- dkor sa dge khongs/
- ID:
- T5394
- དཀོར་ས་དགེ་ཁོངས (Tibetan, Tibetan script, Original)
- > dkor sa dge khongs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > korsa gekhong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
དེ་སྔོན་བོད་ས་གནས་སྲིད་གཞུང་བཙུགས་རྗེས་དགོན་སྡེ་ཁག་ནས་རང་ཡུལ་གྱི་ལུང་ཚོ་ཡས་མས་རྣམས་སུ་འབྲོག་ཁུལ་ནས་མར་ཕྱུར་སོགས་དཀར་བསོད་དང་། ཞིང་ཁུལ་དུ་འབྲུ་བསོད་སློང་མཁན་མང་བའི་རྐྱེན་གྱིས་གཞུང་སྒེར་ཆོས་གསུམ་གྱི་མི་སེར་ལ་བརྡབ་གསིག་ཆེ་བ་མ་ཟད། དགོན་པ་ཁག་གཅིག་གི་དགེ་འདུན་པ་སྐུ་རིམ་ལ་འབོད་མཁན་མང་ཞིང་ཁག་གཅིག་ལ་སྐུ་རིམ་དུ་གདན་ཞུ་བྱེད་མི་ལྟ་ཞོག། ལོ་གཅིག་གི་ཐེངས་རེའི་བསོད་སྙོམས་ཀྱང་སྟེར་མཁན་མེད་སྟབས། དགོན་པ་མང་པོ་རྩ་སྟོངས་སུ་འགྲོ་བའི་ཉེན་ཁ་ཡོད་པ་བཅས་སྔོན་འགོག་ཡོང་ཆེད། ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ཕྲེང་ལྔ་པས་མཆོད་གཞིས་དང་མི་སེར་མེད་པའི་དགོན་པ་རྣམས་བསོད་སྙོམས་སློང་ས་དང་། སྐུ་རིམ་འགྲོ་སའི་ས་ཁུལ་གཏན་ཁེལ་དང་། ས་ཁུལ་དེ་ནས་བརྒལ་ཏེ་བསོད་སྙོམས་དང་། སྐུ་རིམ་ལ་འགྲོ་མི་ཆོག་པའི་བཅད་མཚམས་བཟོས་པ་གནང་ཡོད་ཅིང་། བཅད་མཚམས་ས་ཁུལ་དེ་ལ་དཀོར་ས་དགེ་ཁོངས་ཞེས་མིང་འབོད་སྲོལ་ཡོད།
- language:
- Tibetan
3. Thupten Phuntsok Dictionary
དེ་སྔོན་བོད་ས་གནས་སྲིད་གཞུང་བཙུགས་རྗེས་དགོན་སྡེ་ཁག་ནས་རང་ཡུལ་གྱི་ལུང་ཚོ་ཡས་མས་རྣམས་སུ་འབྲོག་ཁུལ་ནས་མར་ཕྱུར་སོགས་དཀར་བསོད་དང་། ཞིང་ཁུལ་དུ་འབྲུ་བསོད་སློང་མཁན་མང་བའི་རྐྱེན་གྱིས་གཞུང་སྒེར་ཆོས་གསུམ་གྱི་མི་སེར་ལ་བརྡབ་གསིག་ཆེ་བ་མ་ཟད། དགོན་པ་གཅིག་གི་དགེ་འདུན་པ་སྐུ་རིམ་ལ་འབོད་མཁན་མང་ཞིང་ཁག་གཅིག་ལ་སྐུ་རིམ་དུ་གདན་ཞུ་བྱེད་མི་ལྟ་ཞོག ལོ་གཅིག་གི་ཐེངས་རེའི་བསོད་སྙོམས་ཀྱང་སྟེར་མཁན་མེད་སྟབས། དགོན་པ་མང་པོ་རྩ་སྟོངས་སུ་འགྲོ་བའི་ཉེན་ཁ་ཡོད་པ་བཅས་སྔོན་འགོག་ཡོང་ཆེད། ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ཕྲེང་ལྔ་པས་མཆོད་གཞིས་དང་མི་སེར་མེད་པའི་དགོན་པ་རྣམས་བསོད་སྙོམས་སློང་ས་དང་། སྐུ་རིམ་འགྲོ་སའི་ས་ཁུལ་གཏན་ཁེལ་དང་། ས་ཁུལ་དེ་ནས་བརྒལ་ཏེ་བསོད་སྙོམས་དང་། སྐུ་རིམ་ལ་འགྲོ་མི་ཆོག་པའི་བཅད་མཚམས་བཟོས་པ་གནང་ཡོད་ཅིང་། བཅད་མཚམས་ས་ཁུལ་དེ་ལ་དཀོར་ས་དགེ་ཁོངས་ཞེས་མིང་འབོད་སྲོལ་ཡོད།
- language:
- Tibetan