- skor gsum/
- ID:
- T10654
- སྐོར་གསུམ (Tibetan, Tibetan script, Original)
- > skor gsum/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > korsum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
༡པུ་ཧྲེངས(མ་ཕམ་གཡུ་མཚོནས་བརྩིས་པའི་ལྷོ་ངོས)དང་། མང་ཡུལ(དེང་སང་སྐྱིད་གྲོང་དུ་འབོད་པ། པུ་ཧྲེངས་ཀྱི་ཤར་དིང་རིའི་ནུབ་ངོས་སུ་ཐག་ཉེ་སར་ཡོད)ཟངས་དཀར(པུ་ཧྲེངས་ཀྱི་ནུབ་ཁུལ་དུ་ཡིན་ནམ་སྙམ)བཅས་གསུམ་པོ་དེ་སྐོར་ཚོ་གཅིག་དང་། ༢ལི། བྲུ་ཤ། སྤལ་ཏི་གསུམ་སྐོར་ཚོ་གཅིག་སྟེ། དེང་སང་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་དམ་སྙམ། ༣ཞང་ཞུང(མངའ་རིས་གུ་གེ་མཐོ་ལྡིང་ཡོད་སའི་བརྒྱུད)དང་། ཁྲི་སྡེ་སྟོད། ཁྲི་སྡེ་སྨད་བཅས་དེ་དག་ཀྱང་མངའ་རིས་བྱང་བརྒྱུད་ཤིན་ཅང་དང་ཐག་ཉེ་བའི་སར་ཡོད་ཚོད་ལ་ཞིབ་ཆ་མ་ངེས་པས་འབྲི་བར་མ་ནུས་སོ། །
- language:
- Tibetan
3. Thupten Phuntsok Dictionary
༡ པུ་ཧྲེངས་ (མ་ཕམ་གཡུ་མཚོ་ནས་བརྩིས་པའི་ལྷོ་ངོས) དང་། མང་ཡུལ་ (དེང་སང་སྐྱིད་གྲོང་དུ་འབོད་པ།པུ་ཧྲེངས་ཀྱི་ཤར་དིང་རིའི་ནུབ་ངོས་སུ་ཐག་ཉེ་སར་ཡོད) ཟངས་དཀར (པུ་ཧྲེངས་ཀྱི་ནུབ་ཁུལ་དུ་ཡིན་ནམ་སྙམ) བཅས་གསུམ་པོ་དེ་སྐོར་ཚོ་གཅིག་དང་། ༢ ལི། བྲུ་ཤ། སྦ་ཏི་གསུམ་སྐོར་ཚོ་གཅིག་སྟེ། དེང་སང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་དམ་སྙམ། ༣ ཞང་ཞུང་ (མངའ་རིས་གུ་གེ་མཐོ་ལྡིང་ཡོད་སའི་བརྒྱུད) དང་། ཁྲི་སྡེ་སྟོད། ཁྲི་སྨད་བཅས་དེ་དག་ཀྱང་མངའ་རིས་བྱང་བརྒྱུད་ཤིན་ཅང་དང་ཐག་ཉེ་བའི་སར་ཡོད་ཚོད་ལ་ཞིབ་ཆ་མ་ངེས་པས་འབྲི་བར་མ་ནུས་སོ། །
- language:
- Tibetan