Skip to main content Skip to search
bya rgyud kyi theg pa/
ID:
T130984
  • བྱ་རྒྱུད་ཀྱི་ཐེག་པ (Tibetan, Tibetan script, Original)
    • > bya rgyud kyi theg pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jagyü kyitekpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • the kriya yoga yana [on of the Nyingma 9 yanas ཐེག་པ་རིམ་དགུ་ as a way of entering having been ripened by the water and crown abhishekas chu dang cod pan gyi dbang, the view is the chos nyid dag pa'i lha: havng realized the nature of 1's own mind s the wisdom of luminous emptiness free from all complexities, the aspect of relative appearance as the completely pure nature of the deity du gsal la, meditation on the དེ་ཁོ་ན་ཉིད་བཞི་ bsgom &, action is chiefly washing and purification etc. external actions, the fruition is said to be attaining the level of rig gsum rdo rje 'dzin pa]

    language:
    English
  • the kriya yoga yana

    language:
    English

2. bod rgya tshig mdzod chen mo

[1857] སྔགས་རྙིང་མའི་ཐེག་པ་རིམ་དགུའི་ཡ་གྱལ་ཞིག་འཇུག་སྒོ་ཆུ་དང་ཅོད་པཎ་གྱི་དབང་གིས་སྨིན་པར་བྱས་ནས། ལྟ་བ་ཆོས་ཉིད་དག་པའི་ལྷ་ཞེས་རང་གི་སེམས་ཉིད་སྟོང་གསལ་གྱི་ཡེ་ཤེས་སྤྲོས་པའི་མཐའ་དང་བྲལ་བར་རྟོགས་ནས་ཀུན་རྫོབ་ཀྱི་སྣང་ཆ་ཡོངས་སུ་དག་པའི་ལྷའི་རང་བཞིན་དུ་གསལ་ལ། སྒོམ་པ་དེ་ཁོ་ན་ཉིད་བཞི་བསྒོམ་ཞིང། སྤྱོད་པ་ཁྲུས་དང་གཙང་སྦྲ་སོགས་ཕྱིའི་བྱ་བ་ལ་གཙོ་བོར་སྤྱོད་པས། འབྲས་བུ་རིག་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་དོ། …

language:
Tibetan

3. Thupten Phuntsok Dictionary

སྔགས་རྙིང་མའི་ཐེག་པ་རིམ་དགུའི་ཡ་གྱལ་ཞིག འཇུག་སྒོ་ཆུ་དང་ཅོད་པཎ་གྱི་དབང་གིས་སྨིན་པར་བྱས་ནས། ལྟ་བ་ཆོས་ཉིད་དག་པའི་ལྷ་ཞེས་རང་གི་སེམས་ཉིད་སྟོང་གསལ་གྱི་ཡེ་ཤེས་སྤྲོས་པའི་མཐའ་དང་བྲལ་བར་རྟོགས་ནས་ཀུན་རྫོབ་ཀྱི་སྣང་ཆ་ཡོངས་སུ་དག་པའི་ལྷའི་རང་བཞིན་དུ་གསལ་ལ། སྒོམ་པ་དེ་ཁོ་ན་ཉིད་བཞི་བསྒོམ་ཞིང་། སྤྱོད་པ་ཁྲུས་དང་གཙང་སྦྲ་སོགས་ཕྱིའི་བྱ་བ་ལ་གཙོ་བོར་སྤྱོད་པས། འབྲས་བུ་རིག་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་དོ།

language:
Tibetan

4. smon lam tshig mdzod chen mo

སྔགས་རྙིང་མའི་ཐེག་པ་རིམ་དགུའི་ཡ་གྱལ་ཞིག་འཇུག་སྒོ་ཆུ་དང་ཅོད་པཎ་གྱི་དབང་གིས་སྨིན་པར་བྱས་ནས། ལྟ་བ་ཆོས་ཉིད་དག་པའི་ལྷ་ཞེས་རང་གི་སེམས་ཉིད་སྟོང་གསལ་གྱི་ཡེ་ཤེས་སྤྲོས་པའི་མཐའ་དང་བྲལ་བར་རྟོགས་ནས་ཀུན་རྫོབ་ཀྱི་སྣང་ཆ་ཡོངས་སུ་དག་པའི་ལྷའི་རང་བཞིན་དུ་གསལ་ལ། སྒོམ་པ་དེ་ཁོ་ན་ཉིད་བཞི་བསྒོམ་ཞིང༌། སྤྱོད་པ་ཁྲུས་དང་གཙང་སྦྲ་སོགས་ཕྱིའི་བྱ་བ་ལ་གཙོ་བོར་སྤྱོད་པས། འབྲས་བུ་རིག་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་དོ།

language:
Tibetan

bya rgyud kyi theg pa/ has 1 other term directly related to it, which is presented here.