- skad kyi yan lag drug
- ID:
- T8517
- སྐད་ཀྱི་ཡན་ལག་དྲུག (Tibetan, Tibetan script, Original)
- > skad kyi yan lag drug (Tibetan, Latin script, Transliteration-THL Extended Wylie Transliteration)
- > kekyi yenlakdruk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
six limbs of voice
- language:
- English
-
six limbs of voice ['gyur ba, khug pa, 'degs pa, 'jog pa, sbom po, phra ba]
- language:
- English
2. bod rgya tshig mdzod chen mo
[105] འགྱུར་བ་དང། ཁུག་པ། འདེགས་པ། འཇོག་པ། སྦོམ་པོ། ཕྲ་བ་སྟེ་དྲུག་...
- language:
- Tibetan
3. dung dkar bod rig pa'i tshig mdzod chen mo
ཆོས་ལུགས་ཀྱི་འདོན་པའི་དབྱངས་དང་། མང་ཚོགས་ཀྱི་གླུ་གཞས་སོགས་ལ་སྐད་གདངས་ཀྱི་ཆོས་ཉིད་ལ་རྩ་བའི་སྒོ་ནས་ཕྱེ་ན། ༡སྒྲ་ཕྲ་བ། ༢སྒྲ་སྦོམ་པ། ༣འདེགས་པ། ༤འཇོག་པ། ༥འགྱུར། ༦ཁུག་བཅས་དྲུག་ཡོད་པར་ས་སྐྱ་པཎ་ཆེན་གྱིས་མཛད་པའི《རོལ་མོའི་བསྟན་བཅོས》ལས་གསུངས་པ་ལྟར་ཡིན་ཅིང་། སྐད་གདངས་མཐོ་དམན་བར་གསུམ་གྱི་གོ་དོན་ཤེས་སླ་ཡང་། འདེགས་ནི་སྒྲ་གདངས་དམའ་བ་ནས་མཐོ་བར་འདེགས་པ་དང་། འཇོག་པ་ནི་སྒྲ་གདངས་མཐོ་བ་ནས་དམའ་བར་འབེབས་པ། འགྱུར་ནི་སྒྲ་གདངས་མཐོ་དམན་བར་གསུམ་སྐབས་དང་འཚམས་པར་འགྱུར་ལྡོག་གཏོང་བ། ཁུག་ནི་སྒྲ་གདངས་མཐོ་དམན་བར་གསུམ་སོ་སོར་དབུགས་ཀྱི་གྲེ་འགྱུར་མང་ཉུང་སྐབས་དང་འཚམས་པར་འདོན་པ་ལ་ཟེར་བ་བཅས། དེ་ཡང་གནའ་རབས་བོད་ཀྱི་གཞས་གདངས་དང་། དགོན་པའི་ནང་གི་འདོན་རྟ་དབྱངས་ཀྱི་རི་མོ་ཡོད་པ་ཚོར་གཟིགས་ན་གོང་གསལ་སྐད་ཀྱི་ཡན་ལག་དྲུག་གི་མཚོན་རྟགས་གསལ་པོ་ཡོད། འདི་དག་ནི་ལག་ལེན་གྱི་ཐོག་ནས་ངོ་སྤྲོད་བྱས་ཚེ་གསལ་རྟོགས་ཡོང་རྒྱུ་རེད།
- language:
- Tibetan
4. Thupten Phuntsok Dictionary
འགྱུར་བ་དང་། ཁུག་པ། འདེགས་པ། འཇོག་པ། སྦོམ་པོ། ཕྲ་བ་སྟེ་དྲུག
- language:
- Tibetan
5. smon lam tshig mdzod chen mo
འགྱུར་བ་དང༌། ཁུག་པ། འདེགས་པ། འཇོག་པ། སྦོམ་པོ། ཕྲ་བ་སྟེ་དྲུག
- language:
- Tibetan