Skip to main content Skip to search
bka' bar pa mtshan nyid med pa'i chos 'khor/
ID:
T6289
  • བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར (Tibetan, Tibetan script, Original)
    • > bka' bar pa mtshan nyid med pa'i chos 'khor/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kawar pamtsen nyimé pechönkhor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

1) the second set of teachings. 2) the Dharma wheel on the absence of characteristics

language:
English

2. Ives Waldo Dictionary

the 2nd turning of the wheel of dharma on the absence of characteristics

language:
English

3. bod rgya tshig mdzod chen mo

ཆོས་འཁོར་གསུམ་གྱི་བར་པ།་སྟོན་པ་ཤཀྱ་ཐུབ་པས།་ཡུལ་བྱ་རྒོད་ཕུང་པོའི་རི་བོར།་འཁོར་རབ་འབྱོར་དང་བྱམས་པ་སོགས་ལ།་བརྗོད་བྱ་ཆོས་སྟོང་པ་ཉིད་གཏོ་བོར་བྱས་པའི་མདོ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བ།

language:
Tibetan

4. dung dkar bod rig pa'i tshig mdzod chen mo

སྟོན་པ་ཤཱཀྱ་ཐུབ་པས་ཆོས་འཁོར་ལན་གསུམ་བསྐོར་བའི་བར་པ་སྟེ། བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་རྗེས་སུ་བྱ་རྒོད་ཕུང་པོའི་རི་ལ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས། ལྷ་དང་མི་གྲངས་ལས་འདས་པ་ལ་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་ཞིང་། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་ཆོས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གསུངས་ཏེ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་རོ། དེ་ནས་ཡུལ་གཞན་དུ་ཏིང་ངེ་འཛིན་རྒྱལ་པོའི་མདོ་དང་། སངས་རྒྱས་ཕལ་པོ་ཆེ་དང་། འཕགས་པ་དཀོན་མཆོག་བརྩེགས་པ་སོགས་བཀའ་བར་པའི་སྡེར་གཏོགས་པའི་མདོ་མཐའ་ཡས་པ་གསུངས་སོ། འཁོར་ལོ་བར་པའི་མཚན་ཉིད་ནི་སྟོན་པས་གསུངས་པའི་དམ་ཆོས་གང་ཞིགཆེད་དུ་བྱ་བ་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་འཁོར་ལོ་བར་པའི་མདོའི་དགོངས་པ་འཁོར་ལོ་ཐ་མས་བཀྲལ་བ་ལ་ལྟོས་མི་དགོས་པའི་རིགས་ཅན་ལ་གཙོ་བོར་དགོངས་ནས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྨྲས་ཟིན་ལ་སྟོན་པའི་མདོ་དངོས་སམ། དེའི་སྡེར་གཏོགས་པ་གང་རུང་འཁོར་ལོ་བར་པའི་མཚན་ཉིད་དང་མཚན་གཞི་ནིཡུམ་རྒྱས་འབྲིང་བསྡུས་གསུམལྟ་བུའོ། ཅིའི་ཕྱིར་མཚན་ཉིད་མེད་པའི་ཆོས་འཁོར་ཞེས་བྱ་ཞེ་ན། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་ལས་བརྩམས་པས་སོ།

language:
Tibetan

5. Thupten Phuntsok Dictionary

ཆོས་འཁོར་གསུམ་གྱི་བར་པ། སྟོན་པ་ཤཱཀྱ་ཐུབ་པས། ཡུལ་བྱ་རྒོད་ཕུང་པོའི་རི་བོར། འཁོར་རབ་འབྱོར་དང་བྱམས་པ་སོགས་ལ། བརྗོད་བྱ་ཆོས་སྟོང་པ་ཉིད་གཙོ་བོར་བྱས་པའི་མདོ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བ། རྒྱས་པ་ཆོས་འཁོར་བར་པའི་འགྲེལ་བཤད་ལྟར་རོ།

language:
Tibetan

6. smon lam tshig mdzod chen mo

ཆོས་འཁོར་གསུམ་གྱི་བར་པ། སྟོན་པ་ཤཱཀྱ་ཐུབ་པས། ཡུལ་བྱ་རྒོད་ཕུང་པོའི་རི་བོར། འཁོར་རབ་འབྱོར་དང་བྱམས་པ་སོགས་ལ། བརྗོད་བྱ་ཆོས་སྟོང་པ་ཉིད་གཙོ་བོར་བྱས་པའི་མདོ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བ།

language:
Tibetan