- ska ba dpal brtsegs/
- ID:
- T8469
- སྐ་བ་དཔལ་བརྩེགས (Tibetan, Tibetan script, Original)
- > ska ba dpal brtsegs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kawa peltsek (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
-
Kawa Paltsek, a translator sent to India by Trisong Deutsen
- language:
- English
-
Kawa Paltsek. Direct disciple of both Padmasambhava and Shantarakshita; important contributor to the translation of the Tibetan Tripitaka and the Nyingma GyĂ¼bum. Born in Phen Valley, he became an eminent translator in accordance with a prophecy by Padmasambhava, and was among the first seven Tibetan monks ordained by Shantarakshita. He received Vajrayana teachings from the great master Padma and attained unimpeded clairvoyance. Kawa is a place name and Paltsek means 'Mountain of resplendence.'
- language:
- English
3. Jim Valby Dictionary
grammarian, SA ska cog, 8th century translator who was a disciple of Santaraksita and Padmasambhava
- language:
- English
4. bod rgya tshig mdzod chen mo
[104]Â ཁྲི་སྲོང་སྡེ་བཙན་སྐབས་སུ་བྱུང་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཞིག་...
- language:
- English
5. dung dkar bod rig pa'i tshig mdzod chen mo
བསྟན་པ་སྔ་དར་སྐབསཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་དུ་གྲགས་པའི་ཡ་གྱལ་ཞིག་སྟེ། འཕན་པོའི་ཡུལ་དུ་རུས་མིང་སྐ་བ་ཡིན་པའི་ཡབ་སྐ་བ་བློ་ལྡན་དང་ཡུམ་འབྲོ་བཟའ་རྡོ་རྗེ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། 《མངའ་བདག་ཉང་གི་ཆོས་འབྱུང》ཤོག་གྲངས༣༠ལས། སློབ་དཔོན་བོདྷིསྭཏྭ་དང་འབྲོ་སྐ་བ་དཔལ་བརྩེགས་གཉིས་ཀྱིས་བྱ་རྒྱུད་དང་སྤྱོད་རྒྱུད་ཀྱི་སྐོར་བསྒྱུར་བ་དང་། ཡང་ཤོག་གྲངས༣༢༩ལས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། རྨ་རིན་ཆེན་མཆོག་དང་གསུམ་ལ་གསེར་བསྐུར་ནས་པཎ་ཆེན་བྰི་མ་ལ་བོད་དུ་གདན་འདྲེན་ཞུ་བར་ཆེད་རྫོང་གནང་ཚུལ་གསུངས་པ་དང་མཐུན་པར་གསང་སྔགས་སྔ་འགྱུར་གྱི་ཆོས་འབྱུང་ཕལ་ཆེ་བའི་ནང་གཅིག་མཚུངས་སུ་བཀོད་ཡོད་པ་མ་ཟད། སློབ་དཔོན་ཀཱ་མ་ལ་ཤྰི་ལ་དང་། རྒྱ་ནག་གི་བསམ་གཏན་མཁན་པོ་ཧཱ་ཤང་མཱ་ཧཱ་ཡ་ན་གཉིས་རྩོད་གླེང་གནང་བ་མཇུག་བསྒྲིལ་རྗེས། ད་གླེང་དེའི་མཇུག་བསྡོམས་ཀྱི་ཆེད་རྩོམ་ལྟ་བུར《སྒོམ་རིམ་རྣམ་པ་གསུམ》དང《དབུ་མ་སྣང་བ》བརྩམས་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་གནང་བ་དང་། 《སྒོམ་རིམ་རྣམ་གསུམ》ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་ཞིང《དབུ་མ་སྣང་བ》ནི་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་གོང་གསལ་གསུང་རྩོམ་སོ་སོའི་འགྱུར་བྱང་གི་ནང་གསལ་པོར་འཁོད་པ་དང་། སློབ་དཔོན་ཀཱ་མ་ལ་ཤྰི་ལ་ནི་བསམ་ཡས་ཆོས་རྩོད་གྲུབ་ནས་ཡུན་རིང་མ་སོང་བར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་མ་གཤེགས་གོང་དུ་ཧཱ་ཤང་མཱ་ཧཱ་ཡ་ནས་མངགས་པའི་གཤེད་མ་གཉིས་ཀྱིས་སྐུ་དཀྲོངས་པ་བཅས་ལ་བརྟག་ན་ཡང་། སྐ་བ་དཔལ་བརྩེགས་ནི་ཁྲི་སྲོང་ལྡེ་བཙན་བཞུགས་དུས་ནས་ལོ་ཙཱ་བ་ཆེན་པོའི་གྲས་སུ་གྱུར་ཟིན་པ་གསལ་པོར་ར་འཕྲོད་བྱུང་ཡོད་པས་དོགས་པ་བྱེད་དགོས་དོན་མི་འདུག་སྙམ། ལོ་ཆེན་དེས་བསྒྱུར་བའི་བཀའ་བསྟན་སྐོར་འགྱུར་བྱང་འཁོད་པ། 《འཕགས་པ་སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་པ》ཤོ་ལོ་ཀ་དྲུག་བརྒྱ་སུམ་ཅུ(ཡིག་འབྲུ༢༠༡༦༠)《ས་བཅུ་པའི་རྣམ་པར་བཤད་པའི་བཤད་པ》སློབ་དཔོན་ཉི་མ་གྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་སུམ་སྟོང་དྲུག་བརྒྱ(ཡིག་འབྲུ༡༡༥༢༠༠)《འཕགས་པ་བཟང་པོ་སྤྱོད་པའི་རྒྱ་ཆེར་འགྲེལ་པ》སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་བརྒྱད་བརྒྱ(ཡིག་འབྲུ༢༥༦༠༠)《བཟང་པོ་སྤྱོད་པའི་འགྲེལ་པ》སློབ་དཔོན་རྒྱན་བཟང་པོས་མཛད་པ་ཤོ་ལོ་ཀ་བཞི་བརྒྱ་ལྔ་བཅུ(ཡིག་འབྲུ༡༤༤༠༠)《འཕགས་པ་རྣམ་པར་མི་རྟོག་པའི་གཟུངས་ཀྱི་འགྲེལ་པ》སློབ་དཔོན་ཀཱ་མ་ལ་ཤྰི་ལས་མཛད་པ་ཤོ་ལོ་ཀ་དྲུག་བརྒྱ(ཡིག་འབྲུ༡༩༢༠༠)《སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ》སློབ་དཔོན་སེང་གེ་བཟང་པོའི་དངོས་སློབ་བུདྷ་ཤྲི་ཛྙ་ནས་མ། ཛད་པ་ཤོ་ལོ་ཀ་ཆིག་སྟོང་བརྒྱད་བརྒྱ(ཡིག་འབྲུ༥༧༦༠༠)《ཕར་ཕྱིན་མངོན་རྟོགས་རྒྱན་གྱི༌འགྲེལ་པ་དོན་གསལ》སློབ་དཔོན་སེང་གེ་བཟང་པོས་མཛད་པ་ཤོ་ལོ་ཀ་ཆིག་སྟོང་ལྔ་བརྒྱ(ཡིག་འབྲུ༤༨༠༠༠)《མདོ་སྡེ་རྒྱན》རྗེ་བཙུན་བྱམས་པས་མཛད་པ་ཤོ་ལོ་ཀ་དགུ་བརྒྱ(ཡིག་འབྲུ༢༨༨༠)《མདོ་སྡེ་རྒྱན་གྱི་འགྲེལ་པ》སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཤོ་ལོ་ཀ་སུམ༌སྟོང་དྲུག་བརྒྱ(ཡིག་འབྲུ༡༡༥༢༠༠)《ཆོས་མངོན་པ༌མཛོད་ཀྱི་ཚིག་ལེའུར་བྱས་པ》སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཤོ་ལོ་ཀ་བདུན་བརྒྱ(ཡིག་འབྲུ༢༢༤༠༠)《ཆོས་མངོན་པ་མཛོད་ཀྱི་འགྲེལ་པ》སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཤོ་ལོ་ཀ་དགུ་སྟོང(ཡིག་འབྲུ་༢༨༨༠༠༠)《ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ》སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་ཆིག་ཁྲི་བརྒྱད་སྟོང་(ཡིག་འབྲུ༥༧༦༠༠༠)《འདུལ་བ་དྲི་བའི་ཚིག་ལེའུར༌བྱས་པ》སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་བརྒྱ་ཐམ་པ(ཡིག་འབྲུ༣༢༠༠)《འདུལ་བ་དྲི་བའི་ཚིག་ལེའུར་བྱས་པའི་འགྲེལ་བཤད》སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་ཆིག་སྟོང་དྲུག་བརྒྱ་དྲུག་ཅུ་རྩ་བཞི(ཡིག་འབྲུ༥༣༢༤༨)《དབུ་མ་རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ》སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ་ཤོ་ལོ་ཀ་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ(ཡིག་འབྲུ༤༠༠༠༠)《རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ》སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་བདུན་ཅུ་(ཡིག་འབྲུ༢༢༤༠)《རྩོད་པ་བཟློས་པའི་འགྲེལ་པ》སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་བཞི་བརྒྱ(ཡིག་འབྲུ༡༢༨༠༠)《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ》སློབ་དཔོན་ཞི་བ་ལྷས་མཛད་པ་ཤོ་ལོ་ཀ་དྲུག་བརྒྱ་(ཡིག་འབྲུ༡༩༢༠༠)《དབུ་མ་དེ་ཁོ་ན་ཉིད་སྣང་བ》སློབ་དཔོན་ཀཱ་མ་ལ་ཤྰི་ལས་མཛད་པ་ཤོ་ལོ་ཀ་དྲུག་བརྒྱ་(ཡིག་འབྲུ༡༩༢༠༠)《དབུ་མ་སྣང་བ》སློབ་དཔོན་ཀཱ་མ་ལ་ཤྰི་ལས་མཛད་པ་ཤོ་ལོ་ཀ་ཉིས་སྟོང་དགུ་བརྒྱ(ཡིག་འབྲུ༩༢༨༠༠)《གཏན་ཚིགས་ཐིགས་པ》སློབ་དཔོན་ཆོས་གྲགས་ཀྱིས་མཛད་པ་ཤོ་ལོ་ཀ་ཉིས་བརྒྱ(ཡིག་འབྲུ༦༤༠༠)《གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ》སློབ་དཔོན་དུལ་བ་ལྷས་མཛད་པ་ཤོ་ལོ་ཀ་དྲུག་བརྒྱ་(ཡིག་འབྲུ༡༩༢༠༠)《རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ》སློབ་དཔོན་ཀཱ་མ་ལ་ཤྰི་ལས་མཛད་པ་ཤོ་ལོ་ཀ་བརྒྱ(ཡིག་འབྲུ༣༢༠༠)《དམིགས་པ་བརྟག་པའི་འགྲེལ་པ》སློབ་དཔོན་དུལ་བ་ལྷས་མཛད་པ་ཤོ་ལོ་ཀ་བཞི་བརྒྱ་ལྔ་བཅུ་ང་ལྔ(ཡིག་འབྲུ༡༤༥༦༠)《ཐམས་ཅད་མཁྱེན་པ་གྲུབ་པ》སློབ་དཔོན་དགེ་སྲུང་གིས་མཛད་པ་ཤོ་ལོ་ཀ་ལྔ་བཅུ(ཡིག་འབྲུ༡༦༠༠)《ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གྲུབ་པ》སློབ་དཔོན་ཀཱ་མ་ལ་ཤྰི་ལས་མཛད་པ་ཤོ་ལོ་ཀ་ལྔ་བརྒྱ(ཡིག་འབྲུ༡༦༠༠༠)《ཕྱི་རོལ་གྱི་དོན་གྲུབ་པ》སློབ་དཔོན་དགེ་སྲུང་གིས་མཛད་པ་ཤོ་ལོ་ཀ་སུམ་བརྒྱ(ཡིག་འབྲུ༩༦༠༠)《བཤེས་སྤྲིངས》སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་བརྒྱ(ཡིག་འབྲུ༣༢༠༠)《བཤེས་སྤྲིངས་ཀྱི་རྒྱ་ཆེར་བཤད་པ》སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ་ཤོ་ལོ་ཀ་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ(ཡིག་འབྲུ༤༠༠༠༠)《ཤེས་རབ་བརྒྱ་པ》སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་བརྒྱ(ཡིག་འབྲུ༣༢༠༠)《སློབ་མ་ལ་སྤྲིངས་པའི་ཡི་གེ》སློབ་དཔོན་ཙནྡྲ་གོ་མིས་མཛད་པ་ཤོ་ལོ་ཀ་ཉིས་བརྒྱ(ཡིག་འབྲུ༦༤༠༠)བཅས་མདོ་ཕྱོགས་སྐོར་ཡིན། གསུང་རྩོམ་གྲས་《ལྟ་བའི་རིམ་པའི་མན་ངག》《གསུང་རབ་རིན་པོ་ཆེའི་གཏམ་རྒྱུད་དང་ཤཱཀྱའི་རབས་རྒྱུད》《ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང》《ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་གི་རྩ་བ》བཅས་སྡེ་དགེ་བསྟན་འགྱུར་སྣ་ཚོགས་ཀྱི་པོད[ཇ]པའི་ནང་དུ་ཡོད།
- language:
- Tibetan
6. Thupten Phuntsok Dictionary
ཁྲི་སྲོང་སྡེ་བཙན་སྐབས་སུ་བྱུང་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཞིག
- language:
- Tibetan
7. smon lam tshig mdzod chen mo
ཁྲི་སྲོང་སྡེ་བཙན་སྐབས་སུ་བྱུང་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཞིག
- language:
- Tibetan
8. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་དབུ་རུ་འཕན་ཡུལ་དུ་སྐུ་འཁྲུངས་ཤིང་། མཁན་པོ་བོ་དྷི་ས་དྭ་ལས་རབ་ཏུ་བྱུང་ཞིང་ལོ་ཙཱ་བ་ལ་ཡང་མཁས་པར་བསླབས། སློབ་དཔོན་པདྨ་འབྱུང་གནས་ལས་དབང་ལུང་མན་ངག་མང་དུ་ཞུས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད་པས་མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་ཏེ་གཞན་སེམས་ཐོགས་མེད་དུ་མཁྱེན་པའི་དངོས་གྲུབ་བརྙེས་ཤིང་། 《གྲུབ་མཐའ་ཤེལ་གྱི་མེ་ལོང་》ལས་ “སྐ་བ་དཔལ་བརྩེགས་གཞན་གྱི་སེམས་རྣམས་ཤེས།” ཞེས་གསུངས་སོ། ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་ཚན་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི《བཀའ་འགྱུར》ལས《འདུལ་བ་ལུང་》དང་། 《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྡུས་དོན》། 《འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས》། 《གནས་འཇོག་གི་མདོ》། 《སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ》། 《ཚེའི་མཐའི་མདོ》། 《ཕྱག་ན་རྡོ་རྗེ་རིགས་པ་མཆོག་གི་རྒྱུད་ཆེན་པོ》བཅས་དང་། 《བསྟན་འགྱུར》ལས《དཀོན་མཆོག་གསུམ་ལ་བཀྲ་ཤིས་ཀྱི་བསྟོད་པ》དང་། 《རྩ་བའི་རྒྱུད་ལས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་དོན》། 《རྡོ་རྗེ་རྣམ་པར་འཇོམས་པ》། 《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན》། 《རྩོད་བཟློག་གི་ཚིག་ལེའུར་བྱས་པ》། 《འཁྲུལ་བཟློག་གི་རིགས་པ་[117]གཏན་ཚིག་གྲུབ་པ》བཅས་མང་དུ་བཞུགས་སོ། 《དཀར་ཆག་ལྡན་དཀར་མ》ཡང་ཐོག་མར་བསྒྲིགས་སོ།།
- language:
- Tibetan