- snying po'i bstan pa/
- ID:
- T72130
- སྙིང་པོའི་བསྟན་པ (Tibetan, Tibetan script, Original)
- > snying po'i bstan pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyingpö tenpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. dung dkar bod rig pa'i tshig mdzod chen mo
(རྙིང་མའི་ཆོས་ལུགས་)འདི་རྙིང་མའི་ཆོས་ལུགས་ཀྱི་ཞེ་སའི་མིང་སྟེ།དཔེར་ན། དགེ་ལུགས་པར་མཉམ་མེད་རི་བོ་དགེ་ལྡན་པ་ ཞེས་བརྗོད་པ་ལྟ་བུ་ཡིན་།རྙིང་མའི་ཆོས་ལུགས་ནི་བོད་དུ་ནང་པའི་གསང་སྔགས་ཀྱི་ཆོས་བྱུང་བའི་ཐོག་མ་ཡིན། ཡང་ཆོས་ལུགས་ ཤིག་ལ་ཆ་མཚོན་ན་དང་པོ་བྱུང་བའི་མཚམས་གང་ནས་འཛིན་དགོས་པའི་སྐོར་ལ་བཤད་ཚུལ་མི་འདྲ་བ་གཉིས་ཡོད་དེ། ༡.ཆོས་ ལུགས་དང་པོ་སྲོལ་གཏོད་མཁན་བླ་མ་དེས་སློབ་མ་ལ་ཆོས་བཤད་ནས་ཆོས་བརྒྱུད་འཛིན་པའི་སློབ་མ་དང་པོར་བྱུང་བ་ནས་ངོས་འཛིན་པ་གཅིག་དང་། ༢.བླ་མ་དེའམ་དེའི་ཆོས་བརྒྱུད་འཛིན་པའི་སློབ་མས་དགོན་པ་སོགས་ཀྱི་གནས་གཞི་དང་པར་བཟུང་བ་ནས་ཆོས་ ལུགས་དེ་བྱུང་བར་འདོད་པའི་བཤད་ཚུལ་གཉིས་ཡོད་པས་།སྐབས་རེ་དང་པོའི་དབང་དུ་བྱས་ནས་བཤད་དགོས་པ་དང་སྐབས་རེ་གཉི ས་པའི་དབང་དུ་བྱས་ནས་བཤད་དགོས་པ་ཡང་འདུག་ དེ་ཡང་དང་པོ་རྙིང་མའི་ཆོས་བྱུང་སྟེ་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་རྒྱ ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤམ་ཀ་ར། བལ་པོའི་སློབ་དཔོན་ཤི་ལ་མཉྫུ་སོགས་སྤྱན་དྲངས་ནས་གསང་སྔགས ་ཀྱི་རྒྱུད་མང་པོ་བསྒྱུར་། དེ་ནས་མི་རབས་ལྔ་སོང་བ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སློབ་དཔོན་པདྨ་སམ་བྷ་བ་བོད་དུ་སྤྱན་དྲངས། རྗེ་དང་འབངས་ཉེར་ལྔ་སོགས་སློབ་མ་མང་པོར་ཡོ་ག་རྣམ་གསུམ(༡.ལུང་ཨ་ནུ་ཡོ་ག ༢.བསྐྱེད་པ་མ་ཧཱ་ཡོ་ག་ ༣.རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག)གྱི་དབང་དང་མན་ངག་མང་པོ་གསུངས་ཤིང་། གཞན་ཡང་སྔགས་འཆང་ངྷརྨ་ཀིརྟི་དང་། བི་མ་ལ་མི་ཏྲ།སངས་རྒྱས་གསང་བ་།ཤིནྟི་མ་ག་དྷ་སོགས་རྒྱ་གར་གྱི་པཎྡི་ཏ་མང་པོ་བྱོན་ནས་གསང་སྔགས་ཀྱི་ཆོས་མང་དུ་གསུངས་ཤིང་བསྒྱུར།སློབ་དཔོན་ཆེན་པོས་རི་དང་བྲག་དང་མཚོ་སོགས་ལ་གཏེར་དུ་སྦས་པ་བཅས་གོང་གསལ་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ནས་རྙིང་མའི་ཆོས་ལུགས་འདི་བྱུང་ཞིང་། ཁྲི་སྲོང་ལྡེ་བཙན་གྱི་དུས་ནས་དར་རྒྱས་བྱུང་དེ་རྗེས་རབ་བྱུང་དང་པོའི་ལྕགས་འབྲུག་(༡༠༤༠)ལོར་ཇོ་བོ་ཨ་ཏི་ཤ་བལ་ཡུལ་ནས་མངའ་རིས་སུ་ཕེབས་ཏེ་ལོ་ཤས་བཞུགས། རབ་བྱུང་དང་པོའི་མེ་ཕག་(༡༠༤༧)ལོར་དབུས་གཙང་དུ་ཕེབས།དེ་ནས་དབུས་གཙང་ཁམས་གསུམ་ནས་སློབ་མ་མང་དུ་བྱུང་བ་ནས་བཀའ་གདམས་ཀྱི་ཆོས་ལུགས་ཐོག་མར་བྱུང་།(ཡང་ཇོ་བོ་སྐུ་གཤེགས་རྗེས་རབ་བྱུང་དང་པོའི་མེ་བྱ་(༡༠༥༧)ལོར་འབྲོམ་སྟོན་པས་བྱང་རྭ་སྒྲེང་གི་གདམ་ས་ཞེས་ བཀའ་གདམས་ཀྱི་དགོན་པ་ཐོག་མ་དེ་བཏབ། དེ་ནས་བཀའ་གདམས་པ་ཞེས་པའི་ཐ་སྙད་བྱུང་བ་ནས་ངོས་འཛིན་ཀྱང་རུང་)དེ་ནས་ལོ་བཅུ་དྲུག་སོང་བ་རབ་བྱུང་དང་པོའི་ཆུ་གླང་(༡༠༧༣)ལོར་ས་སྐྱ་བ་འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱའི་གནས་ གཞིས་ བཟུང་ནས་དགོན་པ་བཏབ། དེ་ནས་དཔལ་ལྡན་ས་སྐྱ་བ་ཞེས་པའི་ཐ་སྙད་བྱུང་བ་དང་། དེ་ནས་ལོ་ཞེ་བརྒྱད་སོང་བ་རབ་བྱུང་གཉིས་པའི་ལྕགས་གླང་(༡༡༢༡)ལོར་རྗེ་མི་ལ་རས་པའི་སློབ་མ་མཉམ་མེད་དྭགས་པོ་ལྷ་རྗེས ་དྭགས་ལྷ་སྒམ་པོའི་གནས་གཞི་བཟུང་སྟེ་དགོན་པ་གསར་དུ་འདེབས་པ་ནས་དྭགས་པོ་བཀའ་བརྒྱུད་པ་ཞེས་པའི་ཐ་སྙད་བྱུང་ཞིང་། ཤངས་པ་བཀའ་བརྒྱུད་མ་གཏོགས། ཀརྨ་བཀའ་བརྒྱུད་དང་། ཕག་གྲུ་། ཚལ་པ། འབྲི་གུང། འབྲུག་པ། སྟག་ལུང་། འབབ་རོམ། གཡའ་བཟའ། ཁྲོ་ཕུ་བཅས་ཚང་མ་དྭགས་པོའི་བཀའ་བརྒྱུད་ལས་བྱུང་བ་ཡིན། དེ་ནས་རབ་བྱུང་བདུན་པའི་ས་གླང་(༡༤༦༩)ལོར་རྗེ་ཙོང་ཁ་པས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་(དགའ་ལྡན་)བཏབ་པ་ནས་། རི་བོ་དགེ་ལུགས་པའམ་ རི་བོ་དགེ་ལྡན་པ་ཞེས་པའི་ཐ་སྙད་ཐོག་མ་བྱུང་བ་ཡིན་) རྙིང་མ་ཞེས་པའི་དོན་མདོ་ཕྱོགས་ལ་གསར་རྙིང་གི་དབྱེ་བ་མ་བྱུང་བས་། གསང་སྔགས་ཀྱི་སྒོ་ནས་བཞག་པ་ཡིན།དེ་ལ་ཡང་བཤད་སྲོལ་མི་འདྲ་བ་ཡོད་ཀྱང་མཁས་པ་མང་ཆེ་བའི་རྒྱུན་ལ་པཎྡི་ཏ་སྨྲི་ཏི་ཛྙ་ན་བྱོན་པ་ཡན་ཆད་དུ་བསྒྱུར་བའི་གསང་སྔག་ས་ཀྱི་རྒྱུད་རྣམས་ལ་རྙིང་མ་དང་།མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོ་བྱོན་པ་ཡན་ཆད་དུ་བསྒྱུར་བའི་རྒྱུད་རྣམས་ལ་གསང་སྔགས་གསར་མ་ཟེར་བ་ཡིན་ཞེས་གསུངས་ཤིང་། དེ་ཡང་གཙོ་ཆེ་བའི་དབང་དུ་བྱས་པ་ལས། ངེས་བཟུང་ནི་མིན་ཏེ། ལོ་ཙཱ་བ་རིན་ཆེན་བཟང་པོའི་གོང་དུ་བསྒྱུར་བའི་འཇམ་དཔལ་རྩ་རྒྱུད་སོགས་རྙིང་རྒྱུད་མ་ཡིན་པ་ཡང་ཡོད་ལ། དེ་བཞིན་དུ་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་གསང་སྔགས་གསར་མའི་འགྱུར་མགོ་ཚུགས་ཞེས་པ་ཡང་དཔེ་མཚོན་ཙམ་ཡིན་ངེས་བཟུང་མིན་ཏེ། སྐབས་དེར་དུས་ཐོགས་ཕལ་ཆེར་མཉམ་པའི་འབྲོག་མི་དང་། རྟ་ནག་དང་འགོལ་ལོ་ཙཱ་བ། ལྷོ་བྲག་མར་པ་ལོ་ཙཱ་བ་རྣམས་ནས་བསྒྱུར་ཅིང་བཤད་པའི་ཆོས་བརྒྱུད་རྣམས་ཀྱང་གསང་སྔགས་གསར་མ་ཡིན་ནོ། ། རྙིང་མའི་ཆོས་ལ་བརྒྱུད་པ་མི་འདྲ་བའི་སྒོ་ནས་གསུམ། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་བཅས་ཡོད་པ་ལས་། དང་པོ་རིང་བརྒྱུད་བཀའ་མའི་བྱུང་ཚུལ་ནི། པཎ་ཆེན་བི་མ་ལ་མི་ཏྲས་རྨ་རིན་ཆེན་མཆོག་དང་། གཉགས་ཛྙ་ན་ཀུ་མ་ར་གཉིས་ལ་《སྒྱུ་འཕྲུལ་གསང་བ་སྙིང་པོའི་》སྐོར་བཤད་ཅིང་བསྒྱུར་བས། སློབ་མ་དེ་གཉིས་ལས་ཡང་སློབ་མང་པོ་བྱུང་ནས་། གཙང་སྟོད་མང་མགར་དང་། ལ་སྟོད་ལྷོ་བྱང་། འབྲི་ཆུའི་བརྒྱུད་སྤོམ་འབོར་སྒང་གི་ས་ཆ་རྣམས་སུ་དར། ཡང་སློབ་དཔོན་དྷ་ན་ར་ཀྴི་རས་བལ་པོ་ངྷརྨ་བྷོ་ངྷི་ལ་རྩ་རྒྱུད་དང་། བཤད་རྒྱུད་སོགས་བཤད་། བྲུ་ཤའི་ཡུལ་དུ་ཁྲོམ་རུམ་ཆེ་བཙན་སྐྱེས་ལ་བཤད་ཅིང་བསྒྱུར་། དེ་ནས་རིམ་པར་འཕེལ་བ་ཡིན་། གཉགས་ཛྙ་ན་ཀུ་མ་རས་བེེ་རོ་ཙ་ན་དང་གཡུ་སྒྲ་སྙིང་པོ་ལ་《རྫོགས་པ་ཆེན་པོ་》སེམས་ཕྱོགས་སུ་གྲགས་པ་ཞུས། དེ་ནས་རིམ་པར་འཕེལ་བས་《སེམས་ཕྱོགས་》ཀྱི་སྐོར་བྱུང་། ཡང་བེེ་རོ་ཙ་ནས་དབང་མི་ཕམ་མགོན་པོ་ལ་《དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་》ལ་སོགས་པ་《རྡོ་རྗེ་ཟམ་པའི་མན་ངག་》རྣམས་བཤད་པ་ལས། 《ཀློང་སྡེའི་》སྐོར་བྱུང་། སློབ་དཔོན་བི་མ་ལ་མི་ཏྲ་(སྔ་མས་)མངའ་བདག་རྒྱལ་པོ་དང་། མྱང་ཏིང་འཛིན་བཟང་པོ་གཉིས་ལ། 《རྫོགས་པ་ཆེན་པོ་སྙིང་ཏིག་》གི་སྐོར་བཤད་པ་ལས་རིམ་གྱིས་《ཀློང་ཆེན་སྙིང་ཏིག་ཏུ་གྲགས་པ་》བྱུང་། ཡང་སློབ་དཔོན་ དགའ་རབ་རྡོ་རྗེས། 《རིག་འཛིན་ཤྲི་སིང་ཧ་ལ་》《མཁའ་འགྲོ་སྙིང་ཏིག་》གི་སྐོར་བཤད་པ་ལས་ཀྱང་སྙིང་ཏིག་རིགས་མི་འདྲ་བ་ཞིག་བྱུང་བར་བཤད་། ཉེ་བརྒྱུད་གཏེར་མ་ནི་སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པའི་ཚད་ལྡན་གྱི་སྐྱེས་བུ་འགའ་ཞིག་གིས་མ་འོངས་པའི་གདུལ་བྱའི་དོན་དུ་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་མན་ངག་མང་པོ་རི་དང་བྲག་སོགས་ལ་གཏེར་དུ་སྦས་།གཏེར་དེ་དུས་ནམ་གྱི་འདོན་དགོས་པ་དང་། འདོན་རམ་པའི་དུས་རྟགས་གཏེར་འདོན་པ་པོའི་གཏེར་སྟོན་དེའི་མིང་རུས་སྐྱེ་ཡུལ་ལོ་རྟགས། ལུས་ཀྱི་རྟགས་མཚན་སོགས་གསལ་བར་འཁོད་པའི་གཏེར་གྱི་ཁ་བྱང་བཏབ། རྗེས་སུ་གནས་དུས་གང་ཟག་ཐམས་ཅད་འཛོམས་པ་ན་གཏེར་དེ་ཐོན་ནས་སློབ་མ་མང་པོའི་སྤེལ་བ་ལ་གཏེར་ཆོས་ཞེས་གྲགས། (སྤྱིར་གཏེར་མ་མང་ཆེ་བ་རྙིང་མའི་ཆོས་ལ་ཡོད་ཅིང་། གྲུབ་མཐའ་གཞན་ལ་ཡང་ཡོད་པ་འདྲ་བས་གཏེར་ཆོས་ཚང་མ་རྙིང་མའི་ཆོས་མིན་ནོ་)གཏེར་སྟོན་པ་པོ་ལ་ཡང་དངོས་དང་བརྫུས་མི ་མང་པོ་ཞིག་ཡོད་ཀྱང་། སློབ་དཔོན་པདྨའི་ལུང་གིས་དངོས་སུ་ཟིན་པ་དང་མ་ཟིན་པ་བསྡོམས་གཏེར་སྟོན་ཚད་ལྡན་བརྒྱ་ལྷག་ཙམ་(ཏཱ་ལའི་ལྔ་པའི་གསུང་འབུམ་ཉ་པའི་མཇུག་གི་《བྱང་བདག་རིག་འཛིན་ངག་གི་དབང་པོའི་རྣམ་ཐར་》ལས་གཏེར་སྟོན་བརྒྱ་ དང་བཅུ་བདུན་གྱི་མཚན་ཙམ་གསལ་ཞིང་། གཏེར་སྟོན་སོ་སོའི་རྣམ་ཐར་ཞིབ་པ་《རིན་ཆེན་གཏེར་མཛོད་》གྱི་ནང་ཡོད་འདྲ་སྙམ་ཡང་ཁོ་བོས་མ་མཐོང་)ཟབ་མོ་དག་སྣང་གི་སྐོར་། བླ་མ་འགའ་ཞིག་ལ་ཡི་དམ་གྱི་ལྷས་ཞལ་གཟིགས་ནས་ དངོས་ སུ་གསུངས་པའི་མན་ངག་གི་སྐོར་ལ་ཟེར་ཏེ། འདི་ཡང་ས་དགེ་སོགས་གྲུབ་མཐའ་ཐམས་ཅད་ལ་ཡོད་། རྙིང་མའི་ཆོས་བྱུང་ཚུལ་གྱི་སྐོར་ཞིབ་ཆ་《དེབ་ཐེར་སྔོན་པོ་》ལེ་ཚན་གསུམ་པའི་ནང་དང་། དེ་ལས་བསྡུས་པ་ཐུའུ་བཀྭན་ངྷ་མ་ བཛྲའི་གསུང་འབུམ་ཁ་པ་《གྲུབ་མཐའ་ཤེལ་དཀར་མེ་ལོང་》གི་ལེ་ཚན་གཉིས་པའི་གྲངས ༦༡ནས་འཇུག་མ་རྫོགས་བར་བཅས་སུ་ གསལ།
- language:
- Tibetan
4. Thupten Phuntsok Dictionary
སྙིང་པོའི་བསྟན་པ། བཀའ་བརྒྱུད་པའི་བཞེད་སྲོལ་ཞིག་སྟེ། མདོ་སྔགས་གཉིས་ཀྱི་གདམས་ངག་གི་སྙིང་པོ་ཐམས་ཅད་གཅིག་ཏུ་བསྡུས་ནས་ཉམས་སུ་ལེན་པ་ལ་སྙིང་པོའི་བསྟན་པ་ཟེར། དེ་ཡང་གྲུབ་ཆེན་ཏེ་ལོ་པ་ལས་བརྒྱུད་པའི་བཀའ་བབ་བཞིའི་གདམས་ངག་གི་སྙིང་པོ་ཟབ་ལམ་ནཱ་རོ་ཆོས་དྲུག་དང་། རྒྱལ་བ་མཻ་ཏྲི་པ་ལས་བརྒྱུད་པའི་གདམས་ངག་གི་སྙིང་པོ་གྲོལ་ལམ་ཕྱག་རྒྱ་ཆེན་པོ་གཉིས་སྟན་ཐོག་གཅིག་ཏུ། ཉིན་མཚན་ཁོར་ཡུག་ཏུ་ཐུན་གྱིས་བཅད་ནས་ཉམས་རྟོག་རིམ་པ་བཞིན་དུ་མ་སྐྱེས་ཀྱི་བར་དུ་བླ་མའི་གདམས་ངག་བཞིན་སྒོམ་པ་ལ་སྙིང་པོ་དོན་གྱི་ཉམས་ལེན་ཟེར།
- language:
- Tibetan