Skip to main content Skip to search
bka' gtsigs dang po/
ID:
T6343
  • བཀའ་གཙིགས་དང་པོ (Tibetan, Tibetan script, Original)
    • > bka' gtsigs dang po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > katsik dangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

in the case of king Trisong Deutsen skabs rje blon tsang 'dzoms sar skyabs gsum witness du bzhag ste sngar yab mes gong rim gyi dus ltar expressed the qualities of the three jewels and, taking them as refuges and, vihara gtsug lag khang mchod gzhi ?? together w the sangha srung skyob kyi bya ba and, that the stream of dharma activity should not be broken/ damaged nyams. dam bcas pa'i mna' tshig dang po ???

language:
English

2. bod rgya tshig mdzod chen mo

[77] སྔར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་རྗེ་བློན་ཚང་འཛོམས་སར་སྐྱབས་གསུམ་བདེན་དཔང་དུ་བཞག་སྟེ་སྔར་ཡབ་མེས་གོང་རིམ་གྱི་དུས་ལྟར་དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗོད་ཅིང། སྐྱབས་སུ་འཛིན་པ་དང། གཙུག་ལག་ཁང་མཆོད་གཞི་དགེ་འདུན་དང་བཅས་པ་སྲུང་སྐྱོབ་ཀྱི་བྱ་བ་དང། ཆོས་སྤྱོད་ཀྱི་རྒྱུན་མི་ཉམས་པར་བྱའོ་ཞེས་དམ་བཅས་པའི་མནའ་ཚིག་དང་པོ། ...

language:
English

3. dung dkar bod rig pa'i tshig mdzod chen mo

བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་ཅིང་། སད་མི་དྲུག་གམ་བདུན་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བཙུགས་ཟིན་པའི་རྗེས་ཀྱི་ལུག་གི་ལོ་དཔྱིད་ཟླ་ར་བ(བོད་ཀྱི་ཟླ་བ་དང་པོ)ཚེས་བཅུ་བདུན་ལ་བཀའ་གཙིགས་ཀྱི་ཡི་གེ་དང་པོ་འདི་ཤོག་བུ་མཐིང་ཤོག་གི་ངོས་སུ་གསེར་ཡིག་བྲིས་ཏེ་བསམ་ཡས་གཙུག་ལག་ཁང་གི་དཀོར་མཛོད་དུ་བཞག་ཐོག་དེའི་འདྲ་བཤུས་བཅུ་གསུམ་བྲིས་ཡོད་པ་ནས་གཅིག་བང་མཛོད་ནང་བཅུགགཉིས་ལ་ཐམ་ཀ་མནན་ཏེ། ལྷ་ས་གཙུག་ལག་ཁང་དང་བསམ་ཡས་གཙུག་ལག་ཁང་དུ་ཡོད་པའི་དགེ་འདུན་གྱི་སྡེ་རྣམས་ལ་རེ་རེ་བཞག། ལྷག་མ་བཅུ་ནི། ལྷ་ས་དང་། ཁྲ་འབྲུགཕོ་བྲང་ཉེ་འཁོར་གྱི་དགེ་འདུན། རྭ་མོ་ཆེ། ཁམས་གསུམ་ཟངས་ཁང་གླིང་། བྲུ་ཤའི་ཡུལ། ཞང་ཞུང་ཡུལ། མདོ་སྨད། སྡེ་ཁགབློན་པོ་བཅས་ལ་གནང་ཡོད་པ་བཀའ་གཙིགས་འདི་རང་དུ་གསལ། བཀའ་གཙིགས་འདིའི་ནང་དོན་གནད་བསྡུས་ནི། ༡ཁ་བྱང་། ༢གླེང་གཞི། ༣དམ་བཅའ་དུམ་བུ་དང་པོ། ༤དམ་བཅའ་དུམ་བུ་གཉིས་པ། ༥དཔང་དུ་གསོལ་བ། ༦མནའ་ཚིག༧མཇུག་བསྡོམས། ༨མནའ་སྐྱེལ་དུ་ཞུགས་པའི་རྒྱལ་ཕྲན་དང་། བློན་པོ་བཅས་ཀྱི་གོ་གནས་དང་མིང་ཐོ། མནའ་ཡིག་འབྲི་མཁན་བྲང་ཏི་ཤྰི་ལ་ཝརྨ་(ཚུལ་ཁྲིམས་གོ་ཆ)མིང་དང་བཅས་པ་བྲིས་ཡོད། བཀའ་གཙིགས་འདི་ཆ་ཚང་བརཆོས་འབྱུང་མཁས་པའི་དགའ་སྟོནལྕགས་དཔར་མའི་དེབ་དང་པོའི་ཤོག་གྲངས༣༧༠ནས༣༧༣བར་གསལ་ཞིང་། མིང་ཚིག་གོ་དཀའ་བ་རྣམས་ཀྱི་འགྲེལ་བཤད་གོང་འོག་གི་སྐབས་སོ་སོའི་ཐད་དུ་གསལ་བས་དེར་གཟིགས།

language:
Tibetan

4. Thupten Phuntsok Dictionary

བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་ཅིང་། སད་མི་དྲུག་གམ་བདུན་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བཙུགས་ཟིན་པའི་རྗེས་ཀྱི་ལུག་གི་ལོ་དཔྱིད་ཟླ་ར་བ་ (བོད་ཀྱི་ཟླ་བ་དང་པོ) ཚེས་བཅུ་བདུན་ལ་བཀའ་གཙིགས་ཀྱི་ཡི་གེ་དང་པོ་འདི་ཤོག་བུ་མཐིང་ཤོག་གི་ངོས་སུ་གསེར་ཡིག་བྲིས་ཏེ་བསམ་ཡས་གཙུག་ལག་ཁང་གི་དཀོར་མཛོད་དུ་བཞག་ཐོག་དེའི་འདྲ་བཤུས་བཅུ་གསུམ་བྲིས་ཡོད་པ་ནས་གཅིག་བང་མཛོད་ནང་བཅུག གཉིས་ལ་ཐམ་ཀ་མནན་ཏེ། ལྷ་ས་གཙུག་ལག་ཁང་དང་བསམ་ཡས་གཙུག་ལག་ཁང་དུ་ཡོད་པའི་དགེ་འདུན་གྱི་སྡེ་རྣམས་ལ་རེ་རེ་བཞག ལྷག་མ་བཅུ་ནི། ལྷ་ས་དང་། ཁྲ་འབྲུག ཕོ་བྲང་ཉེ་འཁོར་གྱི་དགེ་འདུན། རྭ་མོ་ཆེ། ཁམས་གསུམ་ཟངས་ཁང་གླིང་། བྲུ་ཤའི་ཡུལ། ཞང་ཞུང་ཡུལ། མདོ་སྨད། སྡེ་ཁག བློན་པོ་བཅས་ལ་གནང་ཡོད་པ་བཀའ་གཙིགས་འདི་རང་དུ་གསལ། བཀའ་གཙིགས་འདིའི་ནང་དོན་གནད་བསྡུས་ནི། ཁ་བྱང་། གླེང་གཞི། དམ་བཅའ་དུམ་བུ་དང་པོ། དམ་བཅའ་དུམ་བུ་གཉིས་པ། དཔང་དུ་གསོལ་བ། མནའ་ཚིག མཇུག་བསྡོམས། མནའ་སྐྱེལ་དུ་ཞུགས་པའི་རྒྱལ་ཕྲན་དང་། བློན་པོ་བཅས་ཀྱི་གོ་གནས་དང་མིང་ཐོ། མནའ་ཡིག་འབྲི་མཁན་བྲང་ཏི་ཤཱི་ལ་ཝརྨ (ཚུལ་ཁྲིམས་གོ་ཆ) མིང་དང་་བཅས་པ་བྲིས་ཡོད། བཀའ་གཙིགས་འདི་ཆ་ཚང་བརཆོས་འབྱུང་མཁས་པའི་དགའ་སྟོནལྕགས་དཔར་མའི་དེབ་དང་པོའི་ཤོག་གྲངས་༣༧༠ནས༣༧༣བར་གསལ་ཞིང་། མིང་ཚིག་གོ་དཀའ་བ་རྣམས་ཀྱི་འགྲེལ་བཤད་གོང་འོག་གི་སྐབས་སོ་སོའི་ཐད་དུ་གསལ་བས་དེར་གཟིགས།

language:
Tibetan

5. smon lam tshig mdzod chen mo

སྔར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་རྗེ་བློན་ཚང་འཛོམས་སར་སྐྱབས་གསུམ་བདེན་དཔང་དུ་བཞག་སྟེ་སྔར་ཡབ་མེས་གོང་རིམ་གྱི་དུས་ལྟར་དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗོད་ཅིང༌། སྐྱབས་སུ་འཛིན་པ་དང༌། གཙུག་ལག་ཁང་མཆོད་གཞི་དགེ་འདུན་དང་བཅས་པ་སྲུང་སྐྱོབ་ཀྱི་བྱ་བ་དང༌། ཆོས་སྤྱོད་ཀྱི་རྒྱུན་མི་ཉམས་པར་བྱའོ་ཞེས་དམ་བཅས་པའི་མནའ་ཚིག་དང་པོ།

language:
Tibetan