇིག་རྟེན་རྗེས་མ་གསར་དུ་མ་ཆགས་བར་གྱི་དུས་ཡུན་དེ་ལ་(ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པར་བྱང་བདག་རྣམ་རྒྱལ་གྲགས་བཟང་གིས་དྲི་བ་ཞུས་པའི་ལན་གཞིར་བཟུང་ནས་བཀོད་པ)མི་ལོ་དཀྲིགས་ཆེན་པོ་གསུམ། དཀྲིགས་ཆུང་བ་གསུམ། གཏམས་ཆེན་པོ་དགུ། གཏམས་ཆུང་བ་བདུན། རབ་བཀྲམ་ཆེན་པོ་བདུན། རབ་བཀྲམ་མེད། ཁྲག་ཁྲིག་ཆེན་པོ་དྲུགཁྲག་ཁྲིག་གཉིས། ཐེར་འབུམ་ཆེན་པོ་བཞི་བཅས་ཡོད་པ་རྣམས་ཨང་རྟགས་སུ་པཀོད་ན་༣༣༩༧༧༠༦༢༤夕༠༠༠༠༠༠༠༠༠ཡོད་པ་སྟེ། དེང་སང་དུང་ཕྱུར་རྩི་གཞིར་བྱས་པ་ལྟར་ན་དུང་ཕྱུར་སུམ་བརྒྱ་སུམ་ཅུ་སོ་དགུ་དང་། བྱེ་བ་བདུན། ས་ཡ་བདུན། འབུམ་མེད་དྲུག་ཁྲི། ཉིས་སྟོང་། བཞི་བརྒྱ་ཐམ་པ་ཡིན། དེ་ཉིད་དུམ་བུ་བཞིར་བགོས་པའི་དུམ་བུ་དང་པོ་འཇིག་རྟེན་ཆགས་པའི་དུས། གཉིས་པ་འཇིག་རྟེན་གནས་པའི་དུས། གསུམ་པ་འཇིག་རྟེན་འཇིག་པའི་དུས། བཞི་པ་འཇིག་རྟེན་སྔ་མ་སྟོངས་ནས་རྗེས་མ་གསར་དུ་མ་ཆགས་པའི་བར་སྟོང་གི་དུས་བཅས་རེ་རེ་ལ་བར་བསྐལ་ཉི་ཤུ་རེ་དང་། བར་བསྐལ་རེ་རེ་ལ་མི་ལོ་བྱེ་བ་བརྒྱད་དང་ས་ཡ་དྲུགའབུམ་བཞི་རེ་ཡོད་པ་དེ་ཉི་ཤུས་བསྒྱུར་ན་མི་ལོ་(༡༧༢༨༠༠༠༠༠༠)དུང་ཕྱུར་བཅུ་བདུན་དང་། བྱེ་བ་གཉིས། ས་ཡ་བརྒྱད་ཡིན་པས་འཇིག་རྟེན་འདི་ཉིད་ཐོག་མར་ཆགས་པ་ནས་གནས་པའི་མཇུག་མ་རྫོགས་ཀྱི་བར་སྟེ་མིའི་རིགས་ཐོག་མར་བྱུང་བ་ནས་འཇིག་པའི་འགོ་མ་ཚུགས་ཀྱི་བར་གྱི་དུས་ཡུན་ལ་བར་བསྐལ་ཉི་ཤུ་ཐམ་པའི་ཡུན་ཡོད་ཅིང་། ད་ལྟ་ཕན་ལ་མ་མཐར་ཡང་མི་ལོ་ས་ཡ་ཁ་ཤས་སྟེ་ཁྲི་སྟོང་ཕྲག་ཁ་ཤས་སོང་ཟིན་པར་ཁས་ལེན། ཆགས་པའི་བསྐལ་པ་ཟེར་བ་ནི། འཇིག་རྟེན་ཁམས་ཐོག་མར་ཆགས་པ་ནས་འགྲོ་བ་མིའི་རིགས་མ་བྱུང་གི་བར་ལ་ཟེར་ཞིང་། དེ་མི་ལོ་དུང་ཕྱུར་མང་པོ་ཡོད། གནས་པའི་བསྐལ་པ་ནི་འཇིག་རྟེན་ཐོག་མི་ཐེངས་དང་པོར་བྱུང་བ་ནས་རང་བྱུང་གི་གནོད་འཚེས་འཇིག་རྟེན་འདི་ཉིད་འཇིག་པའི་འགོ་མ་ཚུགས་བར་ལ་ཟེར། དེའི་རིང་ལ་མིའི་ཚེཚད་ཆ་སྙོམས་ལོ་བརྒྱད་ཁྲི་ནས་ཚེ་ལོ་བཅུ་པ་བར་མར་འགྲིབ་དང་སླར་ཡང་ཚེ་ལོ་བཅུ་པ་ནས་ཚེ་ལོ་བརྒྱད་ཁྲི་བར་ཡར་འཕེལ་བཅས་རེས་མོས་བྱེད་པའི་ཁུག་པ་བཅོ་བརྒྱད་ཡོད། འཇིག་པའི་བསྐལ་པ་ནི་རང་བྱུང་གི་གནོད་འཚེས་འཇིག་རྟེན་ཁམས་འདི་འཇིག་པའི་འགོ་ཚུགས་པ་ནས་རྩ་མེད་མ་སོང་བར་ལ༌ཟེར། སྟོངས་པའི་བསྐལ་པ་ནི་འཇིག་རྟེན་རྩ་མེད་སོང་བ༌ནས་འཇིག་རྟེན་རྗེས་མ་གསར་དུ་ཆགས་པའི་འགོ་མ་ཚུགས། བར་ལ་ཟེར། འཇིག་རྟེན་གནས་པའི་བསྐལ་པ་དེ་ལ་བསྐལ་པ་མར་འགྲིབ་སྟེ་སྤྱི་ཚོགས་ཉམས་རྒུད་སོང་བའི་སྐབས་ཤིག་དང་བསྐལ་པ་ཡར་འཕེལ་ཞེས་སྤྱི་ཚོགས་ཡར་རྒྱས་ཀྱི་དུས་ཤིག་བཅས་རྒྱ་མཚོའི་རྦ་རླབས་ལྟར་རེས་མོས་བྱེད་པའི་དུས་ཡུན་རེ་ལ་ཁུག་པ་རེར་བརྩིས་པའི་བར་གྱི་ཁུག་པ་བཅོ་བརྒྱད་ཡོད། ཁུག་པ་བཅོ་བརྒྱད་ཀྱི་དུས་ཡུན་བསྡོམས་ན་བར་བསྐལ་ཉི་ཤུ་ཡོད། འཇིག་རྟེན་ཆགས་པ་དང་། གནས་པ། འཇིག་པ། སྟོངས་པ་བཅས་ཀྱི་དུས་ཡུན་རེ་ལ་བར་བསྐལ་ཉི་ཤུ་རེ་ཡོད་པ་བསྡོམས་ན་བར་བསྐལ་བརྒྱད་ཅུ་ཐམ་པ་ཡོད་པས་དེ་ལ་བསྐལ་པ་ཆེན་པོ་གཅིག་ཟེར་སྲོལ་ཡོད།
- language:
- Tibetan
9. Thupten Phuntsok Dictionary
(1) ཡུལ་དུས་ངོ་བོ་གསུམ་གྱིས་རིང་དུ་སོང་བའམ་རྟོགས་དཀའ་བའི་དོན། (2) 〈ཀལྤཿ〉དུས་སྐབས་ཆེན་པོ་སྟེ་དུས་ཡུན་ཧ་ཅང་རིང་བ་འཇལ་བྱེད་ཀྱི་ཚད་ཅིག བསྐལ་པ་ཁྲི་སྟོང་མང་པོ། ཀུ་ཚེ་བསྐལ་བརྒྱར་བརྟན་པ། བསྐལ་པ་ཇི་སྲིད་བར། ཟས་ཞིམ་པོ་ཉི་མ་གཅིག་རེད། ཚིག་ངན་པ་བསྐལ་པ་སྟོང་རེད། སྐྱིད་པའི་བསྐལ་པ་ཤར་བྱུང་། མིང་གི་རྣམ་གྲངས་ལ་སྤྱད་ཟིན་པ་དང་། ཡོངས་གྱུར། ལོའི་ཕུང་པོ་བཅས་སོ། །
- language:
- Tibetan
10. smon lam tshig mdzod chen mo
-
1.ཡུལ་དུས་ངོ་བོ་གསུམ་གྱིས་རིང་དུ་སོང་བའམ་རྟོགས་དཀའ་བའི་དོན།
- language:
- Tibetan
-
2.དུས་སྐབས་ཆེན་པོ་སྟེ་དུས་ཡུན་ཧ་ཅང་རིང་བ་འཇལ་བྱེད་ཀྱི་ཚད་ཅིག
- Model Sentence
(དཔེར་ན།) བསྐལ་པ་ཁྲི་སྟོང་མང་པོ། སྐུ་ཚེ་བསྐལ་བརྒྱར་བརྟན་པ། བསྐལ་པ་ཇི་སྲིད་བར། ཟས་ཞིམ་པོ་ཉི་མ་གཅིག་རེད། ཚིག་ངན་པ་བསྐལ་པ་སྟོང་རེད། སྐྱིད་པའི་བསྐལ་པ་ཤར་བྱུང༌ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་སྤྱད་ཟིན་པ་དང༌། ཡོངས་གྱུར། ལོའི་ཕུང་པོ་བཅས་སོ། །
- language:
- Tibetan
11. Mahāvyutpatti: Sanskrit-Tibetan-English Vocabulary
- Sanskrit:
- kalpaḥ
12. Yogācāra Glossary
- Sanskrit:
-
- viprakarṣa
- kalpa
13. Lokesh Chandra Tibetan-Sanskrit dictionary
- Sanskrit:
- kalpa
14. Negi Tibetan-Sanskrit Dictionary
-
1. kalpaḥ, kālaparimāṇabhedaḥ — kalpānanalpān pravicintayadbhiḥ bo.a.1.7; eko 'ntarakalpaḥ kalpaḥ
- language:
- Sanskrit
-
viṃśatirantarakalpāḥ kalpaḥ
- language:
- Sanskrit
-
aśītirantarakalpāḥ kalpaḥ
- language:
- Sanskrit
-
sa ca mahākalpa ityabhidhīyate
- language:
- Sanskrit
-
tadiha mahākalpasyaiva grahaṇam bo.pa.6; འཇིག་པ་དང་ཆགས་པའི་བསྐལ་པ saṃvartavivartakalpāḥ abhi.sphu.266ka/1084; བསྐལ་པ་བར་མ antarakalpaḥ ga.vyū.166kha/249; བསྐལ་པ་གྲངས་མེད་པ asaṃkhyeyakalpaḥ da.bhū.266kha/59; kālaḥ — སྔོན་གྱི་བསྐལ་པ་ལ purākāle ta.pa.149kha/973 2. = བསྐལ་བ།
- language:
- Sanskrit