Skip to main content Skip to search
bka' phyag chu bo gnyis 'dres/
ID:
T6267
  • བཀའ་ཕྱག་ཆུ་བོ་གཉིས་འདྲེས (Tibetan, Tibetan script, Original)
    • > bka' phyag chu bo gnyis 'dres/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kachak chuwo nyindré (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

The combined tradition of the Kadampa and Mahamudra teachings, contained in the Jewel Ornament of Liberation སྒམ་པོ་ཐར་རྒྱན་. of Gampopa

language:
English

2. Ives Waldo Dictionary

  • The combined rivers [of tradition] of the kadampa and mahamudra teachings [as contained in the jewel ornament of liberation སྒམ་པོ་ཐར་རྒྱན་ of Gampopa]

    language:
    English
  • The combined rivers [of tradition] of the kadampa and mahamudra teachings

    language:
    English

3. dung dkar bod rig pa'i tshig mdzod chen mo

བཀའ་བརྒྱུད་བསྟན་པའི་སྲོལ་འབྱེད་མར་མི་དྭགས་གསུམ་གྱི་ནང་ཚན་མཉམ་མེད་དྭགས་པོ་ལྷ་རྗེས(རབ་བྱུང་དང་པོའི་ས་ལུག་༡༠༧༩ནས་རབ་བྱུང་གསུམ་པའི་ཆུ་བྱ༡༡༥༣ལོ་བར)བཀའ་གདམས་ཀྱི་དགེ་བཤེས་ཤ་བ་གླིང་པ་དང་། དགེ་བཤེས་བྱ་ཡུལ་བ། དགེ་བཤེས་སྨུག་རུམ་པ། དགེ་བཤེས་རྒྱ་ལྕགས་རི་གོང་ཁ་བ་རྣམས་ཀྱི་དྲུང་ནས་བཀའ་གདམས་ཀྱི་ཆོས་སྐོར་མང་པོ་གསན། རྗེས་སུ་རྗེ་བཙུན་མི་ལ་རས་པའི་དྲུང་ནས་རྗེ་བཙུན་མར་པ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་ཆ་ཚང་བ་གསན་ནས་ཐུགས་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པར་བརྟེན། བཀའ་གདམས་ཀྱི་ལམ་རིམ་དང་། རྗེ་བཙུན་མི་ལའི་ཕྱག་རྒྱ་ཆེན་པོའི་གདམས་ངག་ཕྱོགས་གཅིག་ཏུ་བསྒྲིལ་ནསལམ་རིམ་ཐར་པ་རིན་པོ་ཆེའི་རྒྱནབརྩམས་པར་མཛད་པ་ནས་བཟུང་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་སྲོལ་བཟང་པོ་བོད་ཡོངས་སུ་ཁྱབ་བརྡལ་བྱུང་བ་ཡིན།མར་མི་དྭགས་གསུམ་གྱི་རྣམ་ཐརདངདེབ་སྔོནལྕགས་དཔར་མའི་ཤོག་གྲངས༥༣༨ནས༥༥༠བར་དྭགས་པོ་ལྷ་རྗེའི་རྣམ་ཐར་ལོ་རྒྱུས་གསལ་བ་དེར་གཟིགས། བཀའ་བབས་སྙན་བརྒྱུད་དང་བཅས་པ། ཕྱག་རྒྱ་ཆེན་པོ་བརྒྱུད་པ་ཕྱི་མའི་དྲི་མེད་ཐིག་པའི་ཆོས་སྐོར་ལ་ཐུན་མོང་གི་སྐོར་དང་ཐུན་མོང་མ་ཡིན་པའི་སྐོར་བཅས་གཉིས་ཡོད་པའི་ནང་གསེས་ཐུན་མོང་གི་སྐོར་ལ་བཞི(༡མདོ་རྒྱུད་ཕྱག་ལེན་དང་བཅས་པ། ༢བཀའ་བབས་སྙན་བརྒྱུད་[དང་བཅས་པ། ༣དྲི་མེད་ཕྲ་ཐིག་དང་བཅས་པ། ༤དར་ཚགས་བཤད་འབུམ་དང་བཅས་པ)ཡོད་པའི་གཉིས་པ་དེ་ཡིན། དེ་ལ་བཀའ་བབས་བཞི་དང་། ལམ་སློང་སྙན་བརྒྱུད་བཞི་ཡོད། དེ་རྣམས་ཀྱི་འགྲེལ་བཤད་ད་ཕན་བདག་གིས་མ་མཐོང་ལགས།

language:
Tibetan

4. Thupten Phuntsok Dictionary

བཀའ་བརྒྱུད་བསྟན་པའི་སྲོལ་བྱེད་མར་མི་དྭགས་གསུམ་གྱི་ནང་མཚན་མཉམ་མེད་དྭགས་པོ་ལྷ་རྗེ་བཀའ་གདམས་ཀྱི་ལམ་རིམ་དང་། རྗེ་བཙུན་མི་ལའི་ཕྱག་རྒྱ་ཆེན་པོའི་གདམས་ངག་ཕྱོགས་གཅིག་ཏུ་བསྒྲིལ་ནསལམ་རིམ་ཐར་པ་རིན་པོ་ཆེའི་རྒྱནབརྩམས་པར་མཛད་པ་ནས་བཟུང་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་སྲོལ་བཟང་པོ་བོད་ཡོངས་སུ་ཁྱབ་བརྡལ་བྱུང་བ་ཡིན།

language:
Tibetan