Skip to main content Skip to search
bka' blon/
ID:
T6298
  • བཀའ་བློན (Tibetan, Tibetan script, Original)
    • > bka' blon/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kalön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

= bka'i gung blon. Minister, ordinary member of the Kashag; 3rd rank; 4 laymen (1728-1751, 1804-1878) OR 3 lay + one monk (1751-1804, 1878-1959). Petech. Gung blon seems to be an O.T. title that lies behind Bka' blon. Dung-dkar 175-176.

language:
English

2. Rangjung Yeshe Dictionary

3. Ives Waldo Dictionary

  • 1) [former Tibetan government officer rank = zhabs pad = sa dbang. In 1720 the Ching dynasty emperor khang shis kyis the 7th Dalai Lama to Tibet phebs skyel gyis khri la 'khod skabs khang chen pa sogs la bka' blon positions were established srid skyong ngam Dalai Lama la took care of the administration of Tibet las rogs zhus pa. They were the 1st བཀའ་བློན་ which ewent on to 1959...] minister Cabinet/government minister [nang srid bka' blon internal affirs minister]; 2) the kings commands la yo 'gal 'chos pa'i [prepare, display?)

    language:
    English
  • 1) * government minister; 2) the kings commands la yo 'gal 'chos pa'i [prepare, display?

    language:
    English

4. Jim Valby Dictionary

name given to 4 cabinet ministers who assist the rgyal tshab, high officer of state, minister, member of the Council of Ministers in traditional Tibetan government

language:
English

5. bod rgya tshig mdzod chen mo

[76] 1 སྔར་བོད་ས་གནས་ཀྱི་སྲིད་འགན་འཁུར་མཁན་གོ་གནས་ཤིག་གི་མིང་སྟེ། ཞབས་པད་དང། ས་དབང་ཡང་ཟེར། སྤྱི་ལོ་1720ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་ཀྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བོད་དུ་ཕེབས་སྐྱེལ་གྱིས་ཁྲི་ལ་འཁོད་སྐབས་ཁང་ཆེན་པ་སོགས་ལ་བཀའ་བློན་གྱི་གོ་གནས་བསྩལ་ནས་སྲིད་སྐྱོང་ངམ་ཏཱ་ལའི་བླ་མར་བོད་ཀྱི་ཆབ་སྲིད་བདག་གཉེར་བྱེད་པའི་ལས་རོགས་ཞུས་པ་དེ་ནི་བོད་ཀྱི་བཀའ་བློན་བྱུང་བའི་ཐོག་མ་ཡིན། ... 1720... 59... 2 རྒྱལ་པོའི་བཀའ་ལ་ཡོ་འགལ་འཆོས་པའི་བློན་པོ། ...

language:
English

6. dung dkar bod rig pa'i tshig mdzod chen mo

བཀའ་བློན་ཞེས་པའི་ཐ་སྙད་འདི་སྔ་རབས་བོད་ཀྱི་ལོ་རྒྱུས་ཐོག་མར་གསལ་བ་ནི། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བྲིས་པའི་ལོ་རྒྱུས་ཀྱི་ཡི་གེརྦ་བཞེདཀྱི་ནང་། བཀའ་ཡོ་གལ་འཆོས་པ་ཞེས་འཁོད་པ་དེ་ཡིན་ཅིང་། དེའི་འགྲེལ་བཤད་སྐོརམཁས་པ་ལྡེའུའི་ཆོས་འབྱུངནང་འཁོད་པ་ལྟར་དུས་རབས་བཅུ་དྲུག་པའི་དཀྱིལ་དུ་དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་གནང་མཛད་པའིཆོས་འབྱུང་མཁས་པའི་དགའ་སྟོནལྕགས་དཔར་མའི་སྟོད་ཆ་ཤོག་གྲངས༡༩༠ནང་བློན་པོ་ཆེ་དགུའི་གོ་གནས་དང་ལས་འགན་གཟེངས་རྟགས་བཅས་ཀྱི་བཤད་པའི་སྐབས་སུ་བཀའ་ཡོ་གལ་འཆོས་པ་ཞེས་པ་ནི་བཀའ་བློན་ཡིན་པ་དང་། དགུང་བློན་ཆེན་པོའི་འོག་གི་བློན་ཆེན་རིམ་པ་གཉིས་པའི་གྲས་བཀའ་བློན་ཆེ་འབྲིང་ཆུང་གསུམ་ཡོད་པ། བཀའ་བློན་གྱི་ལས་འགན་ནི་བཙན་པོ་དང་དགུང་བློན་ཆེན་པོས་བཀའ་ཕབ་པ་རྣམས་ལག་ལེན་བསྟར་འོས་དང་མི་འོས་ཀྱི་བསམ་འཆར་ཐད་ཀར་བཤད་ཆོག་པའི་དབང་ཆ་དང་བཤད་རྒྱུའི་ལས་འགན་ཡོད་པ། བཀའ་བློན་ཆེན་པོ་ལ་གསེར་ཡིག་ཆེན་པོའི་གཟེངས་རྟགས་དང་། བཀའ་བློན་འབྲིང་བར་གསེར་ཡིག་ཆུང་བ། བཀའ་བློན་ཆུང་བར་ཕྲ་མེན(གསེར་དངུལ་སྤེལ་མ)གྱི་ཡི་གེའི་གཟེངས་རྟགས་ཡོད་ཚུལ་བཅས་གསུངས། བཙན་པོ་ཁྲི་རལ་པ་ཅན་གྱི་སྐབསཐང་བོད་དབོན་ཞང་མཐུན་འབྲེལ་རྡོ་རིངགི་ཆིངས་དོན་ལ་ཞུགས་པའི་བོད་ཀྱི་བློན་པོའི་མིང་ཐོའི་ནང་། བཀའ་ཡི་འཕྲིན་བློན་བྲན་ཀ་བློན་སྟག་གཞེར་ཧབ་ཀེན་ཞེས་གསལ་བར་འཁོད་ཡོད་པ་དེ་ཡང་བཀའ་བློན་གྱི་གོ་གནས་ཡོད་པ་ཞིག་ཡིན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའིཁྲིམས་ཡིག་དྭངས་ཤེལ་མེ་ལོངགི་ལེའུ་གཉིས་པ་བློན་པོའི་བྱེད་སྒོའི་ཐད་བཀའ་བློན་ཤག་གི་ལས་ཚན་པ་ཞེས་གསལ་བ་དང་། ཇུན་གར་བས་བོད་ཀྱི་སྲིད་དབང་བཟུང་ནས་དེའི་ངོ་གདོང་འགེབས་བྱེད་དུ་སྟག་རྩེ་ཞབས་དྲུང་ལྷ་རྒྱལ་རབ་བརྟན་སྡེ་སྲིད་དུ་བསྐོས་པའི་གཤམ་འོག་ལ་བཀའ་བློན་བཀྲ་ཤིས་རྩེ་པ་དང་པཀྴི་ཟེར་བ་གཉིས་ཡོད་པ་རྗེས་སུ་ཇུན་གར་བོད་ནས་མཐར་སྐྲོད་བཏང་རྗེས་མན་ཆིང་གོང་མས་མངགས་པའི་བློན་ཆེན་གྱིས་ཁྲིམས་ལ་སྦྱར་ནས་སྲོག་ཐོག་བཏང་ཚུལམི་དབང་རྟོགས་བརྗོདཀྱི་ནང་དུ་གསལ། བཀའ་བློན་བསྐོ་གཞག་སྐབས་སྔོན་དུས་སྲིད་སྐྱོང་སོ་སོས་གང་འོས་པ་ཞིག་ལ་བསྐོ་གཞག་བྱེད་པ་མ་གཏོགས། ཚན་གྱི་རིམ་པ་ངེས་ཅན་བརྒྱུད་དགོས་པའི་ཀྲིག་ཅར་མེད་ཀྱང་གོར་བོད་དམག་འཁྲུག་ཐག་ཆོད་རྗེས། མན་ཆིང་གོང་མ་ཆེན་ལུང་གིས་བཀའ་མངགས་བློན་ཆེན་ཀྲུང་ཐང་ཧྥུ་ཁང་ཨན་གྱིས་གོ་སྐབས་བཟང་པོ་དེ་དང་བསྟུན་ནས་ཆུ་གླང་(༡༧༩༣)ལོརབོད་ཀྱི་ལུགས་སྲོལ་གསར་འཛུགས་སྐོར་གྱི་རྩ་ཚིག་དོན་ཚན་ཉེར་དགུཞེས་པ་གཏན་འབེབས་བྱེད་སྐབས་དོན་ཚན་བཅུ་གཅིག་པར་བཀའ་བློན་བསྐོ་གཞག་བྱེད་རྒྱུའི་འོས་བབས་ཡོད་པའི་ལས་ཚན། མདའ་དཔོན་དང་། རྩིས་དཔོན། ཕྱག་མཛོད་བཅས་ཀྱི་ནང་ནས། བསྐོ་གཞག་བྱེད་དགོས་པར་གཏན་འཁེལ་བཟོས་ཡོད་ཅིང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་སྲིད་དབང་སྐྱོང་གནང་སྐབས་ལས་ཀའི་འཇོན་ཐང་ཡོད་པའི་བཀའ་དྲུང་གི་གྲས་ནས་བཀའ་བློན་གནས་སྤར་མཛད་པ་ཡང་འགའ་ཞིག་བྱུང་ཡོད།

language:
Tibetan

7. Thupten Phuntsok Dictionary

(1) སྔར་བོད་གཞུང་གི་སྲིད་བློན། ཞབས་པད་དང་། ས་དབང་ཡང་ཟེར།

language:
Tibetan

8. smon lam tshig mdzod chen mo

  • 1.སྔར་བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་ཀྱི་འགན་འཁུར་མཁན་གོ་གནས་ཤིག་གི་མིང་། ཞབས་པད་དང༌། ས་དབང་ཡང་ཟེར།

    language:
    Tibetan
  • 2.རྒྱལ་པོའི་བཀའ་ལ་ཡོ་འགལ་འཆོས་པའི་བློན་པོ།

    language:
    Tibetan

9. Negi Tibetan-Sanskrit Dictionary

amātyaḥ lo.ko.89; dra.— རྒྱལ་པོའི་བཀའ་ལ་ཡོ་འགལ་འཆོས་པའི་བློན་པོ bo.ko.76; བློན་ཆེན cho.ko.27.

language:
Sanskrit