Skip to main content Skip to search
bod mkhas pa mi pham dge legs rnam rgyal/
ID:
T130640
  • བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ (Tibetan, Tibetan script, Original)
    • > bod mkhas pa mi pham dge legs rnam rgyal/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bömkhé pami pamgé leknamgyel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Mipham Rinpoche

language:
English

2. Ives Waldo Dictionary

  • learned one of Tibet མི་ཕམ་དགེ་ལེགས་རྣམ་རྒྱལ་ [born in the 10th earth horse year, kagyu lineage holder, famous poet]

    language:
    English
  • learned 1 of Tibet མི་ཕམ་དགེ་ལེགས་རྣམ་རྒྱལ་

    language:
    English

3. bod rgya tshig mdzod chen mo

[1847] རབ་བྱུང་བཅུ་པའི་ས་རྟ་ལོར་འཁྲུངས། བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་མཁན་སྙན་ངག་ལ་མཁས་པའི་གྲགས་པ་ཅན། ...

language:
English

4. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་རབ་བྱུང་བཅུ་པའི་ས་རྟ(༡༦༩༨)ལོར་སྐུ་འཁྲུངས། བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་ཞིང་། བོད་ཀྱི་སྙན་ངག་པ་ཆེན་པོ་གྲགས་ཅན་ཞིག་ཡིན་མ་ཟད། སྨན་དཔྱད་ཀྱི་རིག་པ་ལའང་ཤིན་ཏུ་མཁས། ཟུར་ལུགས་དང་འབྲུག་པ་པདྨ་དཀར་པོའི་ལུགས་ཕྱག་བཞེས་ཀྱིས《སྨན་གྱི་རོ་ནུས་བཤད་པ་བེེཌཱུརྱའི་མེ་ལོང》《དྲིས་ལན་ལེགས་བཤད་རིན་པོ་ཆེའི་སྣང་བ་གསལ་བ》《ལུས་ཐིག་ཟླ་བ་ནོར་བུ》སོགས་གསོ་རིག་ཀྱི་ཕྱག་རྩོམ་དང་། དགུང་ལོ་རེ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ས་རྟ(༡༦༧༨)ལོར《སྙན་འགྲེལ་དཎྜིའི་དགོངས་རྒྱན》ཞེས་བྱ་བ་ཕྱག་རྩོམ་མཛད།

language:
Tibetan

5. Thupten Phuntsok Dictionary

རབ་བྱུང་བཅུ་པའི་ས་རྟ་སྤྱི་ལོ་༡༦༡༨ལོར་ལར་སྟོད་ལྷོར་སྐུ་འཁྲུངས། ཇོ་ནང་ཏཱ་ར་ནཱ་ཐས་ལོ་ཙཱ་བ་འགྱུར་མེད་ཞབས་ཀྱི་རྣམ་འཕྲུལ་ཡིན་པ་ལུང་བསྟན། འབྲི་ཀློག་དང་། སྐུ་བརྙན་བྲིས་འབུར་སོགས་མ་བསླབ་པ་རང་བྱུང་དུ་མཁྱེན། ཆུང་ངུའི་དུས་ནས་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་གྲྭར་ཞུགས་ནས་རྒྱལ་བ་དཔག་བསམ་དབང་པོ། ཆོས་གྲགས་རྒྱ་མཚོ། ཕྱག་རྡོར་ནོར་བུ་སོགས་ཡོངས་འཛིན་དུ་མར་བསྟེན་པ་ལས། ཁྱད་པར་ཀུན་མཁྱེན་སངས་རྒྱས་རྡོ་རྗེར་སྟེན་ནས་མདོ་རྒྱུད་རིག་གནས་དང་བཅས་པ་ལ་མཁས་པར་སྦྱངས། སྙན་ངག་བསླབ་དུས་རྩོམ་རྒྱུག་ལན་གསུམ་ཕུལ། ཀུན་མཁྱེན་སངས་རྡོར་བ་ཡང་ཤིན་ཏུ་མཉེས་ནས་རྩོམ་རྒྱུགས་ཕུལ་བའི་སྙན་ཚིག་འདི་རྣམས་རྟོག་བརྗོད་པག་བསམ་འཁྲི་ཤིང་དང་། རིན་སྤུངས་ཞབས་དྲུང་གི་གསུང་ཁོ་ནར་འདྲ་བ་འདུག་གསུངས། སྙན་ཚིག་གི་རིག་པ་ལ་དཎྜི་ཞབས་ཉིད་དང་རྣམ་དབྱེར་ཅུང་ཟད་ཀྱང་མེད་པ་བསྟོད་བསྔགས་གནང་བས་བོད་མཁས་པ་ཞེས་གྲགས་སོ། །གཞན་ཡང་སྙན་ངག་མེ་ལོང་མའི་གཞུང་ལ་སྔར་འགྲེལ་རྣམས་ཀྱིས་དོན་ཇི་བཞིན་མ་རྟོག་ཅིང་ལོག་པར་འགྲེལ་བ་རྣམས་ལ་སྒྲ་གཞུང་རང་ལ་ཁུངས་བཅོལ་ནས་རང་བཞིན་རྐྱེན་དང་། རྣམ་འགྱུར་གསུམ་གྱི་སྒོ་ནས་ལེགས་པར་གཏན་ལ་ཕབས་ཏེ་འགྲེལ་པར་གནང་། སྤྱི་བཏང་གཡེང་བའི་འགྲོ་དོན་དང་། སྤྲོས་བཅས་ཀྱི་ཐུགས་དམ་སོགས་ཆེར་མི་གནང་བས། ཕྱག་བྲིས་མཛད་པའི་ཡི་གེ་རང་ཡང་པུ་སྡི་བརྒྱ་ཕྲག་བརྒལ་བར་ཡོད་པར་ཐོས། འོན་ཀྱང་བར་སྐབས་སུ་ཁྲོ་ཕུའི་སློབ་དཔོན་གྱི་གོ་སར་བཞུགས་ནས་དུས་རིང་ཙམ་འཆད་ཉན་སྨྲ་བ་གནང་ཞིང་། ཕྱིས་རྒྱལ་དབང་ཐམས་ཅད་མཁྱེན་ཞབས་མི་ཡི་དབང་པོས་འགོག་རོང་དུ་གདན་འདྲེན་ཞུས། ནན་གྱིས་ཕེབས་པའི་བཀའ་ལན་མ་རྫོགས་པར་དབང་ཆོས་མང་པོ་འབུལ་དགོས་བྱུང་ཚེ། གདམས་པའི་བྱུང་ཁུངས་དང་། བརྒྱུད་པའི་ལོ་རྒྱུས་སོགས་རེ་རེ་བཞིན་ཚང་ལ་མ་ནོར་བའི་དབང་ལུང་ཁྲིད་རྒྱུན་རྣམས་སྤེལ་བས་ཀུན་མཁྱེན་དགེ་ལེགས་རྣམ་པ་རྒྱལ་བ་ཞེས་བསྟོད་བསྔགས་མཛད་ནས་རྩ་བའི་བླ་མ་ཉིད་དུ་བཀུར། རབ་བྱུང་བཅུ་གཅིག་པའི་ཤིང་གླང་སྤྱི་ལོ་༡༦༨༥ལོར་སྐུ་གཤེགས། ད་ལྟ་འཚོལ་སྡུད་ཐུབ་པའི་གསུང་ཆོས་པོད་བཞི་བཞུགས་ཡོད། ལྷག་པར་ཏུ་དགུང་ལོ་རེ་གཅིག་པའི་ས་རྟ་སྤྱི་ལོ་༡༦༧༨ལོར་བརྩམས་པའི་སྙན་འགྲེལ་དང་དཔེར་བརྗོད་ནི། གངས་ལྗོངས་སྙན་ངག་སྨྲ་བ་རྣམས་ཀྱི་གཙུག་རྒྱན་ལྟ་བུར་གྱུར་ཡོད།

language:
Tibetan

6. smon lam tshig mdzod chen mo

རབ་བྱུང་བཅུ་པའི་ས་རྟ་ལོར་འཁྲུངས། བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་མཁན་སྙན་ངག་ལ་མཁས་པའི་གྲགས་པ་ཅན།

language:
Tibetan

7. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ 1618 ལོར་སྐུ་འཁྲུངས། འདས་ལོ་མི་གསལ། དགུང་ལོ་ཆུང་ངུའི་དུས་ནས་བཀའ་བརྒྱུད་པའི་ཆོས་སྒོར་ཞུགས་ཏེ་འབྲུག་པ་སངས་རྒྱས་རྡོ་རྗེ་ལ་བསྟེན་ཞིང་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་གངས་ཅན་མཁས་པའི་མིག་རྒྱན་དུ་གྱུར། ད་ཡོད་ཀྱི་དཔྱད་གཞི་ཡིག་ཆ་ལ་བལྟས་ན། ལྷག་པར་དུ་གསོ་བ་རིག་པ་དང་སྙན་ངག་ལ་ཤིན་ཏུ་མཁས་པས་བརྩམས་ཆོས་ཀྱང་མང་དུ་མཇལ་རྒྱུ་འདུག དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ 1678 ལོར《སྙན་ངག་མེ་ལོང་གི་འགྲེལ་བ་དཎྜིའི་དགོངས་རྒྱན》ལྗགས་བརྩམས་གནང་བ་ལ་གཞིགས་ན་དགུང་ལོ་མཐོན་པོར་བཞུགས་ཡོད་པ་འདྲའོ། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ནི《སྨན་གྱི་རོ་ནུས་བཤད་པ་བེེ་ཌཱུརྱའི་མེ་ལོང་》དང་། 《དྲིས་ལན་ལེགས་བཤད་རིན་པོ་ཆེའི་སྣང་བ་གསལ་བ》། 《ལུས་ཐིག་ཟླ་བ་ནོར་བུ》། 《སྙན་ངག་གི་ཡང་ལན་རབ་དགའི་རྒྱུད་མངས》། 《སྙན་ངག་སྨྲ་བ་རྣམས་ལ་དྲི་ཚིག་ཚངས་པའི་མགུལ་རྒྱན》། 《རང་ལན་དབྱངས་ཅན་ངག་གི་རོལ་མཚོ》། 《སྙན་ངག་མེ་ལོང་གི་དོན་རྒྱན་ལ་དཔྱོད་པའི་འབེལ་གཏམ་ལེགས་བཤད་རོལ་མཚོ》། 《སྙན་ངག་མེ་ལོང་གཞུང་གི་[1094]དཔེར་བརྗོད་ལེགས་པར་བཤད་པ་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས》བཅས་མང་དུ་བཞུགས་སོ། །

language:
Tibetan