Skip to main content Skip to search
dkon mchog rgyal po/
ID:
T5270
  • དཀོན་མཆོག་རྒྱལ་པོ (Tibetan, Tibetan script, Original)
    • > dkon mchog rgyal po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > könchok gyelpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

n of person

language:
English

2. Ives Waldo Dictionary

king of the three jewels

language:
English

3. dung dkar bod rig pa'i tshig mdzod chen mo

འཁོན་དཀོན་མཆོག་རྒྱལ་པོ། རབ་བྱུང་དང་པོའི་ཤིང་ཁྱི(༡༠༣༤)ནས་རབ་བྱུང་གཉིས་པའི་ཆུ་རྟ(༡༡༠༢)ལོ་འཁོན་ཤཱཀྱ་བློ་གྲོས་ལ་སྲས་གཉིས་བྱུང་བའི་ཆུང་བ་ཡིན། ཐོག་མར་གསང་སྔགས་རྙིང་མ་ལ༌མཁས་པར་སྦྱངས་ཤིང་། རྗེས་སུ་གསང་སྔགས་གསར་མ་ལ་སྦྱངས། རྨ་ལོ་ཙཱ་བ་དང་། བ་རི་ལོ་ཙཱ་བ། པུ་ཧྲང་ལོ༌ཙཱ་བ། གནམ་ཁའུ་པ་སོགས་བླ་མ་མཁས་པ་མང་དུ་བསྟེན། དབོན་པོ་རི་གླང་པོ་ཆེ་ཉལ་བ་འདྲ་བའི་མཁལ་ཁུང་གཡས༌པའི་ཐད་དུ་ས་དཀར་ཞིང་སྣུམ་པ་དང་། ཆུ་བོ་གཡས་སུ་འབབ་པ་སོགས་ས་བཟང་བར་གཟིགས་ཏེ་དེར་དགོན་པ་ཞིག་འདེབས་པར་དགོངས་ནས་ས་ཆ་སྤྱིའི་བདག་པོ་ཇོ་བོ་གདོང་ནག་པ་ལ་གནང་བ་ཞུས། སྒོས་ཀྱི་བདག་པོ་ཞང་ཞུང་གུ་ར་བ་དང་། བན་དེ་གྲོང་བཞི། ལྷ་མི་གྲོང་བདུན་ཟེར་བ་དེ་རྣམས་རྟ་རྒོད་མ་དཀར་མོ་གཅིག་དང་། ནོར་བུའི་ཕྲེང་བ། མོ་གོས་གཅིག་ལ་སོགས་པ་གནང་ནས་ས་ཆ་དེ་ཉོས་ཏེ་རབ་བྱུང་དང་པོའི་ཆུ་གླང(༡༠༧༣)ལོར་ས་སྐྱའི་དགོན་པ་བཏབ། ལྕམ་གཉིས་ཡོད་པ་སྔ་མ་ལ་སྲས་མ་བྱུང་། རྗེས་སུ་མ་གཅིག་ཞང་མོ་ཟེར་བ་ཁབ་ཏུ་བཞེས་པས་སྲས་ཆེན་ཀུན་དགའ་སྙིང་པོ་འཁྲུངས། དགུང་ལོ་དྲུག་ཅུ་རེ་དགུ་ལ་སྒོ་རུམ་དུ་སྐུ་གཤེགས། བླ་མ་འདིའི་རྣམ་ཐར་ལོ་རྒྱུས་རྒྱས་པ་བདག་ཆེན་ཨ་མེས་ཞབས་ཀྱིས་མཛད་པའིས་སྐྱའི་གདུང་རབས་རིན་ཆེན་བང་མཛོདསྡེ་དགེ་དཔར་མའི་ཤོག་གྲངས༩ནས༡༣བར་གསལ།

language:
Tibetan

4. Thupten Phuntsok Dictionary

འཁོན་དཀོན་མཆོག་རྒྱལ་པོ། རབ་བྱུང་དང་པོའི་ཤིང་ཁྱི (༡༠༣༤) ནས་རབ་བྱུང་གཉིས་པའི་ཆུ་རྟ (༡༡༠༢) ལོ་འཁོན་ཤཱཀྱ་བློ་གྲོས་ལ་སྲས་གཉིས་བྱུང་བའི་ཆུང་བ་ཡིན། ཐོག་མར་གསང་སྔགས་རྙིང་མ་ལ་མཁས་པར་སྦྱངས་ཤིང་། རྗེས་སུ་གསང་སྔགས་གསར་མ་ལ་སྦྱངས། རྨ་ལོ་ཙཱ་བ་དང་། བ་རི་ལོ་ཙཱ་བ། པུ་ཧྲང་ལོ་ཙཱ་བ། གནམ་ཁའུ་པ་སོགས་བླ་མ་མཁས་པ་མང་དུ་བསྟེན། རབ་བྱུང་དང་པའི་ཆུ་གླང (༡༠༧༣) ལོར་ས་སྐྱའི་དགོན་པ་བཏབ། ལྕམ་གཉིས་ཡོད་པ་སྔ་མ་ལ་སྲས་མ་བྱུང་། རྗེས་སུ་མ་གཅིག་ཞང་མོ་ཟེར་བ་ཁབ་ཏུ་བཞེས་པས་སྲས་ས་ཆེན་ཀུན་དགའ་སྙིང་པོ་འཁྲུངས། དགུང་ལོ་དྲུག་བཅུ་རེ་དགུ་ལ་སྒོ་རུམ་དུ་སྐུ་གཤེགས།

language:
Tibetan