Skip to main content Skip to search
bon sgrung lde'u gsum/
ID:
T130775
  • བོན་སྒྲུང་ལྡེའུ་གསུམ (Tibetan, Tibetan script, Original)
    • > bon sgrung lde'u gsum/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > böndrung deusum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • Bn, fables, and dialogues [the former king of Tibet པུ་དེ་གུང་རྒྱལ་ relying on dharmic behavior had the the protectors of the realm, རྒྱལ་སྲིད་སྐྱོང་བྱེད་གསུམ་ gyi ming ste for ordinary people lung gi chos so that it would be easy to understand gzungs kyi snye ma la sogs pa'i sgrung bslabs precepts in the form of fables. So that rigs pa'i chos would be of middling ease lde'u bslabs, [the precepts were in dialog form] zhang zhung yul nas having invited the Bnpo ཞང་ཞུང་ལྷ་སྡེ་ who instructed a Bnpo called aa བ་རྣམ་གསས་ nad pa la mo 'debs pa dang, lha gsol ba dang, bon byed pa dang, 'dre brdung ba sogs and this spread by one training another in a sucession of 27 generations it is said that the kingdom was guarded by Bn, fables, and dialogues.]

    language:
    English
  • Bn, fables, and dialogues

    language:
    English

2. bod rgya tshig mdzod chen mo

[1853] སྔར་བོད་རྗེ་པུ་དེ་གུང་རྒྱལ་སྐབས་ཆོས་ལུགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་རྒྱལ་སྲིད་སྐྱོང་བྱེད་གསུམ་གྱི་མིང་སྟེ་སྐྱེ་བོ་ཐ་མལ་བ་རྣམས་ལ་ལུང་གི་ཆོས་གོ་སླ་བར་བྱ་བའི་ཕྱིར་གཟུངས་ཀྱི་སྙེ་མ་ལ་སོགས་པའི་སྒྲུང་བསླབས། རིགས་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསླབས། ཞང་ཞུང་ཡུལ་ནས་བོན་པོ་ཞང་ཞུང་ལྷ་སྡེ་སྤྱན་དྲངས་ནས་བོན་པོ་ཨ་བ་རྣམ་གསས་ཞེས་བྱ་བ་ལ་སློབ་ཏུ་བཅུག་ནད་པ་ལ་མོ་འདེབས་པ་དང། ལྷ་གསོལ་བ་དང། བོན་བྱེད་པ་དང། འདྲེ་བརྡུང་བ་སོགས་གཅིག་གིས་གཅིག་ལ་བསླབས་པས་དར་བར་གྱུར་ཏེ་གདུང་རབས་ཉེར་བདུན་བར་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་པར་གྲགས་སོ། ...

language:
English

3. smon lam tshig mdzod chen mo

སྔར་བོད་རྗེ་པུ་དེ་གུང་རྒྱལ་སྐབས་ཆོས་ལུགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་རྒྱལ་སྲིད་སྐྱོང་བྱེད་གསུམ་གྱི་མིང་སྟེ་སྐྱེ་བོ་ཐ་མལ་བ་རྣམས་ལ་ལུང་གི་ཆོས་གོ་སླ་བར་བྱ་བའི་ཕྱིར་གཟུངས་ཀྱི་སྙེ་མ་ལ་སོགས་པའི་སྒྲུང་བསླབས། རིགས་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསླབས། ཞང་ཞུང་ཡུལ་ནས་བོན་པོ་ཞང་ཞུང་ལྷ་སྡེ་སྤྱན་དྲངས་ནས་བོན་པོ་ཨ་བ་རྣམ་གསས་ཞེས་བྱ་བ་ལ་སློབ་ཏུ་བཅུག་ནད་པ་ལ་མོ་འདེབས་པ་དང༌། ལྷ་གསོལ་བ་དང༌། བོན་བྱེད་པ་དང༌། འདྲེ་བརྡུང་བ་སོགས་གཅིག་གིས་གཅིག་ལ་བསླབས་པས་དར་བར་གྱུར་ཏེ་གདུང་རབས་ཉེར་བདུན་བར་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་པར་གྲགས་སོ། །

language:
Tibetan