- bka' gdams glegs bam/
- ID:
- T6168
- བཀའ་གདམས་གླེགས་བམ (Tibetan, Tibetan script, Original)
- > bka' gdams glegs bam/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kadam lekbam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
the scriptures of Kadampa Father and Son Teachings. ཕ་ཆོས་དང་བུ་ཆོས་
- language:
- English
2. Ives Waldo Dictionary
the scriptures of Kadampa father and son teachings ཕ་ཆོས་དང་བུ་ཆོས་
- language:
- English
4. dung dkar bod rig pa'i tshig mdzod chen mo
བཀའ་གདམས་ཀྱི་མན་ངག་ཐམས་ཅད་ཀྱི་རྩ་བ་ལྟ་བུ《བྱང་སེམས་ནོར་བུའི་ཕྲེང་བ》ཞེས་པ་དེ་ཡིན་ཅིང་། དེ་ནི《ཇོ་བོའི་ཆོས་ཆུང་བརྒྱ་རྩ》(སྡེ་དགེ་བསྟན་འགྱུར་མདོ་ཕྱོགས་པོད[ཁ]པའི་ནང)དང་། 《བཀའ་གདམས་ཕ་ཆོས》ཀྱི་འགོར་ཡོད། བཀའ་གདམས་གླེགས་བམ་ཞེས་པ་ནི《བཀའ་གདམས་ཕ་ཆོས》པོད་གཅིག་དང《བཀའ་གདམས་བུ་ཆོས》པོད་གཅིག་བཅས་བསྡོམས་པའི་མིང་ཡིན། གླེགས་བམ་འདིའི་བརྗོད་བྱ་ཁག་ཅིག་འབྲོམ་སྟོན་པ་རིན་པོ་ཆེས་དྲི་བ་ཞུས་པའི་ལན་ཇོ་བོ་རྗེ་ཨ་ཏི་ཤས་གསུངས་པ་དང་། མང་པོ་ཞིག་རྔོག་ལེགས་པའི་ཤེས་རབ་ཀྱིས་དྲི་བ་ཞུས་པའི་ལན་ཇོ་བོ་རྗེ་ཨ་ཏི་ཤས་གསུངས་པ། ཉུང་ཤས་ཤིག་དགེ་བཤེས་ཁུ་སྟོན་གྱིས་དྲི་བ་ཞུས་པའི་ལན་ཇོ་བོ་རྗེས་གསུངས་པ་བཅས་ཡིན་ཅིང་། ཕ་ཆོས་ཞེས་པ་ཕ་སྟོན་པ་རིན་པོ་ཆེས་ཞུས་པ་ལ་ཟེར། བུ་ཆོས་ཞེས་པ་བུ་རྔོག་ལེགས་པའི་ཤེས་རབ་དང་དགེ་བཤེས་ཁུ་སྟོན་གྱིས་ཞུས་པ་ལ་ཟེར། བཀའ་གདམས་གླེགས་བམ་ཕྱོགས་བསྒྲིགས་ཐོག་མར་མཛད་མཁན་ནི་རྔོག་ལེགས་པའི་ཤེས་རབ་ཡིན་ཅིང་། དེའི་ལུང་རྒྱུན་ཡང་རྔོག་ནས་བཟུང་ད་ལྟའི་བར་རྒྱུན་མི་ཆད་པར་ཡོད་པ་དང《བཀའ་གདམས་ཕ་ཆོས》དང《བུ་ཆོས》ཀྱི་བརྗོད་བྱ་དང་ལོ་རྒྱུས་སྐོར་གཤམ་གསལ《བཀའ་གདམས་ཕ་ཆོས》དང《བཀའ་གདམས་བུ་ཆོས》ཞེས་པའི་སྐབས་སུ་གསལ་བས་དེར་གཟིགས།
- language:
- Tibetan