Skip to main content Skip to search
bka' thang shel brag ma/
ID:
T6080
  • བཀའ་ཐང་ཤེལ་བྲག་མ (Tibetan, Tibetan script, Original)
    • > bka' thang shel brag ma/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > katang sheldrakma (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

2. dung dkar bod rig pa'i tshig mdzod chen mo

འདི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་གཙོ་བོར་གསུངས་པ་ཞིག་ཡིན་ཅིང་། ཡར་རྗེ་ཨོ་རྒྱན་གླིང་པ་དང་། སྒོམ་པ་ཤཱཀྱ་བཟང་པོ་གཉིས་ཀྱིས་ཡར་ལུང་ཤེལ་བྲག་གི་བྲག་ཕུག་ནས་གཏེར་དུ་བཞེས་པ་ཞིག་ཡིན་ཅིང(ལེའུ་བརྒྱ་དང་བརྒྱད་ཡོད་པ་འདི་ཡོངས་གྲགས་ཡིན)སྐབས་འདིརཆོས་འབྱུང་མཁས་པའི་དགའ་སྟོནམཛད་པ་པོས་ཤོག་གྲངས་༥༩༦་༩ལས་འདི་ལྟར་གསུངས་ཏེ། སྤྱིར་ཐང་ཡིག་ལེའུ་བརྒྱ་དང་གཅིག་པར་འདོད་པ་ཚིག་བཅད་ལྷུག་གཉིས་སྣང་བ་འདི་ལ་ལྷད་ཧ་ཅང་མང་ཆེས་པས་བདག་གིས་མཐོང་བ་ཁོ་ན་ཡང་མི་འདྲ་བ་ལྔ་བཅུར་ཟིན་པ་སྣང་བས་ཡིད་རྟོན་མི་ནུས་པར་སྣང་ལ་ཞེས་དང་། ཡང་ཤོག་གྲངས༦༢༦་༡པདྨ་བཀའ་ཐངགི་གཏེར་འདིར་སྦས་ཞེས་བཤད་པ་རྣམས་ནི་ལྷད་མེད་ཡིན་པར་སྣང་ལ། གཏེར་སྟོན་ལུང་བསྟན་འདི་བར་སྐབས་སུ་ལྷད་སྣ་ཚོགས་བསྲེས་ཏེ་ས་པཎ་ལ་སྐུར་བ་གདབ་པར་འདོད་ནས་རྒྱ་གར་མ་ཕྱིན་ཀུན་སྙིང་ལོ་ཙཱ་ཞེས་ཞེས་སོགས་ལོག་པ་བྲིས་པ་དང་། ལྷའི་བུ་རབ་རྩལ་ལུང་བསྟན་པའི་མདོ་ལས་ཞེས་བར་དུ་ཡིག་ནོར་བྱུང་བ་ཚུན་བྲིས་པས་དཔྱད་མི་བཟོད་ཅིང་གཏེར་མ་ལ་སྐུར་བ་འདེབས་པའི་གཞི་ཆེན་པོར་གྱུར་སྣང་ལ་ཞེས་གསུངས་འདུག་པ་མ་ཟད། དེ་དང་མཚུངས་པར་སྟག་དགེ་མཁན་ཆེན་གུ་རུ་བཀྲ་ཤིས་ཀྱིས་མཛད་པའིསྔ་འགྱུར་ཆོས་འབྱུངལྕགས་དཔར་མའི་ཤོག་གྲངས༣༨༤ནས༣༨༥བར་བཀའ་ཐང་གི་མ་དཔེར་ཡིག་ནོར་བྱུང་ཚུལ་དང་ལེགས་བཅོས་ཀྱི་དགོངས་ཚུལ་ཡང་གསུངས་འདུག་བཀའ་ཐང་འདིའི་སྐོར་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རང་རྣམ་ལྕགས་དཔར་མའི་དེབ་གཉིས་པ་ཤོག་གྲངས༢༦༤ནས༢༦༧བརབཀའ་ཐང་ཤེལ་བྲག་མའིཚིག་དོན་ལ་འགལ་འདུ་ཡོད་པར་འགའ་ཞིག་གིས་དགག་པ་དང་དགག་ལན་བྱུང་བའི་སྐོར་དང་།མདོ་མཛངས་བླུནདངརྦ་བཞེདསོགས་ལོ་རྒྱུས་བྱིངས་དང་མི་མཐུན་པར་སྣང་བས་མཁས་པའི་དབང་པོ་རྣམས་ཀྱིས་དཔྱད་པར་ཞུ།

language:
Tibetan

3. Thupten Phuntsok Dictionary

འདི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་གཙོ་བོར་གསུངས་པ་ཞིག་ཡིན་ཅིང་། ཡར་རྗེ་ཨོ་རྒྱན་གླིང་པ་དང་། སྒོམ་པ་ཤཱཀྱ་བཟང་པོ་གཉིས་ཀྱིས་ཡར་ལུང་ཤེལ་བྲག་གི་བྲག་ཕུག་ནས་གཏེར་དུ་བཞེས་པ་ཞིག་ཡིན་ནོ།

language:
Tibetan