- sku zhang /
- ID:
- T9850
- སྐུ་ཞང (Tibetan, Tibetan script, Original)
- > sku zhang / (Tibetan, Latin script, Transliteration-THL Extended Wylie Transliteration)
- > kuzhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. dung dkar bod rig pa'i tshig mdzod chen mo
སྐུ་ཞང་ཞེས་སྤྱིར་ན་མ་རྒྱུད་ཀྱི་སྤུན་མཆེད་ཞང་པོའམ་ཨ་ཞང་ཞེས་པའི་ཞེ་ས་ཡིན་ཞིང་། དེ་ཡང་ཨ་མེས་སངས་རྒྱས་ཡེ་ཤེས་ཀྱི་མི་རྒྱུད་རིམ་བྱོན་ལ་ས་སྐྱ་བས་སྐུ་ཞང་ཞེས་ཆེ་བསྟོད་ཀྱི་འབོད་སྲོལ་བྱུང་བ་དེ་ནི་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱི་ཡབ་ཡུལ་འབུམ་གྱི་གཅེན་པོ་སྟག་གི་རྒྱལ་མཚན་ལ་གཡུ་ཐོག་སྒྲ་གསེར་བཟང་བྱུང་ཞིང་དེ་ཁྱིམ་པར་བབས་རྗེས་བུ་འབུམ་མེ་དང་འབུམ་དར་གཉིས་བྱུང་བ་ནས་རིམ་བཞིན་ཨ་མེས་སངས་རྒྱས་ཡེ་ཤེས་ཀྱི་མི་རྒྱུད་མང་པོ་བར་མ་ཆད་པར་བྱུང་། ཨ་མེས་སངས་རྒྱས་ཡེ་ཤེས་ལ་སྲས་ལྕམ་སྲིང་དྲུག་བྱུང(རྔ་སྒྲམགོན་པོ་དཔལ། ཀུན་དགའ་འབུམ། སྲས་མོ་མ་གཅིག་མཁའ་འགྲོ་འབུམ། ཇོ་ཇོ་སྟག་འབུམ། ཇོ་ཇོ་ཡེ་ཤེས་འབུམ་བཅས)བའི་ནང་ནས་སྲས་མོ་བགྲེས་པ་མ་གཅིག་མཁའ་འགྲོ་འབུམ་ནི་ས་སྐྱའི་བདག་ཆེན་འགྲོ་མགོན་ཕྱག་ན་རྡོ་རྗེའི་བདག་མོར་བཞེས་ཤིང་། འགྲོ་མགོན་ཕྱག་ནའི་སྲས་དྷརྨ་པཱ་ལ་རཀྴི་ཏ་ལ་བདག་མོ་མ་གཅིག་མཁའ་འགྲོ་འབུམ་གྱི་གཅུང་མོ་ཇོ་ཇོ་སྟག་འབུམ་བླངས་པའི་སྲས་རཏྣ་ཕ་ལ་རཀྴི་ཏ་འཁྲུངས་པ་བཅས་ལ་བརྟེན་ཨ་མེས་སངས་རྒྱས་ཡེ་ཤེས་ཀྱི་མི་རྒྱུད་རིམ་བྱུང་རྣམས་ལ་ས་སྐྱ་བས་སྐུ་ཞང་ཞེས་ཆེ་བསྟོད་ཀྱིས་འབོད་སྲོལ་བྱུང་བ་ཡིན།
- language:
- Tibetan
4. Thupten Phuntsok Dictionary
སྐུ་ཞང་ཞེས་སྤྱིར་ན་མ་རྒྱུད་ཀྱི་སྤུན་མཆེད་ཞང་པོའམ་ཨ་ཞང་ཞེས་པའི་ཞེ་ས་ཡིན་ཞིང་། དེ་ཡང་ཨ་མེས་སངས་རྒྱས་ཡེ་ཤེས་ཀྱི་མི་རྒྱུད་རིམ་བྱོན་ལ་ས་སྐྱ་བས་སྐུ་ཞང་ཞེས་ཆེ་བསྟོད་ཀྱི་འབོད་སྲོལ་བྱུང་བ་དེ་ནི་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱི་ཡབ་ཡུལ་འབུམ་གྱི་གཅེན་པོ་སྟག་གི་རྒྱལ་མཚན་ལ་གཡུ་ཐོག་སྒྲ་གསེར་བཟང་བྱུང་ཞིང་། དེ་ཁྱིམ་པར་བབས་རྗེས་བུ་འབུམ་མེད་དང་འབུམ་དར་གཉིས་བྱུང་བ་ནས་རིམ་བཞིན་ཨ་མེས་སངས་རྒྱས་ཡེ་ཤེས་ཀྱི་མི་རྒྱུད་མང་པོ་བར་མ་ཆད་པར་བྱུང་། ཨ་མེས་སངས་རྒྱས་ཡེ་ཤེས་ལ་སྲས་ལྕམ་སྲིང་དྲུག་བྱུང (རྔ་སྒྲ མགོན་པོ་དཔལ། ཀུན་དགའ་འབུམ། སྲས་མོ་མ་ཅིག་མཁའ་འགྲོ་འབུམ། ཇོ་ཇོ་སྟག་འབུམ། ཇོ་ཇོ་ཡེ་ཤེས་འབུམ་བཅས) བའི་ནང་ནས་སྲས་མོ་བགྲེས་པ་མ་གཅིག་མཁའ་འགྲོ་འབུམ་ནི་ས་སྐྱའི་བདག་ཆེན་འགྲོ་མགོན་ཕྱག་ན་རྡོ་རྗེའི་བདག་མོར་བཞེས་ཤིང་། འགྲོ་མགོན་ཕྱག་ནའི་སྲས་དྷཪྨ་པཱ་ལ་ར་ཀྵྀ་ཏ་ལ་བདག་མོ་མ་གཅིག་མཁའ་འགྲོ་འབུམ་གྱི་གཅུང་ཇོ་ཇོ་སྟག་འབུམ་བླངས་པའི་སྲས་རཏྣ་ཕ་ལ་རཀྵྀཏ་འཁྲུངས་པ་བཅས་ལ་བརྟེན་ཨ་མེས་སངས་རྒྱས་ཡེ་ཤེས་ཀྱི་མི་རྒྱུད་རིམ་བྱུང་རྣམས་ལ་ས་སྐྱ་བས་སྐུ་ཞང་ཞེས་ཆེ་བསྟོད་ཀྱིས་འབོད་སྲོལ་བྱུང་བ་ཡིན།
- language:
- Tibetan