- bka' 'gyur ba mgon po bsod nams mchog ldan/
- ID:
- T5921
- བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན (Tibetan, Tibetan script, Original)
- > bka' 'gyur ba mgon po bsod nams mchog ldan/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kangyur bamgön posö namchonden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གཅུང་འ་ཞ་ནམ་མཁའ་མགོན་པོའི་སྲས་སུ་འཁྲུངས། དགུང་ལོ་བདུན་དུ་ཕེབས་སྐབས་རྗེ་དབང་ཕྱུག་རབ་བརྟན་གྱི་དྲུང་དུ་གཙུག་ཕུད་ཕུལ་བའི་མཚན་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་ཞེས་གསོལ། དགུང་ལོ་བཅོ་ལྔའི་ཐོག་ཡར་ཀླུང་བཀྲ་ཤིས་ཆོས་སྡེའི་ཁྲི་ལ་མངའ་གསོལ། རྗེ་དབང་རབ་པ་རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ངོར་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཐར་རྩེ་ནམ་མཁའ་སངས་རྒྱས། ཤར་པ་ཤེས་རབ་འབྱུང་གནས་སོགས་ལས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན། སྐུ་ཚེའི་རིང་གཙོ་བོར་སྒོམ་སྒྲུབ་ལ་བཞུགས་ཤིང་། ཞར་ལ་སློབ་མ་མང་པོར་དབང་ལུང་ཁྲིད་སོགས་རྒྱ་ཆེར་གནང་ཞིང་། ཏཱ་ལའི་བླ་མ་ལྔ་པ་རིན་པོ་ཆེས་ཀྱང་དམ་པ་འདིའི་དྲུང་ནས་ལུང་ཁྲིད་དབང་སོགས་མང་དུ་གསན། རྣམ་ཐར་ལོ་རྒྱུས་སྐོར། ཏཱ་ལའི་བླ་མ་ལྔ་པ་རིན་པོ་ཆེས་མཛད་པའི《མགོན་པོ་བསོད་ནམས་མཆོག་ལྡན་གྱི་རྣམ་ཐར་ངོ་མཚར་དད་པའི་རླབས་ཕྲེང》དཔར་མ་ཤོག་གྲངས༡༠༢ཡོད་པ། གསུང་འབུམ་པོད[ཉ]པའི་ནང་བཞུགས།
- language:
- Tibetan
3. Thupten Phuntsok Dictionary
རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གཅུང་འ་ཞ་ནམ་མཁའ་མགོན་པོའི་སྲས་སུ་འཁྲུངས། དགུང་ལོ་བདུན་དུ་ཕེབས་སྐབས་རྗེ་དབང་ཕྱུག་རབ་བརྟན་གྱི་དྲུང་དུ་གཙུག་ཕུད་ཕུལ་བའི་མཚན་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་ཞེས་གསོལ། རྣམ་ཐར་ལོ་རྒྱུས་སྐོར་ཏཱ་ལའི་བླ་མ་ལྔ་པ་རིན་པོ་ཆེས་མཛད་པའིམགོན་པོ་བསོད་ནམས་མཆོག་ལྡན་གྱི་རྣམ་ཐར་ངོ་མཚར་དད་པའི་རླབས་ཕྲེང》དཔར་མ་ཤོག་གྲངས་༡༠༢ཡོད་པ། གསུང་འབུམ་པོད[ཉ]པའི་ནང་བཞུགས།
- language:
- Tibetan