Skip to main content Skip to search
skyid grong bsam gtan gling /
ID:
T11195
  • སྐྱིད་གྲོང་བསམ་གཏན་གླིང (Tibetan, Tibetan script, Original)
    • > skyid grong bsam gtan gling / (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyidrong samtenling (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Samten Ling, monastery

language:
English

2. dung dkar bod rig pa'i tshig mdzod chen mo

དེ་སྔོན་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཡོངས་འ། ཕོ་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་རབ་བྱུང་བཅུ་གསུམ་པའི་མེ་བྱི(༡༧༥༦)ལོར་མང་ཡུལ་སྐྱིད་གྲོང་དུ་ཕྱག་བཏབ་པའི་རི་ཁྲོད་ཅིག་ཡིན། ཡོངས་འཛིན་ཉིད་དགུང་ལོ་ཞེ་བཞིར་ཕེབས་པའི་ལོ་དེ་ནས་རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ(༡༧༧༣)ལོའི་བར་ལོ་བཅོ་བརྒྱད་རིང་རི་ཁྲོད་དེར་བཞུགས་ནས་གདན་ས་ཆེན་པོ་བཞི་ནས་ཕེབས་པའི་བྱ་བྲལ་རི་ཁྲོད་པ་དང་། བསྟན་འཛིན་སྐྱེས་ཆེན་མང་པོ་གསོ་སྐྱོང་མཛད་པའི་གནས་གཞི་ཞིག་ཡིན། ཞིབ་པར་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས་མཛད་པའི《ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཐུབ་བསྟན་པདྲོ་འབྱེད་པའི་ཉིན་བྱེད》ལས་གསལ།

language:
Tibetan

3. Thupten Phuntsok Dictionary

དེ་སྔོན་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་རབ་བྱུང་བཅུ་གསུམ་པའི་མེ་བྱི (༡༧༥༦) ལོར་མང་ཡུལ་སྐྱིད་གྲོང་དུ་ཕྱག་བཏབ་པའི་རི་ཁྲོད་ཅིག་ཡིན། ཡོངས་འཛིན་ཉིད་དགུང་ལོ་ཞེ་བཞིར་ཕེབས་པའི་ལོ་དེ་ནས་རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ (༡༧༧༣) ལོའི་བར་ལོ་བཅོ་བརྒྱད་རིང་རི་ཁྲོད་དེར་བཞུགས་ནས་གདན་ས་ཆེན་པོ་བཞི་ནས་ཕེབས་པའི་བྱ་བྲལ་རི་ཁྲོད་པ་དང་། བསྟན་འཛིན་སྐྱེས་ཆེན་མང་པོ་གསོ་སྐྱོང་མཛད་པའི་གཞི་ཞིག་ཡིན།

language:
Tibetan