- bka' bsdu gsum pa/
- ID:
- T6239
- བཀའ་བསྡུ་གསུམ་པ (Tibetan, Tibetan script, Original)
- > bka' bsdu gsum pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kadu sumpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
the third council; more than hundred years after the Buddha's nirvana
- language:
- English
2. bod rgya tshig mdzod chen mo
སྟོན་པ་གཤེགས་ནས་ལོ་བརྒྱ་ལྷག་ཙམ་ན་གནས་ཁ་ཆེ་མེ་ཏོག་བརྩེགས་པའི་ཀུན་དགའ་ར་བར་རྒྱལ་པོ་ནིཤཀཔས་སྦྱིན་བདག་བྱས་ཏེ་དགྲ་བཅོམ་པ་ལྔ་བརྒྱ་དང།་སྡེ་སྣོད་འཛིན་པ་བཙུན་པ་ཆེན་པོ་ལྔ་སྟོང་འདུས་ནས་ཉན་ཐོས་ཀྱི་སྡེ་གྱེས་པ་བཅོ་བརྒྱད་པོ་ཐམས་ཅད་བཀར་སྒྲུབ་ཅིང་འདུལ་བའི་ཚོགས་ཡི་གེར་བཀོད།་མདོ་སྡེ་དང་མངོན་པ་སྔར་ཡི་གེར་མ་འཁོད་པ་རྣམས་ཀྱང་ཡི་གེར་བཀོད་ནས་བསྡུ་བ་བྱས་སོ་ཞེས་གྲགས་ལ།་འདིའི་དུས་དང་ངོས་འཛིན་སོགས་མི་འདྲ་བ་སྣ་ཚོགས་སྣང་ངོ།
- language:
- Tibetan
3. dung dkar bod rig pa'i tshig mdzod chen mo
འདི་འདུལ་བ་ལུང་གི་ནང་དུ་གསལ་བར་གསུངས་མེད་ཐོག་བྱུང་ཚུལ་ལ་ཡང་རྒྱ་གར་དུ་གསུང་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པའི་སྐོར《བུ་སྟོན་ཆོས་འབྱུང》ཤོག་གྲངས༡༣༡ནས༡༣༤བར་གསལ་ཞིང་། འདིར་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི《རྒྱ་གར་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༧༨ནས༨༡བར་གསལ་བ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་《རྟོག་གེ་འབར་བ》ལེའུ་བཞི་པ་ཉན་ཐོས་ཀྱི་དེ་ཁོ་ན་ཉིད་གཏན་ལ་ཕབ་པའི་ལེའུ་དང་། སློབ་དཔོན་དབྱིག་བཤེས་ཀྱིས་མཛད་པའི་གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ》སློབ་དཔོན་དུལ་བ་ལྷས་མཛད་པའི《སྡེ་པ་ཐ་དད་པར་བསྟན་པ་བསྡུས་པ》བཅས་གུང་བསྒྲིགས་ནས་དོན་ཚན་ལྔར་བསྡུས་ཏེ་བཀོད་ན་གོ་བདེ་བས། གཅིགབཀའ་བསྡུ་གསུམ་པའི་འབྱུང་རྐྱེན་ནི། སངས་རྒྱས་བཅོམ་ལྡན་འདས་དགོངས་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་རྒྱལ་པོ་མྱ་ངན་མེད་སྔོན་མ་ཀ་ལ་ཡ་ཤོ་ཀ་སྟེ་མྱ་ངན་མེད་ནག་པོའམ་དུས་ཀྱི་མྱ་ངན་མེད་བྱུང་ཞིང་། དེ་ནས་ལོ་དྲུག་སོང་བའི་སྐབས་སུ། ཡུལ་མ་རུ་ཊའི་ཕྱོགས་སུ་ཚོང་དཔོན་ཞིག་གི་བུ་ལྷ་ཆེན་པོ་ཞེས་འབོད་པ་ཞིག་བྱུང་བ་དེས་ཕ་བསད་པ། མ་བསད་པ། དགྲ་བཅོམ་པ་དགེ་སློང་བཅས་གསུམ་བསད་མྱོང་བ་དེས་རང་གི་སྡིག་ཉེས་ལ་སྐྲག་ནས་རང་ཡུལ་དུ་མ་བསྡད་པར་ཁ་ཆེའི་ཡུལ་དུ་བྲོས་ཏེ། རང་གི་ཉེས་པ་གསངས་ནས་དགེ་སློང་བྱས། རིག་པ་རྣོ་བས་ནང་པ་སངས་རྒྱས་ཀྱི་གཞུང་ལུགས་ལ་མཁས་པར་གྱུར། རང་གི་སྡིག་ཉེས་སྦྱང་བའི་ཆེད་དུ་དགོན་པར་སོང་སྟེ་ཏིང་ངེ་འཛིན་བསྒོམ་པ་ལས་ནམ་ཞིག་བདུད་ཀྱིས་བྱིན་གྱིས་བརླབས་ཏེ། སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་མི་མཐུན་པའི་ལྟ་བ་གསར་པ་མང་པོ་དར་སྤེལ་བྱས། དེ་ཤི་རྗེས་སུ་ཡང་དགེ་སློང་བཟང་པོ་ཟེར་བ་ཞིག་གིས་ཀྱང་དེ་དང་མཐུན་པའི་ལྟ་བ་གསར་པ་དར་སྤེལ་བྱས་པ་མ་ཟད། གསོ་སྦྱོང་གི《སོ་སོར་ཐར་པའི་མདོ》འདོན་སྐབས། རྒྱུན་ལྡན་གྱི་མདོ་ཚིག་དང་མི་མཐུན་པའི་ཚིག་སྣ་རིང་ཐུང་སྣ་ཚོགས་དང་ཡུལ་སྐད་མི་འདྲ་བའི་ཐོག་ནས་བཏོན་པས་དོན་ལ་གོ་བ་ལེན་སྟངས་མི་མཐུན་པ་མང་པོ་བྱུང་ནས་ཐོག་མར་དགེ་སློང་གནས་བརྟན་བགྲེས་པའི་ཕྱོགས་གཅིག་དང་། གཞོན་པ་མང་ཆེ་བའི་ཕྱོགས་གཉིས་སུ་གྱེས། དེ་གཉིས་ཀྱང་ནང་གསེས་ཕྱོགས་ཁག་མི་འདྲ་བ་མང་པོར་གྱེས་ནས་ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས(དེ་སྐོར་གཤམ་གསལ་ཉན་ཐོས་སྡེ་པ་བཅོ་བརྒྱད་ཞེས་པའི་ཚིག་འགྲེལ་དུ་གསལ)ཏེ་རྒྱལ་པོ་མྱ་ངན་བྲལ་གྱི་རིང་དང་། དཔའ་བོའི་སྡེའི་ཚེ་སྨད། རྒྱལ་པོ་དགའ་བོ་དང་པདྨ་ཆེན་པོའི་མི་ཚེ་ཧྲིལ་པོ། རྒྱལ་པོ་ཀ་ཎི་ཀའི་ཚེ་སྟོད་བཅས་ལོ་དྲུག་ཅུ་རེ་གསུམ་གྱི་བར་རྩོད་པ་དྲག་པོ་བྱུང་ཞིང་། སྔ་རྗེས་སུ་རྩོད་གླེང་ཆེ་ཆུང་སྣ་ཚོགས་བྱུང་བ་བསྡོམས་ན་ལོ་བརྒྱ་མ་ཟིན་ཙམ་བྱུང་བ་དེ་ཡིན། གཉིས། བཀའ་བསྡུ་གསུམ་པ་མཛད་པ་པོ་ནི། དགྲ་བཅོམ་པ་པུ་རྣི་ཀ་ལ་སོགས་པ་དང་འབྲས་བུ་མ་ཐོབ་པ་བསྡོམས་པའི་ལྔ་བརྒྱ་དང་། བ་སུ་བནྡྷི་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། པཎྜི་ཏ་དང་སྡེ་སྣོད་འཛིན་པ་མང་པོ་བཅས་བསྡོམས་དགེ་འདུན་ཆིག་ཁྲི་བདུན་སྟོང་འཛོམས་པ་དེ་ཡིན། གསུམ། བཀའ་བསྡུ་མཛད་པའི་དུས་དང་གནས་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་སོང་བ་ན། ཁ་ཆེའི་ཡུལ་གྱི་ཛ་ལནྡྷ་རའི་དགོན་པར་མཛད་པ་ཡིན། བཞི། བཀའ་བསྡུ་མཛད་པའི་སྐབས་ཀྱི་སྦྱིན་བདག་ནི་ཁ་ཆེའི་ཡུལ་གྱི་རྒྱལ་པོ་ཀརྣི་ཀ་ཡིན། ལྔ། བཀའ་བསྡུ་མཛད་པའི་ཐབས་ཤེས་ནི། 《རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་ལུང་བསྟན་པའི་མདོ》ཁུངས་སུ་མཛད་དེ། སྡེ་པ་བཅོ་བརྒྱད་ཀྱི་བཞེད་པ་མི་འདྲ་བ་ཡོད་པ་རྣམས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ནང་པའི་བསྟན་པ་གཅིག་གི་ཁོངས་སུ་མཚུངས་པ་དང་། ཐམས་ཅད་ལ་རྣམ་པར་གྲོལ་བའི་ལམ་ཡོད་པར་ཁྱད་མེད་ཡིན་ཚུལ་དགེ་འདུན་ཐམས་ཅད་མགྲིན་གཅིག་ཏུ་ཞལ་བཞེས་དགོངས་པ་གཅིག་མཐུན་མཛད་པ་དེ་ཡིན། བཀའ་བསྡུ་འདི་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས《གསེར་ཐང》ལྕགས་དཔར་མའི་ཤོག་གྲངས་༣༡༦པར་བཀའ་བསྡུ་བཞི་པའམ་ཐ་མར་གྲགས་པ་བྱས་ཞེས་གསལ་བ་ལྟར་ན། བཀའ་བསྡུ་གཉིས་པ་དང་འདིའི་བར་དུ་བཀའ་བསྡུ་གཞན་ཞིག་བྱུང་ཚུལ་གསུང་དགོས་པ་ལ་དེ་ཡང་གསུངས་མི་འདུག་པས་གོང་གསལ་བཀའ་བསྡུ་བཞི་པའམ་ཞེས་པ་དེ་ཡིག་ནོར་བྱུང་བ་ཡིན་ནམ་བརྟག་བཀའ་བསྡུ་གསུམ་པའི་སྐོར《བུ་སྟོན་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༡༣༡ནས༡༣༢བར་དང《ཀློང་ཆེན་ཆོས་འབྱུང》ལྕགས་དཔར་མའི་གྲངས༡༤༡ནས༡༤༢བར་གསལ་བས་དེ་དག་ལ་གཟིགས།
- language:
- Tibetan
4. Thupten Phuntsok Dictionary
སྟོན་པ་གཤེགས་ནས་ལོ་བརྒྱ་ལྷག་ཙམ་ན་གནས་ཁ་ཆེ་མེ་ཏོག་བརྩེགས་པའི་ཀུན་དགའ་ར་བར་རྒྱལ་པོ་ནིཥྐཔས་སྦྱིན་བདག་བྱས་ཏེ་དགྲ་བཅོམ་པ་ལྔ་བརྒྱ་དང་། སྡེ་སྣོད་འཛིན་པ་བཙུན་པ་ཆེན་པོ་ལྔ་སྟོང་འདུས་ནས་ཉན་ཐོས་ཀྱི་སྡེ་གྱེས་པ་བཅོ་བརྒྱད་པོ་ཐམས་ཅད་བཀར་སྒྲུབ་ཅིང་འདུལ་བའི་ཚོགས་ཡི་གེར་བཀོད། མདོ་སྡེ་དང་མངོན་པ་སྔར་ཡི་གེར་མ་འཁོད་པ་རྣམས་ཀྱང་ཡི་གེར་བཀོད་ནས་བསྡུ་བ་བྱས་སོ་ཞེས་གྲགས་ལ། འདིའི་དུས་དང་ངོས་འཛིན་སོགས་མི་འདྲ་བ་སྣ་ཚོགས་སྣང་ངོ་། །
- language:
- Tibetan
5. smon lam tshig mdzod chen mo
སྟོན་པ་གཤེགས་ནས་ལོ་བརྒྱ་ལྷག་ཙམ་ན་གནས་ཁ་ཆེ་མེ་ཏོག་བརྩེགས་པའི་ཀུན་དགའ་ར་བར་རྒྱལ་པོ་ནིཥྐཔས་སྦྱིན་བདག་བྱས་ཏེ་དགྲ་བཅོམ་པ་ལྔ་བརྒྱ་དང༌། སྡེ་སྣོད་འཛིན་པ་བཙུན་པ་ཆེན་པོ་ལྔ་སྟོང་འདུས་ནས་ཉན་ཐོས་ཀྱི་སྡེ་གྱེས་པ་བཅོ་བརྒྱད་པོ་ཐམས་ཅད་བཀར་སྒྲུབ་ཅིང་འདུལ་བའི་ཚོགས་ཡི་གེར་བཀོད། མདོ་སྡེ་དང་མངོན་པ་སྔར་ཡི་གེར་མ་འཁོད་པ་རྣམས་ཀྱང་ཡི་གེར་བཀོད་ནས་བསྡུ་བ་བྱས་སོ་ཞེས་གྲགས་ལ། འདིའི་དུས་དང་ངོས་འཛིན་སོགས་མི་འདྲ་བ་སྣ་ཚོགས་སྣང་ངོ་། །
- language:
- Tibetan