Skip to main content Skip to search
rkang 'gro lag 'don/
ID:
T7352
  • རྐང་འགྲོ་ལག་འདོན (Tibetan, Tibetan script, Original)
    • > rkang 'gro lag 'don/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kandro landön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

Dpa'-ris.

language:
English

2. Ives Waldo Dictionary

rkang 'gro ni after people and cattle have actually arrived sgrub dgos pa'i khral &, lag 'don ni dngul dngos 'jal ba'i khral te name of those two former Tibetan tax obligations

language:
English

3. bod rgya tshig mdzod chen mo

[89] རྐང་འགྲོ་ནི་མི་ཕྱུགས་དངོས་སུ་ཕྱིན་ནས་སྒྲུབ་དགོས་པའི་ཁྲལ་དང། ལག་འདོན་ནི་དངུལ་དངོས་འཇལ་བའི་ཁྲལ་ཏེ་སྔར་བོད་ཀྱི་ཁྲལ་ཁག་གཉིས་ཀྱི་སྤྱི་མིང། …

language:
Tibetan

4. dung dkar bod rig pa'i tshig mdzod chen mo

དེ་སྔོན་བོད་ས་གནས་སྲིད་གཞུང་སྐབས་གཏན་འབེབས་བྱས་པའི་ཁྲལ་གྱི་ལམ་ལུགས་ཤིག་སྟེ། རྐང་འགྲོ་ཞེས་པ་ནི་རྟ་ཁལ་མི་གསུམ་དང་། དམག་གྲོན། དཔོན་རིགས་དང་དམག་མི་སོགས་གཞུང་དོན་འགྲུལ་བཞུད་བྱེད་སྐབས་ཚ་ཕོག་དང་ཞག་ས་གང་འཁེལ་གྱི་སྡོད་གནས་སྒྲིག་ཆ་དང་། རྟ་གཡོག་ཐབ་གཡོག་བཅས་གཏོང་དགོས་པ་དེར་ཟེར། ལག་འདོན་ནི་དངུལ་དང་དངོས་པོའི་ཐོག་ནས་འཇལ་དགོས་པའི་མི་སེར་དུད་ཚང་གཉིས་ལ་རྐང་རེ་དང་། རྐང་གཉིས་ལ་འདོན་རེ་བརྩིས། དེ་ཚོ་ཚང་མར་ས་ཞིང་ཆེ་ཆུང་དང་། ཁྲལ་ཆེ་ཆུང་མང་ཉུང་འདྲ་མིན་སྣ་ཚོགས་ཡོད་པ་དཔེར་ན་ལྷ་ས་དང་ཐག་ཉེ་ཞིང་གཞུང་ལམ་འཁེལ་བའི་ས་ཆ་ཁྲལ་མང་ཤོས་གྲས་ཡིན་པའི་ཆུ་ཤུལ་ལྟ་བུར་མཚོན་ན་མི་སེར་རྐང་རེ་ལ་ཁྲལ་རྟེན་ས་ཞིང་ཟེར་བ་སོན་འགྲོ་ཁལ་དྲུག་ཅུ་ནས་བརྒྱད་ཅུ་བར་འགྲོ་བ་ཡོད། དེ་ལ་འཁྲི་བའི་རྐང་འགྲོའི་ཁྲལ་རིགས་ནི་མི་སེར་རྐང་རེ་ནས་ལོ་རེ་རྟ་འུལ་ལྔ་བཅུ་སྐོར་དང་ཁལ་མ་བརྒྱ་དང་ལྔ་བཅུ་སྐོར། གཟན་པ་འདེགས་ཁལ་བརྒྱད་ཅུ་སྐོར། ཤིང་འདེགས་ཁལ་བདུན་ཅུ་སྐོར། སྒོ་ང་བརྒྱ་སྐོར། སྣུམ་ཇ་དཀར་ཉི་ཤུ་སྐོར། བོད་དངུལ་སྲང་བདུན་བརྒྱ་ལྔ་བཅུ་སྐོར། གཞུང་འབྲུ་ཁལ་ཉིན་ཤུ་རྒྱ་མ་༥༠༦སྐོར། གྲས་ཆག་སྲན་མ་ཁལ་བཅུ་གཅིག་རྒྱ་མ་༣༠༨བཅས་སྒྲུབ་དགོས། ལག་འདོན་གྱི་ཁྲལ་ལ། མི་སེར་རྐང་རེ་ནས་རྒྱ་ཤིང་བརྔོད་གསུམ་ཟེར་བ་རྒྱ་གསོས་བོད་དངུལ་སྲང་མེད་ཞོ་དྲུག་སྐར་ཕྱེད་བརྒྱད། ཤིང་དངུལ་སྲང་དོ་ཞོ་གསུམ། སྨོན་བརྔོད་གྲོ་ཞིབ་ཁལ་བཅུ་གཅིག་དང་བྲེ་བཅུ་བཞི་ཕུལ་དོ། །ཞོལ་ལས་ཁུངས་སུ་གཞུང་རྒྱུགས་མི་སེར་རྐང་དྲུག་ཅུ་ལྷག་ཡོད་པ་ནས་ཞོལ་པ་ལས་ཁུངས་སུ་ལྗགས་གྲོ་ཟེར་བ་གྲོ་སྤུས་གཙང་ཞོལ་འབོའི་ཁལ་ཆིག་སྟོང་འབུལ་དགོས་པ་དེར་འབོ་ཁྱེད་ཁལ་དྲུག་ཅུ་སྐོར་འགྲོ་བས་ཁྱོན་བསྡོམས་གྲོ་ཁལ་ཆིག་སྟོང་ཉིས་བརྒྱ་སྐོར་འགྲོ་བ་དང་། སྒོང་ཁྲལ་གཞུང་རྒྱུགས་མི་སེར་རྐང་རེ་ནས་སྒོ་ང་རྡོག་ཉི་ཤུ། ལྕགས་རྡོ་ནག་པོ་དོ་པོ་སྣོད་ཕད་རང་འགྲིགས་རེ། བླ་ཕྱག་ལས་ཁུངས་སུ་བཞེས་ཆག་ཟེར་བ་ལྷ་ས་སྨོན་ལམ་དང་ཚོགས་མཆོད་གཉིས་ཀྱི་ཐུག་པའི། རྒྱུར་འབྲུ་བུན་བཏང་བ་རྣམས་ཀྱི་སྐྱེད་འབབ་ཕོན་ཆེན་པོ་དང་། དམག་ཕོགས་བུན་འབྲུ། ལྷ་ས་གཉེར་ཚང་ལ། སུག་པ། དམར་རྩི། རྩ་ཐག་བཅས་ཀྱི་ཁྲལ། སྨོན་ལམ་ཚོགས་ཤིང་དང་། གཞུང་ཁང་ཨར་པོའི་ཤིང་ཆ་སོགས་ཀྱི་ཁྲལ་ལྩི་ཞིང་སྣ་མང་བ་ཡོད།

language:
Tibetan

5. Thupten Phuntsok Dictionary

རྐང་འགྲོ་ནི་མི་ཕྱུགས་དངོས་སུ་ཕྱིན་ནས་སྒྲུབ་དགོས་པའི་ཁྲལ་དང་། ལག་འདོན་ནི་དངུལ་དངོས་འཇལ་བའི་ཁྲལ་ཏེ་སྔར་བོད་ཀྱི་ཁྲལ་ཁག་གཉིས་ཀྱི་སྤྱི་མིང་།

language:
Tibetan

6. smon lam tshig mdzod chen mo

རྐང་འགྲོ་ནི་མི་ཕྱུགས་དངོས་སུ་ཕྱིན་ནས་སྒྲུབ་དགོས་པའི་ཁྲལ་དང༌། ལག་འདོན་ནི་དངུལ་དངོས་འཇལ་བའི་ཁྲལ་ཏེ་སྔར་བོད་ཀྱི་ཁྲལ་ཁག་གཉིས་ཀྱི་སྤྱི་མིང༌།

language:
Tibetan