Skip to main content Skip to search
thu mi sam b+ho Ta/
ID:
T82700
  • ཐུ་མི་སམ་བྷོ་ཊ (Tibetan, Tibetan script, Original)
    • > thu mi sam b+ho Ta/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tumi sambhota (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[1162] སྲོང་བཙན་སྒམ་པོའི་སྐབས་ཀྱི་བློན་པོ་ཞིག་སྟེ། ན་གཞོན་དུས་སུ་རྒྱལ་པོའི་བཀའ་བཞིན་རྒྱ་གར་དུ་བྱོན་ནས་སྒྲ་རིག་པ་དང་ཆོས་སྦྱངས། བོད་དུ་ལོག་རྗེས་སཾསྐྲྀཏའི་སྒྲ་གདངས་དང་བོད་སྐད་ཀྱི་སྒྲ་གདངས་ལ་བརྟག་དཔྱད་བྱས་ཏེ་བོད་ཡིག་གསར་གཏོད་དང་བརྡ་སྤྲོད་པའི་གཞུང་བརྩམས། སངས་རྒྱས་ཀྱི་ཆོས་ཐོག་མར་བསྒྱུར་བ་སོགས་ཕྱག་རྗེས་ཤིན་ཏུ་ཆེ་བས་འཕྲུལ་བློན་མཛངས་མི་བདུན་གྱི་བཞི་པར་བསྔགས་སོ། དེ་ཡང་ཐུ་མི་ཞེས་པ་ནི་རུས་མིང་དང། སམ་བྷོ་ཊ་ནི་བོད་མཁས་པ་ཞེས་རྒྱ་གར་པས་བརྩི་བཀུར་བྱས་པའི་མཚན་ཞིག་ཡིན་ནོ། ...

language:
English

2. smon lam tshig mdzod chen mo

སྲོང་བཙན་སྒམ་པོའི་སྐབས་ཀྱི་བློན་པོ་ཞིག ན་གཞོན་དུས་སུ་རྒྱལ་པོའི་བཀའ་བཞིན་རྒྱ་གར་དུ་བྱོན་ནས་སྒྲ་རིག་པ་དང་ཆོས་སྦྱངས། བོད་དུ་ལོག་རྗེས་སཾསྐྲྀཏའི་སྒྲ་གདངས་དང་བོད་སྐད་ཀྱི་སྒྲ་གདངས་ལ་བརྟག་དཔྱད་བྱས་ཏེ་བོད་ཡིག་གསར་བཏོད་དང་བརྡ་སྤྲོད་པའི་གཞུང་བརྩམས། སངས་རྒྱས་ཀྱི་ཆོས་ཐོག་མར་བསྒྱུར་བ་སོགས་ཕྱག་རྗེས་ཤིན་ཏུ་ཆེ་བས་འཕྲུལ་བློན་མཛངས་མི་བདུན་གྱི་བཞི་པར་བསྔགས་སོ། །དེ་ཡང་ཐུ་མི་ཞེས་པ་ནི་རུས་མིང་དང༌། སམ་བྷོ་ཊ་ནི་བོད་མཁས་པ་ཞེས་རྒྱ་གར་པས་བརྩི་བཀུར་བྱས་པའི་མཚན་ཞིག་ཡིན་ནོ།

language:
Tibetan