Skip to main content Skip to search
bkra shis 'khyil/
ID:
T6906
  • བཀྲ་ཤིས་འཁྱིལ (Tibetan, Tibetan script, Original)
    • > bkra shis 'khyil/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trashi khyil (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jeffrey Hopkins Dictionary

Hopkins' Translations: D#ra-s#hi-kyil [name of Monastic University in Am-do (a mdo) Province]

language:
English

2. Rangjung Yeshe Dictionary

Tashi Kyil

language:
English

3. Ives Waldo Dictionary

Tashi Kyilwa

language:
English

4. dung dkar bod rig pa'i tshig mdzod chen mo

མདོ་སྨད་ལྷོ་རྒྱུད་ཀྱི་དགེ་ལུགས་དགོན་ཆེན་གྱི་ཡ་གྱལ་ཞིག་སྟེ། ཡོངས་གྲགས་སུ་བླ་བྲང་བཀྲ་ཤིས་འཁྱིལ་ཞེས་འབོད་སྲོལ་ཡོད། བཀྲ་ཤིས་འཁྱིལ་ཞེས་པ་དགོན་པའི་མིང་ཡིན་པ་ལས་འཇམ་དབྱངས་བཞད་པའི་བླ་བྲང་གི་མིང་མིན་ཀྱང་བླ་དགོན་ཆབས་ཅིག་ཏུ་མིང་འབོད་སྲོལ་དེ་ལྟར་ཡོངས་གྲགས་ཀྱི་ཁ་རྒྱུན་དུ་འཇགས་མུས་ཡིན། དགོན་ཆེན་འདི་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་རབ་བྱུང་བཅུ་གཉིས་པའི་ས་གླང(༡༧༠༩)ལོར་ཕྱག་བཏབ། དེང་སང་ཀན་སུའུ་ཞིང་ཆེན་ལྷོ་རྒྱུད་ཀྱི་ཤཱ་ཧོ་ཤན(夏河县)གྱི་བསང་ཆུ་འབབ་རྒྱུད་ཀྱི་འགོར་ཡོད། དགོན་གནས་འདི་ཐོག་མར་གསར་འདེབས་ཀྱི་སྦྱིན་བདག་ནི་མཚོ་སྔོན་གྱི་དཔོན་ཆེན་དགའ་ལྡན་ཨེར་ཏི་ནི་ཇུ་ནང་གིས་བྱས་ཤིང་། གྲྭ་པ་བརྒྱ་ལྷག་ཙམ་གྱིས་རྟེན་གཞི་བྱས་ཏེ་འཛིན་གྲྭ་ཚུགས་པ་དང་། རྩི་བཞག་གཏོང་བ་སོགས་ཀྱི་མཛད་ཐབས་ལ་བརྟེན་ནས་མཚན་ཉིད་གྲྭ་ཚང་གི་རྨང་གཞི་བཏིང་བར་མཛད། གཙུག་ལག་ཁང་ལྟེ་བའི་རྨང་བཏིང་ནས་མ་གྲུབ་བར་མཁན་པོ་ནོ་མིན་ཧན་དང་། ཨེར་ཁེ་དའི་ཆིང་གཉིས་ནས་ཕུལ་བའི་ཚོགས་གུར་གྲྭ་པ་བརྒྱད་བརྒྱ་ཙམ་ཤོང་བ་ཞིག་གི་ནང་ཚོགས་འདོན་འཆད་ཉན་སོགས་མཛད། འཆད་ཉན་དང་། ཆོས་ཐོགཆོས་མཚམས། སྒྲིག་ཁྲིམས་བཅས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཕྱག་སྲོལ་ལྟར་རྒྱུན་འཛིན་གནང་ཞིང་གྲྭ་གྲངས་ཀྱང་བཀྲ་ཤིས་འཁྱིལ་གྱི་གྲྭ་ཚང་གཞན་ལས་མང་བ་དགོས་པ་དང་། གྲྭ་གྲངས་ཚད་འཛིན་མི་དགོས་པའི་བཀའ་བཅད་མཛད། རྗེས་སུ་གྲྭ་ཚོགས་ཆེ་དུས་གྲྭ་གྲངས་སུམ་སྟོང་ལྷག་ཙམ་ཡོད་པས་འདུ་ཚོགས་དང་རྩོད་གྲྭ་སོགས་ཚོགས་ཆེན་འདུ་ཁང་དུ་གནང་སྲོལ་འདུགབཀྲ་ཤིས་འཁྱིལ་དུ་གྲྭ་ཚང་དྲུག་ཡོད་པ་སྟེ། ༡ཐོས་བསམ་གླིང་། ༢རྒྱུད་སྨད་གྲྭ་ཚང་། ༣དུས་འཁོར་གྲྭ་ཚང་། ༤སྨན་པ་གྲྭ་ཚང་། ༥ཀྱེེ་རྡོར་གྲྭ་ཚང་། ༦རྒྱུད་སྟོད་གྲྭ་ཚང་བཅས་ཡིན། དང་པོ། ཐོས་བསམ་གླིང་ནི་གོང་དུ་བཤད་པའི་མཚན་ཉིད་གྲྭ་ཚང་དེ་ལ་ཟེར་ཞིང་། གཞུང་ཆེན་པོ་ལྔ་ལ་སློབ་གཉེར་མཛད་མཁན་འཛིན་གྲྭ་བཅུ་གསུམ་ལ་ལོ་རྒྱུན་རིང་ཐུང་མི་འདྲ་བའི་སློབ་གཉེར་ཐོན་ནས་དཀའ་རམས་དགེ་བཤེས་ཀྱི་ཡོན་ཚད་གནང་གི་ཡོད། གཉིས་པ། རྒྱུད་སྨད་གྲྭ་ཚང་དགོན་པ་བཏབ་ནས་ལོ་བདུན་སོང་བ་རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ(༡༧༡༦)ལོར་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་དགེ་བཤེས་གསུམ་ལ་བླ་མ་དབུ་མཛད་དང་། བྱང་འདྲེན། དགེ་བསྐོས་བཅས་བསྐོ་གཞག་དང་། གྲྭ་པ་གསར་པ་མི་གྲངས་བཅུ་གསུམ་བདམས་ནས་སྨད་རྒྱུད་གྲྭ་ཚང་གི་ཕྱག་སྲོལ་དང་མཐུན་པའི་རྒྱུད་གྲྭ་གསར་འཛུགས་གནང་ཞིང་། གྲྭ་ཚད་བརྒྱ་དང་ལྔ་བཅུ་ཐམ་པར་གཏན་འཁེལ་གནང་། གསུམ་པ། དུས་འཁོར་གྲྭ་ཚང་། དགོན་པ་བཏབ་ནས་ལོ་ལྔ་བཅུ་ང་གསུམ་སོང་བ་རབ་བྱུང་བཅུ་གསུམ་པའི་ཆུ་ལུག(༡༧༦༣)ལོར་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་དུས་འཁོར་གྲྭ་ཚང་གསར་འཛུགས་མཛད། གྲྭ་ཚང་དེར་གྲྭ་གྲངས་བརྒྱ་ཐམ་པ་ཡོད་ཅིང་། གཙོ་བོ་དུས་འཁོར་གྱི་ཆོ་ག་དང་། སྐར་རྩིས་དང་ནག་རྩིས་སོགས་རྩིས་སྐོར་དང་། གཞན་ཡང་ཀུན་རིག་དང་། རྣམ་སྣང་མངོན་བྱང་གི་ཆོ་ག། བློ་ཁ་དམའ་བ་ཚོས། ལྷ་བྲིས་དང་། འཇིམ་བཟོ་དུང་རྒྱ་གླིང་སོགས་སློབ་སྦྱོང་བྱེད་སྲོལ་གཏན་འབེབས་མཛད་ཡོད། བཞི་པ། སྨན་པ་གྲྭ་ཚང་ནི། འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་(༡༧༨༤)ལོར་གཙང་སྨན་ཡེ་ཤེས་བཟང་པོའི་སློབ་མ་རྡོ་རྗེ་རབ་འབྱམས་པ་སོགས་གསུམ་ལ་སློབ་དཔོན་བསྐོས་ནས་ལྷ་སའི་ལྕགས་པོ་རི་གསོ་རིག་གྲྭ་ཚང་གི་ཕྱག་སྲོལ་དང་མཐུན་པའི་སྨན་པ་གྲྭ་ཚང་གསར་འཛུགས་ཐོག་གྲྭ་གྲངས་བརྒྱ་ཐམ་པར་ཚད་འཛིན་དང་ཞོར་ལ་མི་འཁྲུགས་པ་ལྷ་དགུའི་ཆོ་ག་ཡང་གསུང་རྒྱུན། ལྔ་པ། ཀྱེ་རྡོར་གྲྭ་ཚང་ནི། འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་མཆོག་གིས་རབ་བྱུང་བཅོ་ལྔ་པའི་ལྕགས་སྦྲུལ(༡༨༨༡)ལོར་ཀྱེེ་རྡོར་གྲྭ་ཚང་གསར་འཛུགས་མཛད། གྲྭ་གྲངས་བརྒྱ་ལྷག་ཙམ། གྲྭ་ཚང་འདིར་ཆོ་ག་སྣ་ཆོགས་དང་། སྐར་རྩིས། སྒྲ་རིག་པ། རི་མོ་སོགས་སློབ་གཉེར་གནང་སྲོལ་འདུག། དྲུག་པ། རྒྱུད་སྟོད་གྲྭ་ཚང་། འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་གིས་རྒྱུད་སྟོད་མཁན་ཆེན་ཡོངས་འཛིན་གླིང་རིན་པོ་ཆེར་ཐུགས་རེ་གནང་བ་ལྟར། མཁས་བཙུན་བཟང་པོའི་དཔལ་འཛིན་རོང་པ་སྔགས་རམས་པ་ཡེ་ཤེས་དོན་གྲུབ་དང་། དཀྱིལ་འཁོར་འབྲི་སྒྲུབ་མཆོད་བཞེངས་སོགས་ཀྱི་སྒྱུ་རྩལ་ལ་བྱང་ཆུབ་པའི་གྲགས་པ་སྔགས་རམས་པ་བསྟན་པ་ཆོས་ལྡན་གཉིས་ལ་བཀའ་བཀོད་གནང་བ་ལྟར་རབ་བྱུང་བཅུ་དྲུག་པའི་ས་ཡོས་(༡༩༣༩)ལོར་རྒྱུད་སྟོད་གྲྭ་ཚང་གསར་འཛུགས་བསྐྱངས། གྲྭ་གྲངས་ཀྱང་བརྒྱ་དང་ལྔ་བཅུ་ཡས་མས་ཙམ་ཡོད། གདན་ས་འདིར་གཞུང་ཆེན་པོ་ལྔ་དང་། གསང་སྔགས་ཀྱི་སློབ་གཉེར་ཕྱག་བཞེས་སྐོར་དབུས་གཙང་གདན་ས་ཆེན་པོ་ཁག་དང་གཅིག་མཚུངས་ཀྱི་སྲོལ་བཟང་འགྲན་ཟླ་བྲལ་བ་ཡོད་པའི་ཐོག། འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་དགུང་ལོ་ཞེ་གཉིས་པ་རབ་བྱུང་བཅུ་གསུམ་པའི་ས་གླང(༡༧༦༩)ལོར་བཀྲ་ཤིས་ལྷུན་པོའི་འཆམ་དཔོན(བླ་མ་བློ་བཟང་དཔལ་ལྡན)མདོ་སྨད་དུ་འབྱོར་བ་དང་སྟབས་བསྟུན་བཀྲ་ཤིས་ལྷུན་པོའི་ཕྱག་སྲོལ་ལྟར་གྱི་འཆམ་དང་ལྕགས་མཁར་གསར་འཛུགས་མཛད་ཚུལརྣམ་ཐར་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགསསུ་གསལ་བས་སྐབས་དེར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་དགུང་ལོ་སུམ་ཅུ་སོ་གཉིས་ལ་ཕེབས་སྐབས་ཡིན། གཞན་ཡང་ལྷ་བྲིས་དང་། འཇིམ་བཟོ། དཔར་བརྐོས་ཚུན་ཆད་ཀྱི་ལག་རྩལ་ཀྱང་དཔེ་ཆའི་སློབ་གཉེར་མ་ཐུབ་པ་ཚོར་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཡོད་པར་བརྟེན། གདན་ས་འདི་ནས་ཐོན་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཡང་འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་དང་། གུང་ཐང་བསྟན་པའི་སྒྲོན་མེ་སྐུ་ཕྲེང་རིམ་བྱོན། སྡེ་ཁྲི་རིམ་བྱོན། དབལ་མང་དཀོན་མཆོག་རྒྱལ་མཚན། རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན། ཞང་བསྟན་པ་རྒྱ་མཚོ་། སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་རྗེ་ཤེས་རབ་རྒྱ་མཚོ། གུང་ཐང་བློ་གྲོས་རྒྱ་མཚོ་སོགས་གྲངས་ལས་འདས་པ་དང་། གཞན་ཡང་སྨན་རམས་པ་དང་། རྩིས་རམས་པ། ལྷ་བྲིས་པ། འཇིམ་བཟོ་བ་སོགས་མཛེས་རིག་སྒྱུ་རྩལ་ལ་མཁས་པ་ཡང་མང་དུ་བྱོན་ཡོད། འདིར་གདན་སའི་ངོ་སྤྲོད་མདོར་བསྡུས་ཙམ་ལས་ཞིབ་པ་དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའིབཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེནལྕགས་དཔར་མ་དང་། རྒྱ་རིགས་དགེ་རྒན་ཆེན་མོ་མཁས་དབང་ལི་ཨན་ཀྲད(李安宅)མཆོག་གིས་མཛད་པའིབོད་རིགས་ཀྱི་ཆོས་འབྱུང་ལོ་རྒྱུས་ཀྱི་ས་གནས་དངོས་ལ་ཞིབ་འཇུག་བྱས་པ》(《藏族宗教史实地研究》)ཞེས་པའི་རྒྱ་ཡིག་གི་ཤོག་གྲངས༡༢༤ནས༢༡༢བར་གསལ་བ་དེར་གཟིགས།

language:
Tibetan

5. Thupten Phuntsok Dictionary

མདོ་སྨད་ལྷོ་རྒྱུད་ཀྱི་དགེ་ལུགས་དགོན་ཆེན་གྱི་ཡ་གྱལ་ཞིག་སྟེ། ཡོངས་གྲགས་སུ་བླ་བྲང་བཀྲ་ཤིས་འཁྱིལ་ཞེས་འབོད་སྲོལ་ཡོད། བཀྲ་ཤིས་འཁྱིལ་ཞེས་པ་དགོན་པའི་མིང་ཡིན་པ་ལས་འཇམ་དབྱངས་བཞད་པའི་བླ་བྲང་གི་མིང་མིན་ཀྱང་བླ་དགོན་ཆབས་ཅིག་ཏུ་མིང་འབོད་སྲོལ་དེ་ལྟར་ཁ་རྒྱུན་དུ་འཇགས་མུས་ཡིན། དགོན་ཆེན་འདི་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་རབ་བྱུང་བཅུ་གཉིས་པའི་ས་གླང་ (༡༧༠༩) ལོར་ཕྱག་བཏབ།

language:
Tibetan