- bka' la sgra ji bzhin pas khyab/
- ID:
- T6431
- བཀའ་ལ་སྒྲ་ཇི་བཞིན་པས་ཁྱབ (Tibetan, Tibetan script, Original)
- > bka' la sgra ji bzhin pas khyab/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kala draji zhinpekhyap (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
བཀའ་ལ་ངེས་དོན་གྱིས་ཁྱབ་པའི་དོན་ཏེ། སངས་རྒྱས་ཀྱི་བཀའ་ལ་སྒྲ་བཞིན་པའི་བརྗོད་དོན་ལས་དགོངས་དོན་གཞན་དུ་འགྲེལ་རྒྱུ་ཡོད་པར་ཁས་མི་ལེན་པའོ། དབུ་སེམས་གཉིས་ཀྱིས་མདོའི་དྲང་ངེས་འབྱེད་པའི་ཚེ་། སྒྲ་ཇི་བཞིན་དུ་ཁས་བླངས་རུང་མི་རུང་དུ་འབྱེད་ཅིང་། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱིས་ཐེག་ཆེན་གྱི་གསུང་རབ་འཁོར་ལོ་བར་པ་དང་། ཐ་མ་གཉིས་སངས་རྒྱས་ཀྱི་བཀར་མི་འདོད་པས། བྱེ་བྲག་སྨྲ་བ་ཕལ་ཆེ་བས་བཀའ་ལ་ངེས་དོན་ཁོ་ནས་ཁྱབ་པ་སྟེ་སྒྲ་བཞིན་པས་ཁྱབ་པར་འདོད་པ་ལས། དགོངས་གཞི་གཞན་དུ་འགྲེལ་རྒྱུ་ཡོད་པའི་དྲང་དོན་ཁས་མི་ལེན་ནོ།
- language:
- Tibetan
3. Thupten Phuntsok Dictionary
བཀའ་ལ་ངེས་དོན་གྱིས་ཁྱབ་པའི་དོན་ཏེ། སངས་རྒྱས་ཀྱི་བཀའ་ལ་སྒྲ་བཞིན་པའི་བརྗོད་དོན་ལས་དགོངས་དོན་གཞན་དུ་འགྲེལ་རྒྱུ་ཡོད་པར་ཁས་མི་ལེན་པའོ། དབུ་སེམས་གཉིས་ཀྱིས་མདོའི་དྲང་ངེས་འབྱེད་ཅིང་། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱིས་ཐེག་ཆེན་གྱི་གསུང་རབ་འཁོར་ལོ་བར་པ་དང་། ཐ་མ་གཉིས་སངས་རྒྱས་ཀྱི་བཀར་མི་འདོད་པས། བྱེ་བྲག་སྨྲ་བ་ཕལ་ཆེ་བས་བཀའ་ལ་ངེས་དོན་ཁོ་ནས་ཁྱབ་པ་སྟེ་སྒྲ་ཇི་བཞིན་པས་ཁྱབ་པར་འདོད་པ་ལས། དགོངས་གཞི་གཞན་དུ་འགྲེལ་རྒྱུ་ཡོད་པའི་དྲང་དོན་ཁས་མི་ལེན་ནོ།
- language:
- Tibetan