- lcags ri ring po/
- ID:
- T54755
- ལྕགས་རི་རིང་པོ (Tibetan, Tibetan script, Original)
- > lcags ri ring po/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > chakri ringpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
དེ་སྔ་བོད་སྐད་ནང་ཁ་རྒྱུན་དུ་རྒྱ་ནག་ལྕགས་རི་ཟེར་བ་དེ་ཡིན་ཅིང་། དེ་ནི་ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ་རྒྱལ་ཕྲན་ཁག་ཕན་ཚུན་འགོག་ཆེད་ཁག་སོ་སོས་ས་བབ་འགག་གནད་ཆེ་སར་ལྕགས་རི་རིང་པོ་བརྩིགས་ཤིང་། རྒྱའི་ལོ་རྒྱུས་ཡིག་ཚགས<<ཙུའོ་ཀྲོན>>(左传)ནང་ཤི་ཀུང(僖公)ལོ་བཞི་པ(སྤྱི་ལོའི་གོང་གི་ལོ༦༥༧)ལོར་ཁྲུའུ་རྒྱལ་ཁབ(楚国)ཀྱིས་ལྕགས་རི་བརྩིགས་ཚུལ་འཁོད་པ་དེ་ནི་ལྕགས་རི་རིང་པོའི་སྐོར་ཡིག་ཐོག་ལོ་རྒྱུས་སྔ་ཤོས་དེ་ཡིན་པ་དང་། ཀྲནགོའི་དུས་སྐབས་སུ་ཆི(齐)དང་། ཁྲུའུ(楚) ཝུས(魏) གཡན(燕) ཀྲའོ(赵) ཆིན(秦) ཀྲུང་ཧྲན (中山)སོགས་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་བཟོ་སྐྲུན་བྱས། ཆིན་ཧྲི་ཧོང་གིས་རྒྱལ་ཕྲན་ཚན་པ་དྲུག་དབང་དུ་བསྡུས་ཏེ་གཅིག་གྱུར་བྱས་རྗེས་བྱང་ཕྱོགས་ཤུང་ནུའུ་སྐུ་དྲག་གི་བཙན་འཛུལ་འགོག་ཆེད་སྤྱི་ལོའི་གོང་གི་༢༡༤ལོར་ཆིན་དང་། ཀྲའོ། གཡན་བཅས་རྒྱལ་ཕྲན་གསུམ་གྱི་བྱང་མཐའི་ལྕགས་རི་རིང་པོ་རྣམས་ཉམས་གསོ་བྱས་ནས་ཁྱོན་མུ་གཅིག་ཏུ་སྦྲེལ་བ་དེ་ནུབ་ལིན་ཀྲའོ(ད་ལྟའི་ཀན་སུའུ་ཞིང་ཆེན་མིན་རྫོང)ནས་བྱང་ངོས་དབྱིན་ཧྲན(阴山)དང་། ཤར་ངོས་ལེའོ་ཏུང(辽东)བར་ལ་ལེ་དབར་ཁྲི་ཡི་ལྕགས་རི་རིང་པོ(万里长城)ཞེས་ད་ལྟའང་གྱང་རོ་མཐོང་རྒྱུ་ཡོད། དེ་རྗེས་ཧན་དང(汉)ཝུས་བྱང་མ། ཆི་བྱང་མ། ཀྲའུ་བྱང་མ(北周) སུས(隋)སོགས་ཀྱི་རྒྱལ་རབས་ཚང་མས་བྱང་ངོས་ཀྱི་ཕྱུགས་རིགས་སྤོ་འཚོའི་མི་རིགས་དང་ས་མཚམས་འཁེལ་སར་ལྕགས་རི་རྒྱག་མྱོང་ཡོད་པ་དང་། མིང་རྒྱལ་རབས་ཀྱི་སྐབས་སུ་རྟཱ་ཏན(鞑靼)དང་ཝ་ཚི(瓦剌)རིགས་ཀྱི་བཙན་འཛུལ་འགོག་ཆེད་ཧུང་ཨུ(洪武)ནས་དབན་ལི(万历)བར་ཏེ༡༣༦༨ལོ་ནས་༡༦༡༩ལོ་ཙམ་བར་ཁྱོན་ལོ་ཉིས་བརྒྱ་ལྔ་བཅུ་ལྷག་ཙམ་ནང་སྔ་རྗེས་སུ་ཉམས་གསོ་ཐེངས་བཅོ་བརྒྱད་ཙམ་བྱས་ཏེ་ནུབ་ངོས་ཀན་སུ་ཞིང་ཆེན་གྱི་ཅཱུ་གཡུང་ཀོན(嘉峪关)ནས་ཤར་ངོས་ཧོ་པེ་ཞིང་ཆེན་གྱི་ཧྲན་ཧའི་ཀོན(山海关)བར་ཡོད་པ་དེར་པན་ཆང(边墙)ཞེས་ཟེར། ཤུན་ཧྭ(宣化)དང་ཏཱ་ཐུང(大同)གྲོང་སྡེ་གཉིས་ཀྱི་ལྷོ་ངོས་ཏེ་གྲེ་རླུ(直隶)དང་ཧྲན་ཤི(山西)ཞིང་ཆེནགཉིས་ཀྱི་ས་མཚམས་སུ་ད་དུང་ལྕགས་རི་ནང་མ་ཡོད་པ་དེར་ཚི་པན(次边)ཞེས་འབོད་པ་ཁྱོན་བསྡོམས་རིང་ཚད་སྤྱི་ཁྲི་དྲུག་སྟོང་བདུན་་བརྒྱ་ཙམ་ཡོད་པ་དེ་དག་ད་བར་སྤྱིར་ན་སྔར་བཞིན་ཉམས་མེད་དུ་གནས་ཡོད་ཅིང་། ལྕགས་རི་རིང་པོ་དེ་ནི་བརྗིད་ཆགས་ཤིང་བལྟ་ན་སྡུག་པ་ཞིག་ཡིན་པ་མ་ཟད། འཛམ་གླིང་ལོ་རྒྱུས་ཐོག་གི་བཟོ་སྐྲུན་རླབས་པོ་ཆེ་ཞིག་ཀྱང་ཡིན། (གོང་གསལ་ནང་དོན་རྣམས་རྒྱ་ཡིག་གི་ཚིག་མཛོད་ཆེ་མོའི(辞海)ཁྲང་ཁྲན(长城)ཞེས་པའི་འགྲེལ་བཤད་གཞིར་བཟུང་བའོ)
- language:
- Tibetan
3. Thupten Phuntsok Dictionary
དེ་སྔ་བོད་སྐད་ནང་ཁ་རྒྱུན་དུ་རྒྱ་ནག་ལྕགས་རི་ཟེར་བ་དེ་ཡིན། དེ་ནི་ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ་རྒྱལ་ཕྲན་ཁག་ཕན་ཚུན་འགོག་ཆེད་ཁག་སོ་སོས་ས་བབ་འགག་གནད་ཆེ་སར་ལྕགས་རི་རིང་པོ་བརྩིགས་སོ། །
- language:
- Tibetan