Skip to main content Skip to search
skyes mchog bzhi/
ID:
T12371
  • སྐྱེས་མཆོག་བཞི (Tibetan, Tibetan script, Original)
    • > skyes mchog bzhi/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyemchokzhi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jim Valby Dictionary

four great Chinese persons

language:
English

2. dung dkar bod rig pa'i tshig mdzod chen mo

གནའ་རབས་རྒྱ་ནག་གི་ཡུལ་དུ་ཐོགམར་སན་ཧོང་ཨུ་རྡི(三皇五帝)བྱུང་བའི་ནང་གསེསཧོང་གསུམ་གྱི་དང་པོ་ཧྥུ་ཁི(伏羲)ཞེས་པས་རྒྱལ་པོ་བྱས་སྐབས་སྤར་ཁ(ཚི། )ཞེས་པའི་ཡི་གེ་བརྒྱད་དང་ཕྱག་རྒྱ་བརྒྱད་གཏན་ལ་ཕབ་ནས་བྱ་བ་བཟང་ངན་བརྟག་པ་དང་། དབྱིབས་དང་། དམིགས་བསལ། དངོས་བསྟན། ཟུང་འཇུགའཁྲུལ་ཤེས། སྒྲ་སྦྱོར་བཅས་དོན་དྲུག་ལ་བརྟེནནས་རྒྱ་ཡིག་ཐོག་མར་བཟོས་པ་དེ་ནི་སྐྱེས་མཆོག་དང་པོ་དང་། སྐྱེས་མཆོག་གཉིས་པ་ནི་ཤིས་ཀྲའུ་སྟེ(西周)ཀྲའུ་རྒྱལ་རབས་ནུབ་མའི་རྒྱལ་པོ་དང་པོ་ཀྲའུ་ཝེན་ཝང(周文王)གིས་སྔར་གྱི་སྤར་ཁ་བརྒྱད་པོ་རེ་རེ་ལ་བརྒྱད་བརྒྱད་དུ་ཕྱེ་བའི་དྲུག་ཅུ་རྩ་བཞིའི་རྣམ་གཞག་ལ་བརྟེན་ནས་རྩིས་གསར་གཏོད་བྱས་ཤིང་། སྲིད་དོན་དང་འབངས་ལ་ཕན་པའི་བྱ་གཞག་མང་པོ་བསྒྲུབས་ཡོད་པ་དེ་ཡིན། སྐྱེསམཆོག་གསུམ་པ་ནི། ཀྲའུ་ཝེན་ཝང་གི་བུ་བཞི་པ་ཀྲའུཀུང(周公)གིས་རང་གི་ཕའི་བཞེད་སྲོལ་རྒྱས་བཤད་བྱས་པའི་གཞུང་བརྩམས་ཡོད་པ་དེ་ཡིན། སྐྱེས་མཆོག་བཞི་པ་ནི་ཁུང་ཙི(孔子)ཞེས་ཡོངས་སུ་གྲགས་པ། ཆབ་སྲིད་སྐྱོང་སྟངས་ཀྱི་ལུགས་ཀྱི་བསྟན་བཅོས་རྩོམ་པ་པོ་དེ་ཡིན།

language:
Tibetan